Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྟོབས་ཀྱིས་བཞུད་པའི་བཤུལ་ལམ།

Posted on 2021-11-07 By འཚོ་བྱེད་བུ 1 Comment on སྟོབས་ཀྱིས་བཞུད་པའི་བཤུལ་ལམ།

སློབ་དཔོན་ཆེན་མོ་མཁས་པའི་དབང་ཕྱུག་ཟམ་གདོང་རིན་པོ་ཆེ་མཆོག་ཉིད་དགུང་གྲངས་གྱ་གཉིས་བཞེས་པའི་འཁྲུངས་སྐར་དུས་སྟོན་ལ་ཕུལ་བའི་ཚིགས་སུ་བཅད་པ།

ཧོར་གཙང་འཇིགས་མེད།

འབད་དང་བརྩོན་པའི་རྣོ་གྲིའི་དབལ་གྱིས་གནའ་དེང་ཤེས་བྱའི་ནགས་ལ་ཟ།།

རྒུད་དང་རྨོངས་པའི་ཚང་ཚིང་བསྲེགས་ཏེ་མཁྱེན་རབ་ལྗང་ལོའི་འདབ་མ་ལྡེམ།།

བློ་དང་ཐོས་པའི་ཉིང་རྡུལ་བསགས་ཏེ་འཇིགས་མེད་སྤོབས་པའི་གད་རྒྱངས་ཅན།།

དུས་ཀྱི་མཐའ་ན་མཁས་པའི་མཁས་པ་བསོད་ནམས་སྟོབས་ཀྱི་སློབ་དཔོན་མཆོག།

ཞབས་མེད་འཁོར་བའི་དོང་ནས་ཕྱུང་སྟེ་ཞི་བསིལ་ངུར་སྨྲིག་ཚལ་དུ་གཤེགས།།

བརྟན་གཡོའི་བཀོད་པ་འབྱམས་སུ་ཀླས་པའི་གདོད་ལུགས་གཞི་ཡི་ཆོས་ཉིད་བཙལ།།

སྒྲིབ་གཉིས་འཁྲུལ་བའི་སྨུག་སྤྲིན་བསལ་ཕྱིར་ས་དང་ལམ་གྱི་བཤུལ་ལམ་བགྲོད།།

འབྲས་བུ་སྐུ་བཞིའི་གྲོང་ལ་ཕྱོགས་པའི་ཐེག་པ་མཆོག་གི་བཤེས་གཉེན་གཅིག།

ཞུམ་མེད་སྟག་གི་སྙིང་ཁམས་འབར་ཀྱང་གུས་རྟག་སྦྱོར་བ་དང་དུ་བླངས།།

ལུང་རིགས་འཕུར་ལྡིང་གཤོག་རྩལ་རྫོགས་ཀྱང་ངར་འཛིན་ཁ་ལ་ཐལ་བ་བྱིན།།

བློ་གསལ་རྐང་དྲུག་འཚུབ་པའི་ཀློང་ན་བསླབ་གསུམ་སྦྲང་རྩིའི་ཟིལ་མངར་ཅན།།

མི་གཤིས་འཆོལ་བའི་ས་ཡོམ་ཁྲོད་ན་ཇོ་འབྲོམ་ཡབ་སྲས་རྣམ་ཐར་འཛིན།།

བཙན་པོའི་བླ་མཁར་ཆག་གྲུམ་གསེབ་ནས་རྡུལ་དང་བྱེ་མ་རླུང་གིས་འཁྱེར།།

ཉེས་མེད་མི་ཚོགས་འཚུབ་པའི་བུ་ཡུག་ལྷོ་རྒྱུད་འཕགས་པའི་ཡུལ་ལ་བདས།།

རྒྱལ་བ་དགྱེས་པའི་མཆོད་སྤྲིན་མེ་ཏོག་ཁྱེད་ཀྱང་ལྷོ་མཐའི་ལྗོངས་ལ་བབ།།

ས་ཡ་དྲུག་གི་སེམས་ཀྱི་རྟེན་གཞི་རྒྱལ་ཐབ་གསར་བའི་ཀ་ཆེན་བཏེགས།།

བདག་མེད་དྭ་ཕྲུག་གཅེར་བུའི་ཚོགས་ལ་འཚོ་ཐབས་སྒྲོ་ཡི་ཐུལ་བ་བསྩལ།།

ས་ཁུག་འགོལ་བོའི་ནགས་པ་མགོ་རྒོད་མི་ཆོས་དཀར་པོའི་ལམ་དུ་དྲངས།།

རྨོངས་ཤིང་འཐོམ་པའི་མི་ཡི་ཚོགས་ལ་སྔ་ན་མེད་པའི་ལེགས་བྱང་སྟབས།།

ཁྱེད་ནི་དཔག་ཚད་སྟོང་གི་དབྱིངས་ན་གཤོག་རྩལ་རྫོགས་པའི་གླག་རྒོད་ཅིག།

རྒྱལ་བའི་ཐུགས་རྗེ་ཉི་འོད་སྙོམས་པོས་ས་ཆེན་གདག་སྲིབ་དྲོད་ཀྱིས་བསྐྱངས།།

ཁྱེད་ཀྱི་འགྱུར་མེད་དད་དམ་གཙང་མས་ཚེ་དང་བགྱི་བ་སྙོམས་པར་མཛད།།

ས་ཡ་དྲུག་གི་སེམས་པུའི་སྦུབས་ན་ཁྱེད་ལ་དང་བའི་ཟུངས་ཁྲག་ཡོད།།

ཕྱི་རབས་གཞོན་ནུའི་མདུན་སྐྱོད་ཁྲོད་ན་ཁྱེད་ཉིད་འཕྱར་བའི་ང་རྒྱལ་ཡོད།།

མཁས་མང་བློ་གསལ་བྱེ་བའི་གླིང་ནས་གྲགས་པའི་འབྲུག་སྐད་ཟིལ་གྱིས་ལྡིར།།

དྲང་སྲོང་ལྷུང་བ་ནགས་ཀྱི་མཐའ་རུ་མི་གཤིས་རིག་པའི་བཟོ་སྐྲུན་མཛད།།

དྷོ་ལ་དྷར་གྱི་རི་བོའི་ངོགས་སུ་ཡང་དག་ཁྲིམས་ཀྱི་སྒྲོམ་གཞི་བསྐྲུན།།

རང་དབང་དམངས་གཙོའི་ལམ་ཆེན་བཤངས་པའི་ཟླ་མེད་དུས་ཀྱི་དྲང་སྲོང་ཞིག།

མདོ་དང་རྒྱུད་སྡེའི་ཉིང་ཁུ་བསྐྱིལ་བས་འབྱུང་མེད་ཤེས་བྱའི་རྒྱ་མཚོ་ལྟེམས།།

སྒྲིག་དང་ཁྲིམས་ཀྱི་སྲོལ་ལ་དབང་བས་དམངས་གཙོའི་ཇུས་ཀྱི་ས་ཁྲ་བཀྲམས།།

ཤར་དང་ནུབ་ཀྱི་ལེགས་བྱང་སྦྲུམ་པས་མཁས་རྒུའི་གཙུག་གི་རྒྱན་གཅིག་སྟེ།།

ན་ལནྡྲ་ཡི་གྱང་རོའི་འདབས་ན་རིགས་པའི་དབང་ཕྱུག་གསུམ་པ་ཞིག།

ནག་ཕྱོགས་ཁྲོས་པའི་སྡིགས་ར་གཉན་པོ་དཔའ་དང་སྤོབས་པས་ཟིལ་གྱིས་གནོན།།

ཉམ་ཐག་སྐྱོ་བའི་ངུ་འབོད་ནག་པོ་བྱམས་བརྩེའི་ཐུགས་ཀྱིས་དང་དུ་ལེན།།

འགྱུར་མེད་ཐུགས་ཀྱི་དམ་བཅའ་བརྟན་པོས་རྣོ་ལྕགས་ངར་གྱི་སྒལ་ཚིགས་འཛིན།།

ལས་བཞིའི་ནུས་པ་མཆོག་ཏུ་འབར་བའི་སྟོང་ལོ་གསར་བའི་གྲུབ་ཐོབ་གཅིག།

རྒྱལ་བའི་དབང་བོའི་རྨད་བྱུང་འཕྲིན་ལས་གྱེན་དུ་འདེགས་པའི་བྱེད་པོ་སྟེ།།

ས་ཡ་དྲུག་གི་མངོན་འདོད་སྒྲུབ་པའི་སྐྱོ་ངལ་མེད་པའི་དྲང་སྲོང་མཆོག།

དཀའ་སྡུག་ཀློང་གི་གདོང་དམར་བོད་ལ་ཁྱེད་ཉིད་ཡོད་པ་གཟི་བརྗིད་མཐོ།།

མིག་འབུར་གཏོད་པའི་གདུལ་བྱའི་ཚོགས་རྣམས་ཁྱེད་དང་མཇལ་བ་སྐལ་བ་སྦོམ།།

དམན་པས་བློ་ཡིས་ཐོ་ཅོ་གཉེར་ཏེ་ཁྱེད་ཀྱི་ཡོན་ཏན་བསྒྲག་འདོད་པ།།

སློང་མོ་མཁན་གྱིས་ཕྱུག་པོའི་བུ་ལ་འབྱོར་བ་སྒྲུབ་པའི་ལམ་སྟོན་བཞིན།།

འཁོར་དང་གདུལ་བྱའི་སྐལ་བ་དམན་ཀྱང་ཡུན་རིང་དཔྱད་པའི་མྱོང་བ་ཡིས།།

ཟོལ་བསྟོད་གཅམ་བུའི་གཡའ་དང་བྲལ་བའི་ཡིད་ཀྱི་མེ་ཏོག་སིལ་མ་གཏོར།།

ཕྱིར་མི་ལྡོག་པའི་ཐུགས་སྐྱེད་བརྟན་པོས་ཆོས་དང་སྲིད་ལ་མངའ་དབང་བསྒྱུར།།

ཚེ་དང་སྙོམས་པའི་ལེགས་ཚོགས་བགྱི་བ་ཀུན་བཟང་ཞིང་དུ་སིམ་གྱུར་ཅིང་།།

ཡིད་བཞིན་འཁོར་ལོའི་བྱིན་རླབས་འོད་ཀྱིས་རྡོ་རྗེའི་བྲག་གི་དཔལ་བརྙེས་ཏེ།།

གྲུ་འཛིན་རི་བོའི་གཞལ་མེད་ཁང་དུ་ཡབ་སྲས་ལྷན་ཅིག་འབྱོན་པར་སྨོན།།

སྟོབས་ཀྱིས་བཞུད་པའི་བཤུལ་ལམ་ཞེས་པ་འདི་ཡང་རིང་ནས་ངོ་ཤེས་པའི་སྐུ་ཞབས་ཀུན་དགའ་བཀྲ་ཤིས་ལགས་ཀྱིས་རྩོམ་སྐུལ་གནང་བ་རང་གི་སེམས་འདུན་དང་ཧྲིལ་གྱིས་མཐུན་པར་གྱུར་པས། མི་ཡི་རྗེ་བོ་དང་ལྷ་ཡི་སྲས་པོ་མཁས་མཆོག་ཟམ་གདོང་རིན་པོ་ཆེ་མཆོག་དགུང་གྲངས་གྱ་གཉིས་ཧྲིལ་བོར་བདེ་ཕེབས་བྱུང་བའི་འཁྲུངས་སྐར་བསུ་སྟོན་གྱི་ཚིགས་སུ་བཅད་པ་འདི་དག་བགྱིད་པོ་ནི་ཡུལ་མདོ་སྨད་ཀྱི་ལྗོངས་སུ་སྐྱེས་ཤིང་རིག་པའི་གནས་དུ་མ་ལ་སྦྱངས་བརྩོན་བྱས་ཤིང་། གསེར་བཟང་ལྟ་བུའི་དར་མའི་མི་ཚེ་ཧྲིལ་བོ་མི་ཡུལ་གྱི་རྒྱལ་ཁམས་འགྲིམས་ནས་རྫོགས་པ་ཧོར་གཙང་འཇིགས་མེད་དུ་འབོད་པས། ཕྱི་ལོ་༢༠༢༡ ལོའི་ཟླ་༡༠ ཚེས་༢༨ ཉིན་ཕུལ་བ་དགེའོ།།

སྙན་ངག

Post navigation

Previous Post: ང་ཡི་སྐྱོ་བ་ཁུར་བའི་གཙང་བོ།
Next Post: འབུམ་ཚོགས་ཀྱི་དཔེ་དེབ་གསར་ཐོན་ངོ་སྤྲོད་གསལ་བསྒྲགས།

Comment (1) on “སྟོབས་ཀྱིས་བཞུད་པའི་བཤུལ་ལམ།”

  1. འབྲོང་བུ་སོག་ཚ། says:
    2021-11-09 at 7:15 pm

    ཕྱོགས་རིས་མེ་ལྕེ་རྣམ་པར་བཞད་པས་དགེ་ལྡན་བསྟན་པ་ཁོ་ན་ལས།
    གཞན་རྣམས་མངོན་ཆུང་འཇམ་པོའི་ཚུལ་གྱིས་ཟུར་དུ་དབྱུང་བའི་བྱེད་གཏེ་ཁོ།
    གདོན་འདྲེ་ཁོག་ཞུགས་བསྟན་སྲིད་བཅོམ་སྟེ་དགྲ་བོ་རྒྱ་ལ་མགོ་བོ་བཏུད།
    བཙན་པོས་བརྩིགས་པའི་རང་བཙན་བག་གམ་གཏོར་མཁན་ཁྱོད་ཉིད་མ་འདུག་གཤེགས།།

    ལོ་གྲངས་དུ་མ་སྡིག་པ་ཁོ་ན་ལས་གཞན་མ་མཆིས་གྲྭ་རྒན་གཟུགས།
    ལོ་གྲངས་དུ་མ་བསམ་ངན་ཁོ་ན་ལས་གཞན་མ་མཆིས་གྲྭ་རྒན་གཟུགས།
    ལོ་གྲངས་དུ་མ་ཕྱོགས་རིས་ཁོ་ན་ལས་གཞན་མ་མཆིས་གྲྭ་རྒན་གཟུགས།
    ལོ་གྲངས་དུ་མ་སྡིག་ལ་མ་གཞོལ་ད་ནི་མ་བཞུགས་མྱུར་དུ་གཤེགས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme