Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

འཆི་གསོན་བར་གྱི་འབྲེལ་བ། (གཉིས་པ།)

Posted on 2022-03-31 By ཁ་བརྡ 4 Comments on འཆི་གསོན་བར་གྱི་འབྲེལ་བ། (གཉིས་པ།)

ཡི་གེ་པ་མི་གསོན་པོ།

ངས་དགའ་སྤྲོ་དང་དངངས་འཚབ་འདྲེས་མའི་སེམས་ཀྱི་ཚོར་འདུ་བརྗོད་མི་ཤེས་པ་ཞིག་དང་ལྷན་སྒོ་ཕྱེས་པ་ཡིན། བསམ་ཡུལ་འདས་པ་ཞིག་ལ་མོས་མོ་རང་གི་གྲོགས་མོ་ཡང་ཁྲིད་ནས་སླེབས་འདུག ངའི་སེམས་གཏིང་ནས་སྐྱོ་གདུང་གི་ཚོར་སྣང་ཞིག་སྐྱེས་བྱུང་ཡང་གདོང་ནས་འཛུམ་མདངས་བསྟན་གང་ཐུབ་བྱས་ཏེ། ནང་དུ་ཕེབས་པར་དགའ་བསུ་ཞུས་པ་ཡིན། མོས་ཀྱང་ང་དང་མོ་རང་གི་གྲོགས་མོ་གཉིས་ཕན་ཚུན་ངོ་སྤྲོད་བྱས་ཏེ་གྲོགས་མོ་དེ་མོ་རང་ཆུང་དུས་ཀྱི་གྲོགས་མོ་ཡག་ཤོས་དེ་ཡིན་པའང་ནན་བརྗོད་བྱས་སོང་། བུ་མོ་དེའི་མིང་ལ་ཁྱེད་ཀྱིས་ཨན་ཞེས་བྲིས་ན་ཆོག འདི་ཡང་ཁོ་མོའི་མིང་ཚབ་ཙམ་ལས་མིང་ངོ་མ་དེ་མ་རེད། སྒྲོལ་མ་ནི་ངའི་ཉལ་ཁང་ལ་ཧང་སང་ཏེ་ཁྱོད་ངོ་མ་སྐྱིད་པོ་རེད། ང་ཚོའི་ཉལ་ཁང་ནང་དུ་བུ་མོ་དྲུག་མཉམ་དུ་བསྡད་ཡོད་ཟེར། ངས་ཁྱོད་རང་ལ་འདོད་པ་ཡོད་ན་འདིར་སྤོས་ན་འགྲིག་གི་རེད་ཅེས་ཀུ་རེ་ཞིག་བྱས། དེ་ཡིན་ན་ང་དེ་རིང་ནས་སྤོ་རྒྱུ་ཡིན་ཞེས་མོ་རང་མཆོང་ལྡིང་བྱས་ཏེ་ངའི་ཉལ་ཁྲིའི་སྒང་དུ་གན་རྐྱལ་དུ་འགྲིལ་སོང་ལ་སྤྲོ་སྣང་ཆེན་པོས་འགྲེ་ལོག་ཁ་ཤས་བརྒྱབ་སོང་། ཨན་གྱིས་”སྨྱོན་མ”གཟབ་ཙམ་གྱིས་མ་གཏོགས་ཉལ་ཁྲི་བཅག་ཡོང་ཞེས་དྲན་བསྐུལ་བྱས་ཐལ། ངས་ཀྱང་ཀུ་རེའི་ཚུལ་དུ་ཉལ་ཁྲི་ཆག་ན་ཁྱོད་ཚུར་མ་སྤོས་གོང་དུ་སློབ་གྲྭས་ང་ཕར་སྤོ་བཅུག་རྒྱུ་རེད་ཅེས་བཤད་དེ་ང་ཚོ་གསུམ་ཀ་ཧབ་དགོད་བྱས།

བུ་མོ་ཨན་ནི་སྣང་བ་སྤྲོ་པོ་དང་གད་མོ་དགོད་དུས་སྐད་ཆེན་པོ་རྒྱག་མཁན་ཞིག་རེད། ང་ཚོས་སློབ་ཚན་གང་ཞིག་བླངས་ཡོད་པ་དང་སློབ་གྲྭའི་འཚོ་བ་གོམས་འདྲིས་སོང་མིན་སོགས་བརྗོད་དོན་མང་པོའི་ཐོག་ཏུ་ཁ་བརྡ་བྱས། སྟབས་ལེགས་པ་ཞིག་ལ་ཁ་བརྡ་བརྒྱུད་ནས་ངས་སྒྲོལ་མའི་སྐོར་མང་ཙམ་ཤེས་རྟོགས་བྱུང་། སྒྲོལ་མའི་ཁ་པར་ཨང་གྲངས་དང་དྲ་འཕྲིན་སི་ཀའི་པིས་ཀྱི་ཁ་བྱང་ཞིག་ལེན་ཐབས་བྱེད་དགོས་བསམ་ནས་ཡོད་ཀྱང་དངོས་སུ་ལབ་རྒྱུ་མ་བྱུང་བའི་གོང་ནས་བུ་མོ་ཨན་གྱིས་ཁྱོད་ཀྱི་ཁ་པར་དང་གློག་འཕྲིན་གྱི་ཁ་བྱང་གང་རེད། ང་ཚོ་ཕན་ཚུན་འབྲེལ་ལམ་བཟོས་ཏེ་རྗེས་སུ་དུས་ཚོད་ཡོད་དུས་པོ་ལོ་རྩེད་པ་དང་དཔེ་ཀློག་བྱེད་ས་མཉམ་དུ་འགྲོ་ཆོག་རེད་ཟེར། སྒྲོལ་མས་ཀྱང་ཨན་ལ་བདེན་ཁ་བྱིན་ཏེ་མགོ་བོ་ལྕོག་ལྕོག་བྱས་སོང་། ངའི་འདོད་ཐོག་ཏུ་རྟ་རྒྱུགས་སོང་བས་ལམ་སེང་ང་ཚོས་ཁ་པར་དང་གློག་འཕྲིན་ཕན་ཚུན་སྤྲོད་རེས་བྱས་ཟིན་པ་ན། ངས་ཁོང་གཉིས་དང་ངོ་ཤེས་བྱུང་བ་དགའ་སྤྲོ་ཆེན་པོ་སྐྱེས་པ་དང་། མ་འོངས་པའི་ལོ་ཟླའི་ནང་དུ་གཅིག་ཕན་གཅིག་རོགས་བྱེད་ཆོག་ཚུལ་བཤད། ཁོང་གཉིས་ཀྱིས་ཐུགས་རྗེ་ཆེ་ཞེས་བརྗོད་དེ་ང་ཚོ་ཕན་ཚུན་འཐམ་འཁྱུད་བྱས་ཏེ་གྱེས་ཚིག་དང་ལྷན་ཁོང་གཉིས་འགྲོ་སོང་། ངས་སྒོའི་ཕྱི་རོལ་བར་དུ་ཁོང་གཉིས་ལ་ལུས་ཀྱིས་སྐྱེལ་མ་བྱས། མིག་ལམ་ནས་མ་ཡལ་བར་དུ་སྒྲོལ་མ་ལ་མིག་གིས་སྐྱེལ་མ་བྱས། སེམས་པ་ཇི་ཙམ་སྐྱིད་ན་འཆི་བར་དེ་ཙམ་ཐག་ཉེ་ཟེར་བ་ནི་ངོ་མ་བདེན་པ་ཞིག་ཏེ། སྐྱིད་སྣང་གི་དབང་དུ་སོང་ན་དུས་ཡུན་ནི་ཁྱུག་ཙམ་གྱིས་རྫོགས་འགྲོ་བ་སྟེ་ཆུ་ཚོད་གཅིག་ལྷག་གིས་དུས་ཡུན་ནི་ང་ཚོས་གད་མོ་ཁ་ཤས་བགད་པ་ཙམ་གྱིས་འགྲོ་སོང་།

ད་ནི་ང་རང་ཅུང་ཟད་ཐང་ཆད་པར་མ་ཟད་གྲོད་ཁོག་ཀྱང་ལྟོགས་འདུག་པས་ཟ་མ་སྟབས་བདེ་ཞིག་ཟོས་ཏེ་ངལ་གསོ་བྱས། དགོང་མོ་རང་སྦྱོང་ངམ་ནང་ལས་བྲིས་ཀྱང་སྔོན་དང་མི་འདྲ་བར་སེམས་པ་རང་སྦྱོང་ལ་གཏད་མ་ཐུབ། མིག་ལམ་དུ་ཤར་བ་ནི་སྒྲོལ་མའི་བཞིན་རས་དང་སྣང་བརྙན་ཁོ་ན་རེད། སེམས་པ་ལ་རང་ཉིད་ཀྱིས་ཁ་ལོ་བསྒྱུར་མི་ཐུབ་པའི་དུས་སུ་མི་རྣམས་སྨྱོན་པ་དངོས་གནས་རེད། ང་ཚོས་སྨྱོན་པ་ཟེར་བའི་གོ་དོན་འགྲེལ་བཤད་བྱེད་དུས་སེམས་པ་རྣལ་དུ་མི་གནས་པ་ལ་ཟེར་བ་མིན་ནམ། ད་ནི་ང་སྒྲོལ་མའི་ཆེད་དུ་སྨྱོ་ཚར་འདུག འདི་ལྟར་རང་ཉིད་ཆེས་དགའ་བའི་མི་ཞིག་ལ་ཐག་ཉེ་བོས་འབྲེལ་ལམ་བྱེད་རྒྱུ་ནི་ལས་སླ་མོ་ཞིག་གཏན་ནས་མིན། རང་ཉིད་ཀྱི་སེམས་ཚོར་རྗེན་པའམ་མི་དེ་ལ་ཇི་ལྟར་དགའ་བ་དངོས་སུ་ཁོང་རང་ལ་བཤད་དགོས་ན་དེ་ལས་ཀྱང་དཀའ། ངས་མོ་ལ་ཇི་ལྟར་བྱས་ཏེ་འབྲེལ་ལམ་བྱེད་པ་དང་རང་ཉིད་དགའ་བ་དེ་ཤེས་སུ་བཅུག་དགོས། གལ་སྲིད་མོ་རང་མཚན་མཐུན་གྱི་ཆགས་སྤྱོད་ལ་ཞེན་པ་ལོག་མཁན་ཞིག་ཡིན་ན་མོས་མི་ཚེ་གང་པོ་ང་ལ་འབྲེལ་བ་གཅོད་སྲིད། དེ་ནི་ངའི་མི་ཚེ་ནང་གི་མནར་གཅོད་ཆེ་ཤོས་དེ་ཡིན་ངེས། དེ་ལྟར་བསམ་གཞིག་མང་པོ་བྱས་མཐར་ངས་བློ་ཁོག་ཆེན་པོས་སྒྲོལ་མ་ལ་འཕྲིན་ཡིག་ཅིག་འབྲི་རྒྱུ་ཐག་བཅད། ང་དང་སྒྲོལ་མའི་བར་དུ་ཕན་ཚུན་བྲིས་པའི་ཁ་པར་ནང་གི་ཡིག་ཆུང་དང་སི་ཀའི་པེས་ཀྱི་དྲ་འཕྲིན་ཚང་མ་མེད་པ་ཆགས་ཟིན། འོན་ཏེ་གློག་འཕྲིན་ནང་དུ་བྲིས་པའི་འཕྲིན་ཡིག་ཚང་མ་འདིར་ཡོད། ཁྱོད་ཀྱིས་བྱུང་རིམ་བཞིན་བཀོད་ནའང་ཆོག འོན་ཏེ་འཕྲིན་ཡིག་ཁ་ཤས་ནང་དུ་ངེད་གཉིས་ཕན་ཚུན་གཤེ་གཏམ་བཏང་བ་དག་ཁྱོད་ཀྱིས་མ་བཀོད་ན་ཡག ཡི་གེ་འདི་དག་ཀློག་སྐབས་ངས་ངོ་མ་བཟོད་ཐུབ་ཀྱི་མི་འདུག ངས་རང་ཉིད་ལ་བཟོད་སྒོམ་བྱེད་མི་ཐུབ་པ་ཡོང་གི་འདུག སྐབས་རེ་ངས་མོ་རང་ནང་བཞིན་རང་ཤི་རྒྱག་ན་འདོད། ད་དུང་ཆགས་སྲེད་དང་འབྲེལ་བའི་སྐད་ཆ་མང་པོ་ཡོད་རེད། དེ་དག་བཀོད་ན་ལན་པོ་ཡོད་རྒྱུ་མ་རེད། གང་ལྟར་གློག་འཕྲིན་ནང་གི་འཕྲིན་ཡིག་ཚང་མ་འདི་རེད་ཁྱེད་ཀྱིས་གཟིགས་དང་།

{བརྩེ་བའི་སྒྲོལ་མ། དེ་རིང་ཁྱེད་དང་དངོས་སུ་ཐུག་ཅིང་སྤྲོ་སྣང་ལྡན་པའི་ཁ་བརྡ་བྱེད་རྒྱུ་བྱུང་བར་ཧ་ཅང་སྐྱིད་ཐལ། ངས་ཁྱེད་ལ་སྙིང་ནས་ཐུགས་རྗེ་དང་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། དེ་རིང་གི་ཉིན་མོ་འདི་ནི་ངའི་མི་ཚེ་ནང་དུ་བརྗེད་མི་ཐུབ་པའི་དྲན་ཤིང་ཞིག་ཏུ་འགྱུར་ངེས་རེད། ད་དུང་ཁྱེད་ཀྱི་གྲོགས་མོ་ཨན་ཡང་ངོ་མ་ཡིད་དུ་འོང་བ་ཞིག་དང་ཁ་རེ་ཁ་ཐུག་ཅན་ཞིག་རེད། ཁྱེད་ཀྱིས་ང་རང་ཡ་མཚན་ཅན་ཞིག་དང་སྨྱོ་འཚབ་ཅན་ཞིག་ལ་མཐོང་ཡོད་ངེས་རེད་ལ་སེམས་སུ་དོགས་གནད་འདྲ་མིན་སྐྱེས་ཡོད་རྒྱུ་རེད། ངས་ཁྱོད་ལ་གསལ་བཤད་ཅིག་བྱེད་འདོད་ཡོད། གསལ་བཤད་རྗེས་སུ་ཁྱེད་ཉིད་ཁོང་ཁྲོ་ལངས་ཏེ་ང་ལ་ཁ་ཡ་བྱེད་འདོད་མེད་པ་ཆགས་སོང་ན་ངས་ཆེས་ཐ་མའི་རེ་བ་ཞུ་རྒྱུ་ཞིག་ཡོད། དེ་ནི་ངས་ཁྱེད་ལ་རྒྱང་རིང་ནས་བལྟ་ཆོག་པ་ཞུ། ད་ལྟར་ངས་ཁྱོད་ལ་ང་རང་གི་དོན་དངོས་དེ་བཤད་ན་འདོད། ང་ནི་མཚན་མཐུན་ཆགས་སྤྱོད་པ་ཞིག་ཡིན། མཚན་མཐུན་ཆགས་སྤྱོད་པ་ཡིན་ཟེར་བ་ཡང་ངས་དེ་འདྲ་བྱས་མྱོང་བའི་གོ་དོན་མིན། ད་ལྟའི་བར་དུ་ངས་སུ་གང་ལ་དངོས་སུ་ལག་པ་འཆང་མ་མྱོང་། འོན་ཏེ་ང་རང་དེ་ལ་ཚོར་བ་ཡོད་མཁན་ཞིག་དང་བུ་མོ་ཁོ་ན་ལ་དགའ་མཁན་ཞིག་ཡིན། ངའི་ཕ་མས་ཀྱང་གནད་དོན་འདི་ལ་བསམ་ཤེས་བྱེད་མ་ཐུབ་ནས་ང་དང་ཐག་རིང་པོ་ཆགས་སོང་། ད་ལྟར་ང་རང་འཇིག་རྟེན་འདི་ནས་ཁེར་རྐྱང་ཡིན་པའི་ཚོར་སྣང་ཤུགས་ཆེ་སླེབས་ཀྱི་འདུག ཡིན་ཡང་ངས་ཁྱེད་རང་མཐོང་བ་ནས་ང་རང་གི་རེ་བ་ཞིག་ཀྱང་མཐོང་སོང་། རྒྱུ་མཚན་གང་ཡིན་ང་རང་ཉིད་ཀྱིས་ཀྱང་འགྲེལ་བཤད་བྱེད་མི་ཐུབ་ཀྱང་ཁྱོད་མཐོང་བའི་ཉིན་དང་པོ་ནས་ངས་ཡུན་རིང་འདྲིས་མྱོང་བའི་མི་ཞིག་སླར་ཡང་ཐུག་པའི་ཚོར་སྣང་སླེབས་སོང་། ངས་ཉིན་ལྟར་ཁྱོད་ལ་བལྟ་དུས་ཁྱེད་ཀྱིས་འཛུམ་མདངས་རེ་བསྟན་པ་ནི་ང་ལ་བལྟོས་ན་ཉིན་རེའི་སྤྲོ་སྣང་གི་སྒོ་མོ་འབྱེད་པ་ཞིག་ཡིན། ངས་ཡུན་རིང་པོར་ཁྱེད་ལ་བལྟས་པའི་རྗེས་སུ་དེ་རིང་དངོས་སུ་ཐུག་འཕྲད་བྱུང་བ་ནི་ངའི་རྨི་ལམ་ཞིག་མངོན་དུ་གྱུར་པ་ཡིན། ད་ལྟ་ངས་གང་ཞིག་བཤད་དགོས་པ་ཤེས་ཀྱི་མི་འདུག གཅིག་བྱས་ན་ཁྱེད་ཀྱིས་ང་ལ་འཕྱ་ལད་བྱེད་རྒྱུ་རེད། ཡིན་ནའང་ངའི་རེ་བར་ཁྱེད་ཀྱིས་ང་དང་འབྲེལ་བ་མི་གཅོད་པའི་རེ་འདུན་ཤིན་ཏུ་ཆེ།}

འདི་ནི་ངས་ཆེས་ཐོག་མར་སྒྲོལ་མ་ལ་བཏང་བའི་འཕྲིན་ཡིག་དེ་རེད། ཡི་གེ་བཏང་ཚར་བ་ན་ངའི་སེམས་སུ་དངངས་འཚབ་ལངས་མགོ་ཚུགས། ངས་གློ་བུར་འཕྲིན་ཡིག་འདི་འདྲ་ཞིག་བསྐུར་བར་མོ་རང་ཡ་མཚན་སྐྱེ་སྲིད་ལ་གཅིག་བྱས་ན་མོ་རང་ཁོང་ཁྲོ་ཡང་ལངས་སྲིད། དེས་ན་མོས་ང་ལ་ཁ་རྡུང་བཏང་བའི་ཡིག་ལན་ཞིག་གམ་ཡང་ན་ཡིག་ལན་རྩ་བ་ནས་བསྐུར་མི་སྲིད་སྙམ་ཏེ་ཞེད་སྣང་སྐྱེས། ངས་བྲེལ་འཚབ་དང་སྨྱོ་རྟགས་བསྟན་པ་ལའང་གནང་འགྱོད་སྐྱེས་ཏེ་རང་ཉིད་ལ་ལྐུགས་མ་ཁྱོད་ཅེས་དམོད་ཚིག་བཏབ། གཉན་འཕྲང་ཆེ་བའི་གནད་དོན་ཞིག་གི་འཇུག་འབྲས་ལ་རེ་སྒུག་བྱེད་རྒྱུ་ནི་ངོ་མ་རྙོག་འཛིང་ཆེན་པོ་ཞིག་རེད། སྒུག་དགོས་ལ་ཞེད་དགོས་པའི་དུས་ཚོད་འདིའི་ནང་བྱ་སྤྱོད་ཚང་མ་རྒྱུན་ལྡན་ལྟར་ཡིན་མི་སྲིད། ང་སྐབས་རེར་ལངས་ཤིང་ཕར་འགྲོ་ཚུར་འགྲོ་བྱས། སྐབས་རེ་ཉལ་ཏེ་ཕར་ཚུར་འགྲེ་ལོག་བརྒྱབ། ངས་གླུ་གཞས་ཤིག་དབྱངས་སུ་གྱེར་ཡང་འཇུག་ཏུ་གླེན་མ་ཁྱོད་ཅེས་རང་ཉིད་ལ་དམོད། འོན་ཀྱང་ད་ནི་མཇུག་འབྲས་གང་ཞིག་བྱུང་ཡང་སྒུག་རྒྱུ་ལས་ཐབས་ཤེས་གཞན་མེད། དེ་ལྟར་དུས་ཚོད་ཀྱི་ཕྲེང་བ་གང་ཞིག་བརྒྱུད་ཟིན་པའི་རྗེས་སུ་ངའི་གློག་འཕྲིན་ལ་ཡི་གེ་ཞིག་འབྱོར་སོང་། —— མུ་འགོད།

བརྩམས་སྒྲུང་།

Post navigation

Previous Post: ཁ་བའི་མེ་ལྕེ།
Next Post: བཀྲ་ཕུན་ལགས་ཀྱིས་རང་ལུས་མེར་སྲེག་གནང་སྟེ་འདས་གྲོངས་སུ་གྱུར་འདུག

Comments (4) on “འཆི་གསོན་བར་གྱི་འབྲེལ་བ། (གཉིས་པ།)”

  1. གསལ་ལེ་རྒྱལ། says:
    2022-04-01 at 2:12 am

    འདིའི་མཇུག་རེ་མ་འབྲི་རོགས། དྲིན་ཅན་པོ། སྒུག་ནས་མི་བ་གི

  2. རྒོད་པོ ། says:
    2022-04-01 at 2:28 am

    མི་གསོན་པོ་ལགས །
    ཁྱེད་ཀྱིེས་ཉི་མ་རེ་ལ་ཚན་པ་རེ་བཀོད་ན་ཨེ་ཆོག །
    སྒྲོལ་མའི་ཡིག་ལན་ལས་ཁྱེད་ཀྱི་སྒྲུང་ལ་བསྒུགས་རྒྱུ་རིང་བ་འདུག།

  3. དགེ says:
    2022-04-03 at 1:54 am

    བྲིས་པ་ཧ་ཅང་ལེགས། སྒུག་བསྡད་ཡོད།

  4. རང་བྱུང་རིག་པའི་རྡོ་རྗེ says:
    2022-04-04 at 11:15 pm

    ཁྱེད་ཚོ་སྒྲུང་འདི་ལ་ཞེན་ཅིང་ཆགས་འདུག མི་དགོས་ས་ནས་རང་སྡུག་མྱོང་བཞིན་འདུག སྒྲུང་འདི་སྤེལ་ཀྱང་རུང་སྙིང་པོ་གང་ཡང་མེད། མ་སྤེལ་རུང་ཤོར་བ་གང་ཡང་མེད། མི་ཚེ་འཕྲོ་བརླག་མ་གཏོང་། ཁོམ་དུས་དམ་པའི་ཆོས་ཤིག་ཀློག་ན་ཅིས་མི་ལེགས། འདི་བསྒྱུར་བ་པོའང་ནུབ་ཕྱོགས་ལུང་པ་ཞིག་ན་ཧ་ཅང་གིས་བྲེལ་ཚུབ་ངང་གནས་ཡོད་སྲིད། །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (94)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (62)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme