Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྒྱུར་རྩོམ་༼སྡོམ་ཆར་ལོའི་དྲ་བ།༽

Posted on 2021-12-052021-12-05 By ཁ་བརྡ No Comments on སྒྱུར་རྩོམ་༼སྡོམ་ཆར་ལོའི་དྲ་བ།༽

 ཁྱུང་སྲས་བསམ་གཏན་ཚེ་རིང་།  

༼སྡོམ་ཆར་ལོའི་དྲ་བ༽ནི་ཨ་མེ་རི་ཀའི་རྩོམ་པ་པོ་གྲགས་ཅན་ E.B ཧིའི་ཐིས་བརྩམས། བོད་ཀྱི་རྩོམ་པ་པོ་སྒྲགས་པ་པདྨ་དབང་ཆེན་གྱིས་བོད་སྐད་དུ་བསྒྱུར། དེབ་འདི་ཕྱི་གླིང་ཨ་མེ་རི་ཀའི་རྩོམ་རིག་ཁྲོད་ན་བྱིས་སྒྲུང་སྐད་གྲགས་ཅན་བཅུ་ཡོད་པའི་གྲས་ཡིན་པ་བོད་འགྱུར་དེབ་ཏུ་གསལ་འདུག འདི་ནི་བོད་སྐད་དུ་སྒྱུར་མཁན་གྱི་སྙེག་སའི་ཆ་ཤས་ཤིག་ཀྱང་ཡིན་འདུག མིག་སྔའི་ལོ་འགའི་ནང་། ང་ཚོར་འགྱུར་གྱི་ཚད་གཞིའི་ཐད་ནས་གླེང་གཞི་ཅན་གྱི་སྒྱུར་དེབ་དེ་འདྲ་བསྟུད་མར་བྱུང་། དེ་དག་ལ་གཤེ་བའི་རྩོམ་ཡིག་དང་གཏམ་བཤད་སྤེལ་མཁན་ཡང་བསྟུད་མར་བྱུང་། ལྟོས་འཇོག་གིས་བཤད་ན། དེབ་གཅིག་ལ་འགྱུར་ཡིག་ཁ་ཤས་བྱུང་བ་དང་། མ་མཐར་ཡང་གཉིས་ཅན་བྱུང་བ་དེ་ཚོ་བསྡུར་ནས་གླེང་སྟངས་ཤིག་གི་ཚད་ཐིག་ཅིག་བསླངས། ཕྱི་གླིང་གི་རྩོམ་དེབ་གྲགས་ཅན་དེ་འདྲ་བོད་སྐད་ནང་ལ་བསྒྱུར་བའི་རྗེས་ལ་བོད་སྐད་ཀྱི་གོ་བརྡ་མི་འཕྲོད་པར་འགྱུར་འགྲོ་གི་འདུག་ཅེས་སྡིག་མཁན་ནི་བསྟུད་མར་ཡོང་གི་

ཡོད། དེ་དག་གི་ཁྲོད་ན་བོད་ཀྱི་སྐད་ཡིག་འདི་དེང་རབས་ཕྱི་གླིང་གི་རྩོམ་དེབ་གྲགས་ཅན་སྒྱུར་བྱེད་དུ་མི་རུང་བ་འདྲ། བོད་ཀྱི་སྐད་ཡིག་ལ་དེང་རབས་ཀྱི་རྩོམ་རིག་གླེང་བའི་ནུས་པ་མེད་པ་འདྲ་ཞེས་ཟུར་ཟ་བྱེད་མཁན་ཡང་འདུག  ལྟ་སྟངས་དེ་དག་ནི་འགྱུར་གྱི་ཚད་ལོངས་ཡོད་མེད་དང་འབྲེལ་བ་ཡོད་པ་དང་། འགྱུར་གྱི་ཚད་ནི་སྔོན་གྱི་ལོ་ཙཱ་བ་ཚོའི་འགྱུར་དང་བསྡུར་ནས་གཞལ་གྱི་འདུག དེར་བརྟེན། དེང་སང་། འགྱུར་གྱི་སྤུས་ཀ་ཡག་པོ་འདུག་ཅེས་བཤད་ན། གྲོགས་པོ་དང་ངོ་ཤེས་ཕན་ཚུན་ལ་བསྟོད་ར་བྱེད་སྟངས་ཤིག་རེད་ཅེས་འཕྱ་དམོད་བྱེད། དུས་སྐབས་འདི་འདྲ་ཞིག་ལ། ༼སྡོམ་ཆར་ལོའི་དྲ་བ༽བཀླགས་པ་ཡིན། གཤམ་ལ་དེའི་སྐོར་གྱི་བསམ་ཚུལ་ཞིག་བརྗོད་འདོད་བྱུང་། ང་ཚོ་ཀློག་པ་པོ་ཚོས་འགྱུར་ལེགས་པོ་རེར་རེ་སྒུག་བྱེད་ཀྱིན་ཡོད། སྒྲ་སྦྱོར་བམ་པོ་གཉིས་པ་ན། ༼གོ་རིམ་ལས་མི་བསྣོར་བར་བོད་སྐད་དུ་བསྒྱུར་ན་དོན་དང་ཚིག་ཏུ་འབྲེལ་ཞིང་བདེ་ན་མ་བསྣོར་བར་སྒྱུར་ཅིག །བསྣོར་ན་བདེ་ཞིང་གོ་བ་བསྐྱེད་པ་ཞིག་ཡོད་ན།  ཚིགས་སུ་བཅད་པ་ལ་ནི་རྩ་བ་བཞི་པའམ་དྲུག་པའང་རུང་སྟེ།  ཚིགས་སུ་བཅད་པ་གཅིག་གི་ནང་ན་གང་བདེ་བསྣོར་ཞིང་བསྒྱུར་ཅིག །རྐྱང་པ་ལ་ནི་དོན་གང་སྙེགས་པ་ཡན་ཆད་ཀྱི་ཚིག་དང་དོན་གཉིས་ཀ་ལ་གར་བདེ་བའང་བསྣོར་ཞིང་བསྒྱུར་ཅིག །སྐད་གཅིག་ལ་མིང་དུ་མར་འདྲེན་པ་ནི་ལྟག་འོག་དང་བསྟུན་ལ་གར་སྙེགས་པ་བཞིན་དུ་མིང་ཐོགས་ཤིག༽ཅེས་གསུངས་ཡོད་པ་འགྱུར་གྱི་སྤུས་ཀ་འདྲེན་པའི་རྩ་འཛིན་གཞུང་ལུགས་ཀྱི་ཚིག་རེད། ༼སྡོམ་ཆར་ལོའི་དྲ་བ༽བོད་འགྱུར་གྱི་དེབ་འདི་ནི། ཉེ་བའི་ལོ་འགའི་ནང་དབྱིན་ཡིག་ནས་བོད་ཡིག་ཏུ་བསྒྱུར་བའི་སྒྲུང་རྩོམ་དེབ་འགའ་བཀླགས་པ་དེ་ཚོའི་ནང་ནས་འགྱུར་ལེགས་པའི་གྲས་ཤིག་ཏུ་ངོས་འཛིན་ཞུ་གི་ཡོད། ཁྱད་ཆོས་འགའ་མཇལ་བྱུང་། དེ་ཚོ་ནི། མིང་ཚིག་གི་གོ་ཡུལ་དུ་མིང་ཚིག་བཞག་སྟེ་བསྒྱུར་བ་ལས་འགྲེལ་བཤད་འབྲི་བར་འཐམ་པའི་ཚིག་ལྷག་སྤེལ་བར་འཛེམས་ཟོན་གཉིས་ཀ་གནང་འདུག དམའ་རིམ་ནས་བྱས་ན་བྱེད་འབྲེལ་གཉིས་ཀྱི་ཕྲད་སྦྱོར་སྟངས་ནོར་བའི་འཐེང་འགྲོས་ཅན་ཚོ་དང་མི་འདྲ་བར་དོ་བརྟན་གནང་འདུག བྱ་དངོས་སྟོན་པའི་དག་ཆ་འདམ་ང་ཅན་ལ་མ་ཡན་པར་གཅིག་གྱུར་དང་། ཚིག་སྦྱོར་སྤེལ་སྟངས་སྒང་གཤོང་ངོས་མི་སྙོམ་པ་དེ་འདྲ་མ་ཡིན་པར་རྩོམ་གཤིས་གཅིག་ཏུ་གནས་པ་ཞིག་བསྒྱུར་གནང་འདུག  བོད་ཀྱི་སྐད་ཡིག་འབྲི་ཀློག་ཤེས་མཁན་ཕལ་མོ་ཆེ་བས་བཀླགས་ན་གོ་བདེ་ཞིང་དོན་ཡིད་ལ་སྟེར་བ་ཞིག་བསྒྱུར་གནང་འདུག འགྱུར་དེབ་ཡག་པོ་གཞན་འགའ་ཡང་མཇལ་སོང་ཡང་། ལ་རེར་འགྱུར་གཉིས་རེ་དང་། ལ་ཤས་ལ་འགྱུར་གསུམ་རེ་དེ་འདྲ་ཡང་འདུག་པ་མ་གཞི་བྱས་ན་འགྱུར་སྔ་མ་སྔ་མ་ཡོད་བཞིན་དུ་ཕྱི་མ་ཕྱི་མ་ཐོན་པའི་དགོས་པ་ནི་སྔ་མ་ལས་ལེགས་པ་ཞིག་གི་ཆེད་ཡིན་དགོས་ཚོད་ཀྱང་། ཕྱི་མ་ཕྱི་མ་ནི་ཇེ་ཞན་ཇེ་སྡུག་ལྟ་བུར་སོང་བའང་འདུག་པ་སོགས་མཚུངས་བསྡུར་བྱས་ན། ཕོག་ཐུག་མང་པོ་ཞིག་ལ་ལག་པ་འཆང་དགོས་པས་བསྡུར་ནས་གླེང་རྒྱུ་སྤངས་ཏེ་ཀློག་པ་པོ་ཞིག་གི་ལྟ་སྟངས་ཞུས་པ་འདིར་འགལ་འཁྲུལ་ཡོད་ན་མ་ཤེས་རྨོངས་བཤད་ཡིན་པས་དགོངས་དག་ཞུ། 

བསམ་ཚུལ།

Post navigation

Previous Post: ཤཱཀྱའི་ཆོས་སྨྲ་བ་ཞིག་གི་མི་ཚེ་བསྐྱལ་ཚུལ་མདོར་བསྡུས།
Next Post: བོད་རྒྱ་འགྱུར་གྱི་གནས་བབ་ངོས་འཛིན་དང་གོ་རྟོག་རྙེད་དགོས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme