Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མི་རིགས་ཞིག་ཟུར་དུ་འཚོ་དགོས་ན་མི་རིགས་དེའི་ཕ་མེས་ནས་བརྒྱུད་པའི་ཆོས་དང་རིག་གཞུང་སྐད་ཡིག་སོགས་མ་ཉམས་རྒྱུན་འཛིན་དགོས་པ་དེ་གལ་ཆེའི་ནང་གི་གལ་ཆེན་ངོ་མ་དེ་ཡིན་པའི་ངོས་འའཛིན་ཞུ་གི་ཡོད།

Posted on 2022-07-22 By ཁ་བརྡ No Comments on མི་རིགས་ཞིག་ཟུར་དུ་འཚོ་དགོས་ན་མི་རིགས་དེའི་ཕ་མེས་ནས་བརྒྱུད་པའི་ཆོས་དང་རིག་གཞུང་སྐད་ཡིག་སོགས་མ་ཉམས་རྒྱུན་འཛིན་དགོས་པ་དེ་གལ་ཆེའི་ནང་གི་གལ་ཆེན་ངོ་མ་དེ་ཡིན་པའི་ངོས་འའཛིན་ཞུ་གི་ཡོད།

གཞུང་པ་ཚེ་དབང་བསོད་ནམས།

སའི་གོ་ལ་འདིའི་སྒང་དུ་འཚོ་བའི་མི་གི་སྤྱི་ཚོགས་ག་འདྲ་ཞིག་ཡིན་ཀྱང་སྤྱི་ཚོགས་དེ་འཚོོ་གནས་ཐུབ་པ་ལ་སྐད་དང་ཡིག་གེ།   ཆོས་དང་རིག་གཞུང་བརྒྱུད་ནས་སྤྱི་ཚོགས་འཚོ་དགོས་པ་ལས་སྐད་ཡིག་དང་རིག་གཞུང་ལ་མ་བསྟེན་ནས་སྤྱི་ཚོགས་ཞིག་ཟུར་དུ་ནམ་ཡང་འཚོ་མི་ཐུབ་པ་དང་།   དེང་སྐབས་ནུབ་ཕྱོགས་ལུང་པ་མང་པོའི་ནང་མི་རིགས་འདྲེས་ནས་དེ་སྔའི་སོ་སོའི་ཕ་མེས་ནས་བརྒྱུད་པའི་སྐད་དང་ཡིག་གེ་རིག་གཞུང་སོགས་བཀོལ་སྤྱོད་བྱེད་སའི་འཁོར་ཡུག་མེད་པ་ནས་མངོན་གསལ་དོད་པོའི་ངང་ནས་ཡལ་འགྲོ་པ་མ་ཟད་ནམ་ཞིག་མི་རིགས་ཀྱི་ངོ་བོ་ཡང་ཡལ་རྒྱུ་ཡིན་པ་ནི་ད་ལྟའི་མི་རིགས་མཉམ་འདྲེས་ཀྱི་གནས་བབས་ནས་ང་ཚོའི་མཐོང་ཐུབ་པ་དང་ཤེས་ཐུབ་པ་ཞིག་མ་རེད་དམ།    མི་རིགས་ཞིག་ཟུར་དུ་འཚོ་དགོས་ན་དང་པོ་མི་རིགས་སྲུང་སྐྱོབས་ཀྱི་ལས་འགུལ་དེ་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབས་ཀྱི་ལས་འགུལ་ལས་བརྒྱ་འགྱུར་སྟོང་འགྱུར་གྱི་གལ་ཆེར་རྩིས་ནས་སྔོན་ཐོན་བྱ་དགོས་པ་ནི་གལ་ཆེའི་ནང་གི་གལ་ཆེན་ཞིག་ཡིན་པ་དང་།   མི་རིགས་སྲུང་སྐྱོབས་ཀྱི་ལས་འགུལ་དེ་སྔོན་དུ་ཕྱིན་ནས་

སྐད་ཡིག་དང་རིག་གཞུང་སྲུང་སྐྱོབས་ཀྱི་ལས་འགུལ་དེ་རྗེས་ནས་འགྲོ་དགོས་པ་ནི་མི་རིགས་ཞིག་ཟུར་དུ་འཚོ་གནས་ཐུབ་པའི་ཐབས་ལམ་བཟང་ཤོས་དེ ཡིན་པ་དང་།    མི་རིགས་ཞིག་ཟུར་དུ་འཚོ་ཐུབ་དང་མ་ཐུབ་དེ་མི་རིགས་དེའི་སྐད་ཡིག་དང་རིག་གཞུང་ལ་རག་ལས་པ་དང་།  ལྷག་པར་དུ་ང་རང་ཚོ་བོད་མི་རིགས་འདི་ཐོག་མ་ནས་མི་འབོར་ཉུང་བའི་མི་རིགས་ཞིག་ཡིན་པ་དང་སྤྱི་ལོ་ ༡༩༥༩  ལོར་རྒྱ་མིའི་བོད་ལ་བཙན་གནོན་གྱིས་ད་ལྟའི་ཆ་ལ་བོད་མི་གཞིས་བྱེས་གཉིས་ལ་གནས་ཡོད་པ་ནས་བོད་ནང་ཡོད་པའི་བོད་མི་ཚོ་རྒྱ་མིའི་བཙན་དབང་འོག་ཕ་མེས་ཀྱི་སྐད་ཡིག་དང་རིག་གཞུང་སོགས་བེད་སྤྱོད་བྱེད་སའི་འཁོར་ཡུག་མེད་པ་ནས་བོད་མིའི་སྐད་དང་ཡིག་གེ་རིག་གཞུང་སོགས་འཛམ་གླིང་མི་མང་གི་མདུན་མངོན་གསལ་དོད་པོའི་ངང་ཉམས་ཆགས་འགྲོ་བཞིན་པ་དང་།  ང་ཚོ་བཙན་བྱོལ་དུ་ཡོད་པའི་བོད་མི་ཚོ་རང་དབང་ལུང་པའི་ནང་སོ་སོའི་ཆོས་དང་རིག་གཞུང་སྐད་ཡིག་སོགས་༸གོང་ས་མཆོག་གི་བཀའ་དྲིན་ཉག་ཅིག་ལ་བརྟེན་ནས་ད་ལྟ་བར་མི་ལོ་དྲུག་བཅུ་ལྷག་ཙམ་རིང་མི་སྨོན་རང་སྐྱིད་དུ་གནས་ཐུབ་ཡོད་ན་ཡང་དེང་སྐབས་གཞིས་ཆགས་ནང་གཞིས་མི་ཉུང་དུ་འགྲོ་བཞིན་པ་དང་སློབ་གྲའི་ནང་སློབ་ཕྲུག་ཉུང་དུ་འགྲོ་བཞིན་པ་དང་ཆོས་སྒར་ཁག་ནང་གྲ་བརྩུན་གསར་པ་འཛུལ་མཁན་ཉུང་དུ་འགྲོ་བཞིན་པ་འདི་དག་ལ་དཔྱད་པ་བྱས་ཚེ་བཙན་བྱོལ་སྤྱི་ཚོགས་ནང་ཡོད་པའི་མི་འབོར་གྱི་བརྒྱ་ཆ་བཞི་བཅུ་ཙམ་ནུབ་ཕྱོགས་ལུང་པའི་ནང་ཁྱིམ་ཚང་སྒེར་གྱི་ལྟོ་གོས་ཚོལ་སྒྲུབ་ལ་བརྩོན་བཞིན་པ་ནས་སོ་སོའི་ཕ་མེས་ནས་བརྒྱུད་པའི་ཆོས་དང་རིག་གཞུང་སྐད་ཡིག་སོགས་ལ་སྣང་མེད་ཤོར་ནས་ལུང་པ་དེའི་སྐད་ཡིག་དང་རིག་གཞུང་ལ་གོམས་འདྲིས་བརྒྱུད་ནས་སོ་སོའི་ཕ་མེས་ཀྱི་སྐད་ཡིག་དང་རིག་གཞུང་ལ་ཉམས་ཆགས་ཆེན་པོ་འགྲོ་བཞིན་པ་སོགས་ལ་བལྟས་ཚེ་ང་ཚོའི་ཕ་མེས་ནས་བརྒྱུད་པའི་ཆོས་དང་རིག་གཞུང་སྐད་ཡིག་སོགས་ཧ་ཅང་གི་ཉེན་ཁའི་ནང་ཡོད་པ་ནས་གལ་ཆེ་ཤོས་དེ་རྒྱ་བལ་འབྲུག་གསུམ་ནང་ཡོད་པའི་ད་ལྟའི་གཞིས་ཆགས་ཁག་གིས་གཞིས་མི་ཚོའི་འཚོ་བའི་མདུན་ལམ་དེ་གཞིས་ཆགས་དེ་གའི་ནང་ནས་འཚོ་ཐུབ་པའི་འགན་དེ་དབུས་བོད་མིའི་སྒྲིག་འཛུགས་དབུས་ས་གཉིས་ནས་བཞེས་ནས་གཞིས་མི་རྣམས་ཕྱིའི་རྒྱལ་ཁབ་ནང་བོད་མི་ཁྱིམ་ཚང་རེ་ཙམ་གཉིས་ཙམ་བྱས་ནས་འཚོ་བ་སྐྱེལ་མ་དགོས་པ་གཞིས་ཆགས་རང་དུ་འཚོ་བ་སྐྱེལ་སའི་འཁོར་ཡུག་བསྐྲུན་ནས་ཡོང་འབབ་ལས་གཞི་ཁྱིམ་ཚང་སོ་སོ་ནས་བཟོོ་ལས་ཆུང་ཙག་རིགས་སྤེལ་ཐུབ་ན་བོད་མི་རིགས་སྲུངས་སྐྱོབས་ཐུབ་ནས་སོ་སོའི་ཕ་མེས་ནས་བརྒྱུད་པའི་ཆོས་དང་རིག་གཞུང་སྐད་ཡིག་སོགས་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོ་ཐུབ་ནས་རྒྱུན་གནས་ཐུབ་དགོས་པ་ལས་ད་ལྟའི་བཙན་བྱོལ་སྤྱི་ཚོགས་ཀྱི་གནས་སྟངས་ལ་བལྟས་ཚེ་ནམ་ཞིག་ང་ཚོའི་ཆོས་དང་རིག་གཞུང་སྐད་ཡིག་སོགས འགྲེམས་སྟོན་ཁང་ནང་ངོ་སྤྲོད་བྱ་དགོས་པའི་ཚོང་ལས་ཀྱི་ངོ་བོར་ལྷག་མི་སྲིད་པའི་ངེས་པ་མེད་ན་བསམ་ཡོད་བོད་མི་ཚང་ནས་རྣོ་བསམ་ཞིབ་ཏུ་བཏོང་དགོས་པའི་དུས་ལ་བབ་མི་འདུག་གམ།

ཀོ་ལི་གྷལ་གཞིས་ཆགས་གཞུང་པ་ཚེ་དབང་བསོད་ནམས་ནས་སྤྱི་ལོ་  ༢་༠༢༢  སྤྱི་ཟླ་  ༧  པའི་ཚེས་  ༢༠   ཉིན་རང་ཁྱིམ་དུ་ཟིན་བྲིས་དུ་བཏབ། 

བསམ་ཚུལ།

Post navigation

Previous Post: ཀ་མད་ལུགས་འབྱུང་ལུགས་ལྡོག་མ།
Next Post: གཡག་ལ་འོ་མ་ཡོད་མེད་བཤད་པ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme