Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དྲི་བ་དང་གོ་བ།

Posted on 2022-05-08 By ཁ་བརྡ No Comments on དྲི་བ་དང་གོ་བ།

སྒང་པ་དགེ་ལེགས།

ང་ཚོའི་སྤྱི་ཚོགས་ཆུང་ཆུང་འདིར་མང་གཙོའི་ཁེ་དབང་ཇེ་ཆེར་སོང་བ་ནས་མི་རེ་རེའི་སྤུ་མདོག་གི་ཁྱད་པར་ཇེ་ཆེར་སོང་ཞིང་། སྤུ་མདོག་རེ་རེའི་ཕག་ན་ཀླད་རྒྱ་ཆེ་ཆུང་དང་རྣ་བའི་སྲབ་མཐུག བསམ་པའི་དཀར་ནག་དང་མིག་གི་ཆུམ་ཚད་སོགས་ཕྱོགས་མང་པོ་ཞིག་ནས་མི་འདྲ་བའི་བར་ཁྱད་ཀྱི་རྒྱང་ཐག་མངོན་གསལ་ཇེ་ཆེར་ཕྱིན། མཐོ་ས་ནས་ཁྲིམས་བཟོ་ལྷན་ཁང་གི་ཁྲིམས་བཟོ་བའི་ཁྲོད་ཀྱི་རྒྱལ་ཁབ་དང་སྒྲིག་འཛུགས་ཀྱི་ འཆིང་ཐག་དང་ཀ་བ་ལྟ་བུའི་ཁྲིམས་ལ་རྨོངས་བ་དང་ཁྲིམས་ལ་མི་བརྩི་བའི་གཏུམ་སྤྱོད། དམའ་ས་ནས་ཐབ་ཚང་དང་གསང་སྤྱོད་གཙང་བཟོའི་ཆེད་ལས་པ་ཚོའི་ཁྲོད་ཀྱི་སྤྱི་བའི་སྟོབས་ཤུགས་ཀྱི་གཞི་རྩ་ལ་ཅི་མི་སྙམ་པར། ཞེན་ཁོག་ཡན་གར་བའི་ཆེད་དུ་ཤེས་བཞིན་དུག་འཐུང་གིས་གཏམ་ཡན་གྱི་རྗེས་སུ་འུར་ཞོགས་དང་ཟིང་སློང་གི་རྩིང་སྤྱོད་ལ་ཤ་ཐང་རུས་ཐང་དུ་འབད་པའི་སྨྱོ་སྤྱོད་སོགས། རང་ཉིད་རྨོངས་པའམ་ཡང་ན་ཁེ་ཕན་བྱེ་བྲག་པའི་ཆེད་དུ་གོང་བུའི་ནུས་པ་ལ་གས་ཁ་གཏོད་ཅི་ཐུབ་བྱེད་པའི་བྱ་སྤྱོད་ཀྱིས། གནས་ལུགས་འདི་འདྲ་ཞིག་ཀྱང་གསལ་འདེབས་བྱེད་བཞིན་མེད་དམ་སྙམ་སྟེ། མང་གཙོའི་ལམ་ལུགས་འདི་དོར་མ་ཞིག་ཡིན་པའི་དབང་དུ་བཏང་ན་ང་ཚོ་ལ་རིང་དྲགས་ཏེ་གོམ་པ་སྤོ་མི་ཐུབ་ཅིང་། གོམ་པ་སྤོས་ན་ཐང་ལ་འགྱེལ་ནས་ཁ་ཆག་སྣ་རལ་དུ་འགྱུར་འགྲོ་བ་དང་། ཞྭ་མོ་ཞིག་ཡིན་པའི་དབང་དུ་བཏང་ན་ང་ཚོ་ལ་ཆེ་དྲགས་ཏེ་ཡ་ཐོད་བཀབ་ནས་མིག་མདུན་མཐོང་མི་ཐུབ་ཅིང་། མདུན་དུ་བསྐྱོད་ན་གཡང་ལ་ལྷུང་ནས་ཤ་ཉོག་རུས་ཉོག་ཏུ་གཏོང་སྲིད་པ་ནི་གཏན་ཚིགས་མང་པོ་མི་དགོས་པར་ད་ལྟའི་མཐོང་སྣང་འདི་ཁོ་ནས་ཀྱང་བདེན་དཔང་བྱེད་ཐུབ།

གནའ་སྔ་མོའི་བྲན་གཡོག་གི་ལམ་ལུགས་ལས་གློ་བུར་ཐོག་རྒྱག་ཏུ་ཐོབ་ཐང་འདྲ་མཉམ་གྱི་ལམ་ལུགས་སུ་ཐོད་བརྒལ་བྱས་པའི་ཞོར་སྐྱོན་གྱིས། བྲན་གཡོག་གི་སྣང་བ་ལ་ཚད་ལས་བརྒལ་བའི་འཁྲུལ་སྣང་གི་བཅིང་གྲོལ་བྱུང་སྟེ། སྤྱི་བའི་གོམ་པ་རེ་རེ་ཡང་རང་ཉིད་ཀྱི་འདོད་པ་དང་ཡོངས་སུ་མཐུན་དགོས་ཤིང་། རང་གི་དགའ་ཕྱོགས་ཀྱིས་བཅའ་ཁྲིམས་ཡོངས་སུ་ཟིལ་གྱིས་གནོན་དགོས་པའི་སྒེར་གཙོ་དང་སྒེར་གཅོད་ཀྱི་ལྟ་བའི་དབང་དུ་སོང་བ་རེད། དེ་ཡང་ཕྱོགས་གཅིག་ནས་ཁག་མི་འདུག་སྟེ། སྔ་མོའི་དུས་སུ་ཁོ་ཅག་གཉའ་གནོན་གྱི་འོག་ཏུ་སྡོད་ཡུན་རིང་དྲགས་པ་དང་། མི་རབས་ནས་མི་རབས་བརྒྱུད་དེ་རྣ་བར་བཅུག་བཅུག་པའི་ཡིད་སྐྱོའི་གཏམ་རྒྱུད་དེ་དག་གིས་སྙིང་ལ་ཡལ་དཀའ་བའི་ན་ཟུག་བཟོད་དཀའ་ཞིག་བཞག ནམ་ཞིག་གི་ཚེ་བྲན་གཡོག་དང་དཔོན་པོའི་དབང་ཐང་འདྲ་མཉམ་དུ་གྱུར་བ་ན། ཁོ་ཅག་གིས་འདི་ནི་སྔོ་ནག་ཏུ་གྱུར་བའི་སྙིང་གི་རྨ་ཁ་གསོ་བའི་གོ་སྐབས་ཤིག་ཏུ་བསམ་ནས། བཅའ་ཁྲིམས་དང་གནས་ལུགས་སོགས་གཏིང་བརྗེད་དུ་གྱུར་ཅིང་། ཐོབ་ཐང་མ་གཏོགས་འགན་ཁུར་གྱི་འདུ་ཤེས་རྩ་བ་ནས་བོར་སོང་བ་རེད།

ཁོ་ཚོར་གནས་ལུགས་ལ་ཉན་ཤེས་པའི་རྣམ་དཔྱོད་མེད་པ་མིན་རུང་གནས་ལུགས་ལ་ཉན་འདོད་པའི་ཀུན་སློང་མེད་པས། ངོ་སྤྲོད་མཁན་ཚོས་ལྕེ་རྐན་གྱི་རྩོལ་བ་བསྐལ་བའི་བར་དུ་བྱས་རུང་དྲི་བ་མིན་པའི་དྲི་བ་དེ་དག་ནམ་ཡང་མཚམས་མི་འཇོག དེ་ནི་དྲི་བ་ཟབ་དྲགས་པས་ལན་མ་ཐེབས་པ་མ་ཡིན་གྱི། འདྲི་བ་པོའི་ཀུན་སློང་ཁ་སྤུབ་ཡིན་པས་ངལ་བ་འབྲས་མེད་དུ་འགྱུར་འགྲོ། ཞིབ་ཏུ་བསམ་ན་འདྲི་བ་པོ་མ་ཡིན་པའི་འདྲི་བ་པོ་འདི་ཚོར་ལན་སློག་རྒྱུའི་བརྩོན་པ་བསྐྱེད་པ་ནི་བླུན་པོའི་བྱ་སྤྱོད་ཅིག་ཏུ་མཐོང་ན་ཡང་། འདྲ་མཉམ་གྱི་ལམ་ལུགས་འདིའི་ཁྲོད་ན་ཀུན་སློང་ཅི་ཡིན་དང་དྲི་བ་ཡིན་མིན་ལ་མ་ལྟོས་པར་ཡོད་ཚད་ལ་ལན་འདེབས་པ་ནི་བརྩི་བཀུར་བྱེད་སྟངས་ཤིག་ཏུའང་ངོས་འཛིན་དགོས་པ་རེད། དེས་ན་འདྲི་བ་པོ་དང་ལན་སློག་པ་པོའི་བར་གྱི་འབྲེལ་བ་འདི་ནི་འདོད་པ་ཡོད་མེད་ཅི་ལྟར་རུང་ཐོད་བརྒལ་མང་གཙོའི་ལམ་ལུགས་ཀྱི་སྤྱི་ཚོགས་འདིའི་ཁྲོད་དུ་ད་དུང་ཡང་དེ་ལྟར་གནས་དགོས་པ་ནི་སུས་ཀྱང་བཅོས་མི་ཐུབ་པའི་བརྒྱུད་རིམ་ཞིག་རེད།

འོ་ན་ང་ཚོ་ལ་བྱ་ཐབས་གཞན་གང་ཡང་མེད་དམ་ཟེར་ན་དེ་ཡང་མ་ཡིན་ཏེ། ང་ཚོས་ལྷག་པའི་ལྷ་ལ་རང་དབང་དང་མང་གཙོ་འདྲ་མཉམ་སོགས་ཀྱི་ཁེ་དབང་ལ་ལོངས་སུ་སྤྱོད་བཞིན་པ་ཚོར། ཐོབ་ཐབ་དེ་དག་དང་འབྲེལ་བའི་འགན་འཁུར་གྱི་སྙིང་སྟོབས་དང་འདུ་ཤེས་ཀྱི་དངོས་གྲུབ་སྩོལ་བའི་གསོལ་འདེབས་ཤུགས་དྲག་འདེབས་ཆོག་པ་ཡིན་ནོ།

བསམ་ཚུལ།

Post navigation

Previous Post: པ་ཀི་སི་ཐན་གྱི་ངར་ལྕགས་སྲས་མོ།
Next Post: དེང་སྐབས་མི་མང་གི་གླུ་གཞས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme