Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དབུ་མའི་ལམ་ནི་བོད་རྒྱའི་དཀའ་རྙོག་སེལ་བའི་ལྡེའུ་མིག་རེད་ལ་མ་འོངས་བོད་མི་རིགས་འཚོ་གནས་ཐུབ་པའི་མདུན་ལམ་ཡང་རེད་།

Posted on 2021-11-28 By ཁ་བརྡ 1 Comment on དབུ་མའི་ལམ་ནི་བོད་རྒྱའི་དཀའ་རྙོག་སེལ་བའི་ལྡེའུ་མིག་རེད་ལ་མ་འོངས་བོད་མི་རིགས་འཚོ་གནས་ཐུབ་པའི་མདུན་ལམ་ཡང་རེད་།

གཞུང་པ་ཚེ་དབང་བསོད་ནམས།

བརྒྱ་ཕྲག་བདུན་པའི་ནང་བོད་ཀྱི་ཆོས་རྒྱལ་མི་དབོན་རྣམ་གསུམ་གྱི་སྐུ་དུས་སུ་བོད་ཀྱི་ཆབ་སྲིད་དང་དམག་དོན་གྱི་སྟོབས་ཤུགས་འཛམ་གླིང་ནང་ཡོངས་སུ་གྲགས་པའི་ལོ་རྒྱུས་རང་རེ་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ཙམ་མིན་པ་འཛམ་གླིང་གི་ལུང་པ་མང་པོའི་རྒྱལ་རབས་ལོ་རྒྱུས་སོགས་ཡིག་ཆ་མང་པོའི་ནང་ངོ་སྤྲོད་ཡོང་བཞིན་པ་དང་། བོད་ཀྱི་རྒྱལ་པོ་ཞེ་གཅིག་པ་འུ་དུམ་བཙན་པོའམ་ཡོངས་གྲགས་སུ་གླང་དར་མས་བོད་ཀྱི་རྒྱལ་པོའི་རིང་ལུགས་ལ་མཇུག་བསྡོམས་བརྒྱབ་ནས་བོད་སྤྱི་ལ་དབང་བའི་རྒྱལ་པོ་ཕེབས་མ་ཐུབ་པ་ནས་ཆོས་ལུགས་དང་ཕྱོགས་གཏོགས་ཀྱིས་འགོ་འདྲེན་དཔུང་ཤུགས་འོག་ལུང་ཆུང་རེ་ལ་དཔོན་ཆུང་རེའི་འོག་ཏུ་བོད་སིལ་བུར་མི་ལོ་བཞི་བརྒྱ་ཙམ་རིང་གངས་རིའི་འཕྲོད་དུ་ནང་འཁྲུགས་ལ་མགོ་འཁོར་ནས་ཁེར་རྐྱང་དུ་ལྷག་ནས་འཛམ་གླིང་ལ་ཁ་ཕྱོགས་མ་ཐུབ་པ་ནས་དུས་རབས་དང་མཐུན་པའི་སྤྱི་ཚོགས་འཕེལ་རིམ་ལ་རྗེས་ལུས་ཐེབས་ཡོད་པ་དང་།      སྤྱི་ལོ་ ༡༦༤༢  ནས་སོག་པོའི་ཆོས་ཡོན་གྱི་འབྲེལ་ལམ་ལ་གོ་སྐབས་བཟུང་ནས་བོད་ཆོལ་ཁ་གསུམ་༸གོང་ས་ལྔ་པ་ཆེན་པོ་མཆོག་ལ་ཕུལ་ནས་བོད་སྡེ་པ་གཞུང་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་

ནས་མི་ལོ་  ༣༦༠  ཙམ་རིང་བོད་ཀྱིས་ཆབ་སྲིད་༸རྒྱལ་དབང་སྐུ་ཕྲེང་རིམ་བྱོན་ནས་སྤྱི་ལོ་ ༡༩༥༩ བར་བསྐྱངས་པ་དང་།     ༡༩༥༩  ལོར་རྒྱ་མིའི་བོད་ལ་བཙན་འཛུལ་གྱིས་དྲག་གནོན་འོག་ཆོལ་ཁ་གསུམ་དང་ཆོས་ལུགས་ཁག་ལྔ་བཅས་ཚུད་པའི་བོད་ས་ཡོངས་རྫོགས་རྒྱ་མིའི་ལས་སླ་པོའི་ཐོག་ནས་བཙན་བཟུང་བྱས་པ་འདི་ཡང་བོད་ཀྱི་ལོ་རྒྱུས་ནང་ང་ཚོར་འཕྲད་པའི་ཕམ་ཉེས་ཆེན་པོའི་དུས་རབས་ཤིག་ལ་ངོས་འཛིན་བྱེད་ཆོག་པ་དང་།    སྤྱི་ལོ་  ༡༩༥༩ ལོར་༸གོང་ས་མཆོག་གི་དབུ་འཁྲིད་འོག་ཁོང་གི་བཀའ་ཤག་ལྷན་རྒྱས་དང་ཡབ་གཞིས་སྐུ་འཁོར་ཧྲག་བསྡུས་བཅས་རྒྱ་གར་འཕགས་པའི་ཡུལ་དུ་བཙན་བྱོལ་དུ་༸ཞབས་སོར་འཁོད་ནས་ཁོང་གི་ཞབས་རྗེས་སུ་བོད་མི་ཁྲི་ཚོ་བརྒྱད་ལྷག་ཙམ་བཙན་བྱོལ་དུ་འབྱོར་ཐུབ་པ་ནི་བོད་དོན་འཐབ་རྩོད་ཀྱི་མེ་རོ་བཙན་བྱོལ་ནང་གསོས་པ་ལ་ངོས་འཛིན་དང་བཅས་བོད་ས་མཐོ་ས་ནས་འབྱོར་བའི་བོད་མི་ཚོ་རྒྱ་གར་ཚ་བའི་ལུང་པའི་ནང་ས་ཆུ་མ་འཕྲོད་པའི་དཀའ་ངལ་དང་འཚོ་བའི་མདུན་ལམ་འདི་ཡིན་མེད་པའི་དཀའ་ངལ་བཅས་དཀའ་ངལ་མང་དག་ཅིག་ལ་གདོང་ལེན་བྱ་དགོས་པའི་དུས་ཚོད་ནང་༸གོང་ས་མཆོག་གི་དབུ་འཁྲིད་འོག་ཁོང་གི་བཀའ་ཤག་ལྷན་རྒྱས་ནས་རྒྱ་གར་གྱི་སྲིད་བློན་དམ་པ་ནེ་རུ་མཆོག་དང་ཁོང་གི་བློན་ཆེན་ལས་ཁུངས་ཁག་ལ་ཞུ་སྙན་བརྒྱུད་ནས་བོད་མི་བཙན་བྱོལ་བ་རྣམས་གནས་སྐབས་འཚོ་བའི་མདུན་ལམ་ཆེད་ཧི་མ་ལ་ཡིས་རི་རྒྱུད་ཀ་རྡོར་གང་གསུམ་ཁུལ་དང་།   ཧི་ལ་ཅལ་མངའ་ཁོངས་ཀུ་ལུ་མ་ན་ལི།།    ཌལ་ཧོར་དང་ཅམ་པ།  རྡ་རམ་ས་ལ།   སིམ་ལ་དང་མ་སུ་རི་སོགས་ཚ་དྲོད་ཆུང་བའི་ས་གནས་ཁག་ལ་ལམ་བཟོའི་སྒྲིག་འཛུགས་བཀོད་སྒྲིག་འོག་ཕྲལ་སེལ་འཚོ་བའི་མདུན་ལམ་བསྟེན་ནས་ཞོར་དུ་ཟས་གོས་ཀྱི་རོགས་རམ་ཕྱིའི་རྒྱལ་ཁབ་ཁག་ནས་རིམ་བཞིན་འབྱོར་ནས་བོད་མི་བཙན་བྱོལ་བའི་འཚོ་གོས་ཀྱིས་དཀའ་ངལ་གནས་སྐབས་སེལ་ནས་བོད་ཕྲུག་ཚོ་རྒྱ་གར་དབུས་གཞུང་གི་དམིགས་བསལ་བལྟ་སྐྱོང་འོག་བོད་པའི་་སློབ་གྲ་ཟུར་འཛུགས་དང་འབྲེལ་སོ་སོའི་ཕ་མེས་ཀྱི་སྐད་ཡིག་དང་རིག་གཞུང་ལ་བདག་ཉར་གཅེས་སྐྱོང་བྱ་སའི་སྒོ་སྐབས་བཟང་པོ་ཐོབ་པ་དང་།   ན་གཞོན་དར་མ་རྣམས་རྒྱ་གར་གྱི་དམག་སྡེ་ཨང་ ༢༢  ནང་དེང་དུས་དང་མཐུན་པའི་དྲག་ལས་སློབ་སྦྱོང་དུ་སྒོ་སྐབས་བཟང་པོ་ཐོབ་པ་དང་།    མི་མང་གི་འཚོ་བའི་མདུན་ལམ་ཆེད་བོད་མིའི་གཞིས་ཆགས་རྒྱ་བལ་འབྲུག་གསུམ་ནང་གསར་འཛུགས་གནང་ནས་བོད་མི་བཙན་བྱོལ་བའི་འཚོ་གོས་གནས་མལ་ཕུགས་གཏན་བཟོས་པ་བཞིན་བཙན་བྱོལ་བོད་མིའི་གཞིས་ཆགས་དང་པོའི་གྲས་ནེ་པལ་རྡོར་སྤ་ཊན་དུ་སྤྱི་ལོ་ ༡༩༦༡  ལོར་སུས་སི་རྒྱ་གྲམ་དམར་པོའི་རོགས་བསྐྱོར་འོག་གསར་འཛུགས་གནང་ནས་གཞིས་མིའི་ཁོངས་སུ་སྟོད་མངའ་རིས་སྒར་ཁོངས་གཞུང་རྒྱུགས་ཁྲལ་པ་གཞུང་པ་མ་ཚན་དང་།   རུ་རྡོར་ །  གློ་དང་དོལ་བོ་རོང་སོགས་ནས་བཙན་བྱོལ་དུ་ཡོང་མཁན་བོད་ཆོལ་ཁ་གསུམ་གྱི་མི་སྣ་བཅས་ཡོད་པ་དང་།    རྡོར་ཐང་གཞིས་ཆགས་ནི་བོད་མི་བཙན་བྱོལ་བ་ཚོ་མི་ཡུལ་དུ་གཞིས་ཆགས་ཀྱི་གོ་སྐབས་ཐོབ་པ་དང་པོའི་གྲས་ཡིན་པ་དང་།    རིམ་བཞིན་རྒྱ་བལ་འབྲུག་གསུམ་ནང་བཟོ་ལས་གཞིས་ཆགས་དང་སོ་ནམས་གཞིས་ཆགས།  རྒན་གསོ་ཁང་།   ཆོས་སྒར་ཁག་བཅས་གང་ལ་ཅི་དགོས་ཀྱི་ལས་གཞི་གང་མང་སྤེལ་ནས་བོད་མི་བཙན་བྱོལ་བའི་འཚོ་བའི་ལས་གཞི་ལ་གཟེངས་སུ་འཐོན་པའི་སྒྲུབ་འབྲས་བྱུང་བ་དང་།  ༸གོང་ས་མཆོག་ནས་འདས་པའི་བོད་ཀྱི་ཆབ་སྲིད་ལམ་ལུགས་ལ་སྙིགས་དོར་བཅུད་ལེན་གནང་ནས་སྤྱི་ལོ་  ༡༩༦༠ སྤྱི་ཟླ་   ༩   ཚེས་  ༢  ཉིན་བཙན་བྱོལ་སྤྱི་ཚོགས་ནང་མང་གཙོའི་ལམ་སྲོལ་གསར་གཏོད་གནང་ནས་ཆོལ་གསུམ་ཆོས་ལུགས་ལས་སྒྲུབ་པའི་མི་མང་གི་སྐུ་ཚབ་འཐུས་མི་སྤྱི་འཐུས་བསྐོ་བཞག་དང་འབྲེལ་སྤྱི་ལོ་ ༡༩༩༠  ལོར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཟིན་བྲིས་ཚོགས་ཆུང་བཙུགས་ནས་སྤྱི་འཐུས་སྐབས་བཅུ་གཅིག་ནས་ཁྲིམས་བཟོའི་འགན་འཁུར་བླངས་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་  ༡༡༥  ཡོད་པ་དེ་དག་གཏན་ལ་ཕབ་ནས་༸གོང་ས་མཆོག་གི་མཆོག་མཆན་བཀའ་འཁྲོལ་དེ་  ༡༩༩༡  ཟླ་   ༦  པའི་ཚེས་  ༢༨  ཉིན་ཕེབས་པ་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་ནུས་པ་དངོས་སུ་འཐོན་ནས་ང་ཚོའི་ལག་ལྟར་བྱེད་བཞིན་པ་དང་།    སྤྱི་ཚོགས་ཀྱི་འཕེལ་རིམ་དང་།   རྒྱལ་སྤྱིའི་གནས་བབ།   དུས་ཀྱི་འགྱུར་བ་སོགས་ལ་གཟིགས་་ནས་སྤྱི་ལོ་  ༢༠༠༢  ལོར་འཛིན་སྐྱོང་གི་སྐུ་དབང་མི་མང་གི་འདམས་པའི་བཀའ་བློན་ཁྲི་པར་གནང་ནས་༸གོང་ས་མཆོག་ཕྱེད་རྒན་ཡོལ་དུ་བཞུགས་པ་དང་།     སྤྱི་ལོ་  ༢༠༡༡   ལོར་ཆབ་སྲིད་ཀྱི་སྐུ་དབང་ཆ་ཚང་མི་མང་གི་འདམས་པའི་བཀའ་བློན་ཁྲི་པར་གནང་ནས་དེ་སྔ་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་པར་རྒྱལ་བའི་བོད་ཀྱི་ཆབ་སྲིད་མི་ལོ་  ༣༦༠  ཙམ་སྐྱང་པའི་རླབས་ཆེན་གྱི་ལོ་རྒྱུས་དོན་སྙིང་ལྡན་པ་དེ་དག་འཇུག་བསྡུས་ནས་མང་གཙོ་ཁྲིམས་ཀྱི་དབང་བསྒྱུར་འོག་བོད་མི་མང་འཚོ་ཐུབ་པའི་མང་གཙོའི་ལམ་སྲོལ་གསར་གཏོད་གནང་བ་སོགས་༸གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་རྗེ་བཙུན་འཇམ་དཔལ་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་སྲིད་གསུམ་དབང་བསྒྱུར་མཚུངས་པ་མེད་པའི་སྡེ་དཔལ་བཟང་པོ་མཆོག་གི་བཀའ་དྲིན་ནི་སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱིས་ཁམས་ཡོངས་སུ་རྫོགས་པ་རིན་པོ་ཆེ་སྣ་བདུན་གྱི་བཀང་ནས་ཕུལ་ཡང་ཆ་ཤས་ཙམ་ཡང་གསབ་མི་ཐུབ་པ་ནས་ཇི་སྲིད་སྐལ་པ་འདི་མ་སྟོང་བར་དེ་སྲིད་དུ་ཁོང་གི་བཀའ་དྲིན་བོད་མི་མང་ནས་ནམ་ཡང་བརྗེད་མི་ཉན་པ་དང་།    ཆབ་སྲིད་ཐོག་བོད་དོན་བདེན་མཐའ་སེལ་བའི་ཐབས་ལམ་སྣ་མང་བརྒྱུད་པའི་མཐའ་མའི་བབ་ས་གཉིས་སྨན་དབུ་མའི་ལམ་ལ་ཕེབས་རྒྱུ་སྤྱི་འཐུས་གྲོས་ཚོགས་ནས་སྤྱི་མོས་གྲོས་ཆོད་བཞག་པ་ནས་བོད་རྒྱ་ཞི་འགྲིག་ཐུབ་པའི་སྐུ་ཚབ་ཚོགས་ཆུང་ཟུར་འཛུགས་དང་འབྲེལ་བོད་རྒྱ་གཉིས་བར་སྐུ་ཚབ་ཚོགས་ཆུང་ཐེངས་དགུ་རྒྱ་ནག་ལ་ཕེབས་ནས་ང་ཚོའི་དགོས་མདུན་ཁག་ཡིག་ཐོག་ཏུ་བཀོད་ནས་རྒྱ་དཔོན་ཚོར་ཕུལ་ཐུབ་པ་བྱུང་བ་དང་།   ད་ཆ་ང་ཚོའི་མཉམ་འབྲེལ་རྒྱལ་ཚོགས་དང་ཨ་རིའི་མཚོན་པའི་ནུབ་ཕྱོགས་དང་དཀྱིལ་ཤར་སོགས་རྒྱལ་ཁབ་ཚོར་བོད་རྒྱའི་དཀའ་རྙོགས་དབུ་མའི་ལམ་རྒྱུད་ནས་སེལ་ཐུབ་པའི་ཆབ་སྲིད་ཀྱི་རོགས སྐྱོར་ཚོལ་བཞིན་པ་འདིའི་བོད་རྒྱའི་དཀའ་རྙོགས་སེལ་ཐུབ་པའི་ཁྲིམས་མཐུན་གྱིས་ནུས་པ་ཇི་འཐོན་མི་ཤེས་ཀྱང་གལ་ཆེ་ཤོས་དེ་ང་ཚོའི་དགོས་འདུན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ཆོལ་གསུམ་བོད་རིགས་ཡོངས་རྫོགས་གཅིག་ཏུ་སྒྲིལ་བའི་མི་རིགས་ས་གནས་རང་སྐྱོང་གི་གནས་བབ་ཚད་ལྡན་ཞིག་གི་དགོས་འདུན་གཏོན་པ་དེ་དག་རྒྱ་མིའི་ལག་ནས་ང་ཚོར་ཐོབ་དགོས་པ་སོང་བོད་རྒྱ་གཉིས་མི་དང་མི་ཐུག་ནས་ཕར་བཤད་ཚུར་ཉན་དང་།   ཚུར་བཤད་ཕར་ཉན་བརྒྱུད་ནས་གནད་དོན་རེ་རེ་བཞིན་དོགས་པ་དང་རྣམ་རྟོག་གཙང་སེལ་ཡིད་ཆེས་བསྐྲུན་ནས་གཉིས སྨན་དབུ་མའི་ལམ་ལ་བོད་རྒྱ་མི་རིགས་གཉིས་བདེ་སྐྱིད་ཀྱིས་འཚོ་བ་ལ་ཡུན་རིང་འཚོ་ཐུབ་པའི་ཆབ་སྲིད་ཀྱི་ཐབས་ལམ་ཚོལ་དགོས་པ་དེ་ཕྱི་རྐྱོན་མེད་ནའང་སྔ་རྐྱོན་གང་ན་ཡོད་ལ་གཉིས་སྨན་དབུ་མའི་ལམ་ནི་བོད་རྒྱའི་དཀའ་རྙོགས་སེལ་བའི་ལྡེའུ་མིག་རེད་ལ་མ་འོངས་བོད་མི་རིགས་འཚོ་གནས་ཐུབ་པའི་མདུན་ལམ་ཡང་ཡིན་ན་༸གོང་ས་མཆོག་སྐུ་འཚོ་བཞུགས་སྐབས་བོད་རྒྱའི་དཀའ་རྙོགས་སེལ་ཐུབ་པའི་འགན་བཞེས་དགོས་པ་དེ་བོད་རྒྱ་མི་རིགས་གཉིས་ལ་བསམ་ན་ནམ་ཡང་དུས་ཚོད་སྐར་ཆ་ཙམ་ཡང་ཆུད་བཟོས་གཏོང་མི་ཉན་པའི་ཁ་བརྡ་ཡང་བྱ་འདོད་བྱུང།

ཀོ་ལི་གྷལ་གཞིས་ཆགས་གཞུང་པ་ཚེ་དབང་བསོད་ནམས་ནས་སྤྱི་ལོ་ ༢༠༢༡ / ༡༡ / ༢༧  ཉིན་རང་ཁྱིམ་དུ་ཟིན་བྲིས་སུ་བཏབ།

བསམ་ཚུལ།

Post navigation

Previous Post: ༼ལམ་ཐག་རིང་བའི་ཕ་ཡུལ་༽གྱི་བཀླགས་བྱང་།
Next Post: ཀ་བཤད་བཀའ་བློན་གསུམ་ལ་བྲིས།

Comment (1) on “དབུ་མའི་ལམ་ནི་བོད་རྒྱའི་དཀའ་རྙོག་སེལ་བའི་ལྡེའུ་མིག་རེད་ལ་མ་འོངས་བོད་མི་རིགས་འཚོ་གནས་ཐུབ་པའི་མདུན་ལམ་ཡང་རེད་།”

  1. གླེའུ་འཇོམས says:
    2022-06-03 at 4:30 am

    རྙོག་བཤད བཙུན་བཤད བློ་ཆུང་རྫུན་བཤད། དབུ་མའི་ལམ་ནི་རྒྱ་བོད་བར་དཀའ་རྙོག་སེལ་བའི་ལྡེའུ་མིག་ཡིན་ཞེས་བ་ཧ་ལམ་རྒྱ་ནག་གིས་གོ་ཡོད་རྒྱུ་རེད། ཁོ་ཚོས་དེ་ད་བར་དུ་དང་ལེན་མི་བྱེད་པར་རྒྱུ་མཚན་ཅི་ཡིན་པ་ཁྱོས་འེ་ཤེས། རང་ཉིད་མཁས་བའི་ཚུལ་དུ་བཞག གཞན་པ་གླེན་པའི་ཚུལ་དུ་བླངས། འོན་ཀྱང་མཁས་རྟགས་ཅི་འདྲ་གཏན་རུང་རྗེས་ལུས་ཀྱི་རིགས་སུ་ལུས་ཡོད་པ་མ་བརྗེད། ད་མུ་མཐུད་དུ་འདི་འདྲ་ཀླད་དཀྲུ་གླེན་བཤད་གནང་ན་བོད་ལ་རེ་བ་མི་འདུག ལྷག་པར་ཆོས་ཞུགས་ཚོས་སྲིད་ཕྱོགས་མི་གོ་གོ་མདོག་སྟོན་པ་དང་མི་ཤེསཤེས་མདོག་འདི་འདྲ་སྟོན་བཞིན་པ་ནི་དངོས་ནས་དྲང་ནས་ཨ་བ་ཨ་མ་རེད།
    ད་ཁྱོད་རྣམ་པས སྡོམ་པ་ཡག་པོ་སྲུང་། དབུ་མ་སྒོམ། ཀླད་ཆུང་མཆོག་ཤེས་ཀྱི་འཚུལ་སྟོན། འོན་ཀྱང་སྐྱག་ཁ་ཟིམ་རོགས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme