Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྫ་ཚེ་རིང་བཀྲ་ཤིས་ཀྱི་སྙན་ངག་གསར་ཤོས། 《ཞེན་པའི་ཕྱི་མིག 》

Posted on 2022-07-02 By ཁ་བརྡ No Comments on རྫ་ཚེ་རིང་བཀྲ་ཤིས་ཀྱི་སྙན་ངག་གསར་ཤོས། 《ཞེན་པའི་ཕྱི་མིག 》

སངས་རྒྱས་ལ་ཕྱག་འཚལ་ལོ། །

ལོ་གསུམ་མིག་འཕྲུལ་བཞིན་དུ་ཡུད་ཀྱིས་ཐལ། །
ཏོག་དབྱིབས་ཁོ་ནས་ལོ་གཉིས་ཁྱུར་མིད་བྱས། །
མདོར་ན་ཇ་ཡུན་ཙམ་ཡང་མ་འགོར་བར། །
སྔར་གྱི་གནས་དེར་ཡང་བསྐྱར་ཐེངས་གཅིག་བསླེབས། །

ཐྲ་སིས(Tasmania)ཡུལ་ལ་འགྱུར་ལྡོག་ཆེར་མི་སྣང་། །
རི་བོ་ཝོའུ་ལན་ཁྲན་(Mount Wellington)ཡང་སྔར་བཞིན་ཏེ། །
ཆུ་དང་སྤང་ལྗོངས་ནགས་ཀྱི་ལྗོན་པ་ཀུན། །
ཤིན་ཏུ་བབ་རླིངས་བརྟན་གསུམ་ལྡན་པར་མཆིས། །

ས་ལ་མན་གྷ(Salamanca Market)འི་སྤེན་པའི་ཁྲོམ་འདུས་ནས། །
ཧོ་བྷ(Hobart)འི་དཀྱིལ་གྱི་ཉི་མའི་ཁྲོམ་རའི་བར། །
སྦྲང་རྩི་ཚོད་མ་སྲན་འདག་པག་ལེབ་སོགས། །
སླད་མེད་ཐོན་རྫས་ཡོད་ཚད་སྔར་བཞིན་གདའ། །

འོན་ཀྱང་ཆ་རྒྱུས་ཟབ་པའི་ཁོར་ཡུག་དེར། །
འགྱུར་བའི་ཆོས་ཉིད་འགའ་ཡང་མངོན་པ་སྟེ། །
གནས་པོ་ཨ་ལན་དགའ་མོས་བསྐྱུར་བ་མཐོང་། །
ད་ལྟ་ཁོ་རང་གཅིག་པུར་བསྡད་པ་མཐོང་། །

གྲོགས་མོ་ཁོ་ཁོ་མི་སེར་ཆགས་པ་མཐོང་། །
མ་ཟད་ཆང་ས་རྒྱག་གྲབ་ཡོད་པ་མཐོང་། །
སློབ་མ་ཧཱ་ན་མཛེས་སུ་ཕྱིན་པ་མཐོང་། །
མ་ཟད་བློ་སྤོབས་ཆེ་རུ་སོང་བ་མཐོང་། །

ད་དུང་སྔར་ཡོད་ཚོང་ཁང་ཟ་ཁང་འགའ། །
ངོ་བོ་རྣམ་པ་ཅི་རིགས་འགྱུར་བ་མཐོང་། །
ཕིས་ཟ་ཞིམ་པོ་ཡོད་པའི་ཟ་ཁང་ཞིག །
སྒོ་ཐེལ་བརྒྱབ་ནས་བཙོང་རྒྱུར་བཞག་པ་མཐོང་། །

ཁོ་བོ་ལོ་གཅིག་དེ་རུ་བསྡད་པའི་སྐབས། །
གྲུ་ཁ་གན་ནས་རྒྱང་བལྟས་བྱས་པ་ཡོད། །
མཚོ་འགྲམ་དེ་ནས་འཚིག་ཇ་འཐུང་བ་ཡོད། །
ཚོང་འདུས་འདི་ནས་ཚོད་མ་ཉོས་པ་ཡོད། །

ནགས་ཀྱི་གསེབ་ཏུ་ཏིང་འཛིན་བསྒོམས་པ་ཡོད། །
འབབ་ཆུའི་བརྒྱུད་ནས་མགུར་ཆུང་བླངས་པ་ཡོད། །
ཕྱི་མ་རེད་བཞིན་ནགས་ཀྱི་ལམ་ཕྲན་ནས། །
ཆོས་དབྱིངས་མཛོད་ཀྱི་རྩ་བ་བཏོན་པ་ཡོད། །

སྐབས་རེ་རོང་ཟོམ་དྲན་བཞིན་གསོལ་བ་བཏབ། །
ཐེངས་རེ་གནུབས་ཆེན་དྲན་བཞིན་གདུང་བས་བོས། །
དེ་མིན་འགྲོ་འཆག་ཉལ་འདུག་མང་ཞིག་ལ། །
སྨྲ་བའི་སེང་གེའི་རྣལ་འབྱོར་བསྒོམས་པ་ཡོད། །

ཁྱད་པར་ཝོའུ་ལན་ཁྲན་གྱི་རི་མགུལ་ནས། །
བསམ་གཏན་རྒན་པོ་ཞིག་དང་ཐོལ་གྱིས་མཇལ། །
དམ་ཆོས་རིན་ཆེན་ཐེག་མཆོག་སྟེགས་བུའི་མདོ། །
ལྷག་ཆད་ནོར་གསུམ་བྲལ་བར་བོད་དུ་བསྒྱུར། །

ཁ་བ་མཐོང་ནས་ཕ་ཡུལ་དྲན་གླུ་བླངས། །
མཛེས་མ་དྲན་ནས་སྙན་ངག་ཐ་ཚིག་བྲིས། །
དེ་སོགས་རྟོག་པའི་སྤྲོ་བསྡུ་སྣ་ཚོགས་ཀྱང་། །
ཟླ་བ་བཅུ་གཉིས་དེ་ཡི་ཆ་ཤས་ཡིན། །

མི་ཡི་སྔུན་སོར་དམ་བཅའ་ཤོར་བ་གཅིག །
རང་གི་སེམས་སུ་དམ་བཅའ་བཞག་པ་གཉིས། །
འགལ་འདུའི་སྤྱི་ཚོགས་གདོང་གིས་བསུས་པ་གསུམ། །
འདི་ནས་ཡང་བསྐྱར་ལམ་ལ་ཆས་པ་ཡིན། །

ཏོག་དབྱིབས་རྗེས་ཀྱི་རྒྱང་བཞུད་དང་པོ་དེ། །
དེ་ལྟར་སྔར་གྱི་གནས་དེར་ཁྱུག་ཙམ་ཕྱིན། །
དྲན་པའི་ཡུལ་ལ་ཞེན་པའི་ཕྱི་མིག་བལྟས། །
སྒྱུ་མའི་མཐོང་སྣང་སྙན་ངག་རིས་སུ་ཕབ། །

ཐྲ་སི་མ་ནེ་ཡ་ནས་ཚུར་རི་སྔོན་པོར་འབྱོར་འཕྲལ་འགྲུལ་བཞུད་ཟིན་བྲིས་ཤིག་གི་ཚབ་ཙམ་དུ་རྫ་ཚེ་རིང་བཀྲ་ཤིས་ཀྱིས(2022/6/28)ཉིན་་བྲིས་པའོ།།

སྙན་ངག

Post navigation

Previous Post: བྱང་ཨ་རིའི་མདོ་སྨད་ས་གནས་རྒྱུན་ལས་ཀྱིས་དམིགས་བསལ་འཁྲུངས་སྐར་རྒྱས་པ་གོ་སྒྲིག་གནང་བའི་མཛད་སྒོའི་ཐོག་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གིས་གནང་བའི་གསུང་བཤད།
Next Post: ཉི་མར་བླངས་པའི་གླུ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme