Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ང་ཚོས་རྒྱ་མི་ལ་འཆམ་པོ་བྱས་ན་ཡག་ཤོས་རེད།

Posted on 2010-07-232010-07-23 By ཁ་བརྡ་ 30 Comments on ང་ཚོས་རྒྱ་མི་ལ་འཆམ་པོ་བྱས་ན་ཡག་ཤོས་རེད།

བླ་མ་ཉིན་ཐོ་བ།
ང་ཚོས་ནམ་རྒྱུན་ནས་ང་ཚོ་ནི་འཛམ་གླིང་འདིའི་ནང་དུ་ཧ་ཅང་གི་མ་འདྲ་བའི་མི་རིགས་ཤིག་ཡིན་པར་བཤད་པ་དང་ལྷག་པར་དུ་སྤྱན་རས་གཟིགས་དངོས་ཀྱི་གདུལ་བྱར་གྱུར་བའི་བྱམས་པ་དང་སྙིང་རྗེ་ཅན་ཤ་སྟག་གི་མི་རིགས་ཤིག་ཡིན་པར་འགྲེལ་གྱི་ཡོད་པ་རེད།

དགེ་རྒན་དང་ཕ་མ། རྒན་པ་དང་ཆེ་བ་དག་གིས་ཀྱང་རྒྱུན་དུ་ནས་བསླབ་བྱ་བརྒྱག་སྐབས་བོད་མི་ཚོར་མི་རིགས་གཞན་པ་དང་གཏན་ནས་འདྲ་བོ་མིན་པའི་ཐུན་མིན་གྱི་ཁྱད་ཆོས་ཤིག་ཡོད་པ་ནི་བསམ་བློ་གཏོང་སྟངས་དང་སྤྱོད་པ་འཁྱེར་སྟངས་ཀྱི་ཆ་དེ་ཡིན་པ་རེད་ཟེར་གྱི་འདུག

བོད་མི་ཚོ་ནང་པ་སངས་རྒྱས་པའི་ཆོས་ལ་དད་མོས་ཆེ་སྟབས་བོད་མི་ཚོའི་ཁ་ནས་རྒྱུན་དུ་རང་གི་མ་ལ་མ་གྱུར་བའི་སེམས་ཅན་གཅིག་ཀྱང་ཡོད་པ་མ་རེད་ཟེར་བ་དང་གསོལ་བ་སྨོན་ལམ་འདེབས་སྐབས་ཀྱང་སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག སེམས་ཅན་ཐམས་ཅད་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་ལས་གྲོལ་བར་གྱུར་ཅིག ཅེས་ཟེར་གྱི་ཡོད་པ་རེད།

ཐམས་ཅད་མཁྱེན་པ་༸གོང་ས་མཆོག་གིས་ཀྱང་མི་ལ་རིན་ཐང་བྲལ་བའི་དངོས་པོ་ཞིག་ཡོད་པ་ནི་སེམས་པ་བཟང་བོ་བྱེད་རྒྱུ་དེ་ཡིན་གསུངས་སོང་།

ཚང་མས་སེམས་པ་བཟང་བོ་བྱས་ཏེ་འགྲོ་བ་ཕན་ཚུན་གྱི་བར་ལ་འཚེ་བ་མེད་པ་དང་གནོད་པ་དང་འཁྲུགས་པ་མེད་པ་བྱས་ན་འཛམ་བུ་གླིང་འདི་ཉིད་ཀྱི་སྟེང་དུ་ཞི་བདེའི་འོད་ཟེར་འཕྲོ་བར་དུས་ཚོད་སྐར་མ་གཅིག་ཀྱང་འགོར་མི་དགོས་པའི་ཚོད་ལོས་ཀྱང་ཡིན། སེམས་པ་བཟང་བོ་བྱས་ཏེ་དགེ་རྒན་དང་ཕ་མ་སོགས་ལ་གོང་བཀུར་བྱེད་པ། ཆུང་བ་རྣམས་ལ་བྱམས་པོ་དང་། སྐྱོ་བ་རྣམས་ལ་རོགས་རམ་བྱེད་པ། འགྲིགས་པོ་མཐུན་པོ་བྱེད་པ། བརྩེ་བ་དང་དགའ་བ་བྱེད་པ་སོགས་ནི་འཇིག་རྟེན་འདིའི་སྟེང་གི་འགྲོ་བ་སེམས་ལྡན་ཡོངས་ཀྱི་ཐུན་མོང་གི་བདེ་སྐྱིད་ལྡན་པའི་འཚོ་བའི་འཛུམ་མདངས་ངོ་མ་དེ་མ་ཡིན་ནམ།

གཞན་ཡང་ཐམས་ཅད་མཁྱེན་པ་མཆོག་གིས་རང་གི་དགྲ་བོ་ནི་རང་གི་དགེ་རྒན་ཡག་ཤོས་ལ་བརྩི་དགོས་གསུང་སོང་།

དངོས་གནས་བྱས་ན་ང་ཚོ་ནི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་དྲི་མ་མེད་པའི་ཆོས་ཀྱི་སྙིང་བོ་ལ་སློབ་སྦྱོང་བྱེད་མཁན་དང་དེའི་རྗེས་སུ་འཇུག་མཁན་ཤ་སྟག་ཡིན་པ་སོང་ཙང་བཟོད་པའི་ཕ་རོལ་དུ་འགྲོ་མི་ཐུབ་ནའང་འཇིག་རྟེན་འདི་དང་ལྷག་པར་དུ་རང་སྡེའི་རིགས་ཀྱི་བདེ་སྡུག་གི་ཕྱིར་དུ་ཐེ་ཚོམ་མེད་པའི་ངང་ནས་རྒྱ་མི་དང་མཉམ་དུ་མཛའ་འབྲེལ་གྱི་ལག་ཟུང་བརྐྱང་རྒྱུ་ནི་འོས་ཤིང་འཚམས་པའི་དོན་ཆེན་ཞིག་ཅི་ལ་མ་ཡིན་ནམ།

ངས་འདི་ལྟར་རྒྱ་མི་དང་མཉམ་དུ་འཆམ་པོ་བྱས་ན་ཡག་ཤོས་རེད་ཟེར་དུས་ཁྱེད་རང་ཚོའི་ནང་གི་ཁ་ཅིག་གིས་ཐད་ཀར་དུ་ང་ལ་ཞབས་འདྲེན་སྡར་མ་ཞེས་སྡིགས་དམོད་བྱེད་ཀྱང་སྲིད། འོན་ཀྱང་། ང་རང་གིས་དགྲ་བོ་འདུལ་ན་དགྲ་བོ་དང་ལྷན་དུ་གྲོགས་པོ་བཟོ་རྒྱུ་ནི་ཐབས་མཆོག་རྩེ་གྲས་ཤིག་ཡིན་པར་འདོད་ཀྱི་ཡོད།
སེམས་དང་ལྡན་པའི་འགྲོ་བ་ཞིག་ཡིན་ན་ཕར་ལ་འཆམ་པོ་བྱས་ན་དགའ་བོ་མེད་མཁན་ཞིག་མི་སྲིད་པ་ཡིན་དུས་ང་རང་ཚོའི་ངོས་ནས་ཀྱང་རྒྱ་མི་ལ་འཆམ་པོ་བྱེད་པར་མགོ་བརྩམ་ན་ཡག་ཤོས་རེད། འཆམ་པོ་བྱས་ན་གྲོགས་པོ་ཆགས་ཀྱི་རེེད། གྲོགས་པོ་ཆགས་སོང་ན་མཛའ་བ་དང་བརྩེ་བའི་ངང་མཉམ་གནས་བྱེད་ཆོག་གི་རེད། གཙོ་ཆེ་བ། དམག་འཁྲུག་དང་འཐབ་རྩོད། གསོད་རེས་དང་གཏུབ་རེས་མ་བྱས་ན་གཞན་བྱ་དངོས་གང་ཡང་མི་རྟག་པ་ཡིན་པ་སོང་ཙང་བདག་འཛིན་ཇི་ལྟར་ཆེ་ན་སྡུག་བསྔལ་དེ་ལྟར་ཆེ་བར་འགྲོ་བའི་རྒྱུ་ལས་ཅི་ཡང་མ་འདས་པ་རེད། ཆེས་གནད་དོན་ཆེ་ཤོས་ནི། རྒྱ་བོད་གཉིས་ཀྱི་མི་དམངས་ཡོངས་ལ་བདེ་སྐྱིད་ལྡན་པའི་ཞི་བདེའི་འཚོ་བ་ངོ་མ་ཞིག་རོལ་ཏུ་འཇུག་རྒྱུ་དེ་རེད།

རྩོམ་རིག

Post navigation

Previous Post: རྒྱ་རུ་འགྱུར་གྱིན་པའི་འབྲོག་པའི་བུ་མོ་ཞིག
Next Post: བཀའ་སྤྱིའི་འོས་བསྡུ་ལས་འཕྲོས་པའི་ཚོར་སྣང་ཐན་ཐུན།

Comments (30) on “ང་ཚོས་རྒྱ་མི་ལ་འཆམ་པོ་བྱས་ན་ཡག་ཤོས་རེད།”

  1. སྤྲ་ནག་དོན་འགྲུབ་ཚེ་རིང་། says:
    2010-07-23 at 11:06 am

    ལུག་གིས་སྤྱང་ཀི་ལ་འཆམ་པོ་བྱེད་རྒྱ་དེ་ཡོང་ཐུབ་ཡོད་དམ། ད་བྱས་ན། ང་ཚོ་བོད་པ་རྣམས་ཀྱི་སྤྱོད་པ་དང་སེམས་པ་མ་བཟང་་པོ་མེད་རྐྱེན་རྒྱ་མིས་གཞུང་གི་དམར་གསོད་བྱས་པ་རེད་པས། ཡང་མགོ་ཐོག་ལ་རྡོང་ན་སྟོང་སྐད་གྲག་མཁན་ཞིག་ཡོང་འདུག།

  2. ཅོ་རི་ཉི་མ། says:
    2010-07-23 at 1:05 pm

    རྒྱ་དགའ་མ། ཁྱོད་རང་རྒྱ་ལ་དགའ་ན་ཆམ་པོ་བྱོས། གོང་ཁྲན་ཏང་ཡོན་ནང་དུ་འཛུལ་ཞུགས་བྱེད་རོགས། བོད་མི་རྒྱལ་ཞེན་པ་ཚོ་དམར་གསོད་གཏོང་རོགས། འདིར་རྒྱ་དགའ་མ་ཚོའི་ལས་འགུལ་རེད།

  3. ཨ་ནུ་ཐང་བསོད་ནམས། says:
    2010-07-23 at 3:38 pm

    བོད་ཀྱིས་རྒྱ་ལ་འཆམ་པོ་མ་བྱས་བས་བོད་བརླགས་མ་རེད། བོད་ཀྱིས་རྒྱ་ལ་འཆམ་པོ་བྱེད་རྒྱུ་མང་དྲག་པས་བོད་བརླགས་ཤིང་རང་དབང་ཡོད་ཚད་ཤོར་བ་རེད། སྐུ་ཉིད་ཀྱིས་བོད་ཀྱི་ལོ་རྒྱུས་འགོ་ནས་འཇུག་བར་དུ་ཚད་ལྡན་ཞིག་ཀློག་ཡོད་ཚེ་སྐད་ཆ་འདི་གསུངས་དཀའ་སྟེ། ཟམ་གདོང་རིན་པོ་ཆེས་གོར་ཁའི་དམག་འཁྲིགས་རིམ་པའི་སྟོབས་ཀྱིས་བོད་ཀྱིས་རྒྱ་ནག་དང་དམིགས་གསལ་གྱི་འབྲེལ་བ་མི་བྱེད་ཐུབ་མེད་ཆགས་མཐར་ད་ལྟའི་གནས་སྟངས་འདི་བྱུང་པ་རེད་ཅེས་གསུངས་པ་སྐུ་ཉིད་ཀྱིས་མ་ཐོས་བའམ་ཡང་ན་གོ་འདོད་མེད་པས་ཡིན་རྒྱུ་རེད།
    སྦྲ་ནག་པས་གསུངས་བ་ནི་དངོས་གནས་རེད། ལུག་གིས་སྤྱང་ཀི་འཆམ་མཐུན་བཟུང་བ་དང་བྱི་ལ་ཙི་ཙི་རྒྱལ་པོ་བཀོད་པ་དང་གཅིག་མཚུངས་རེད།
    མོའོ་ཡིས་་་་བྱ་ཏེ་རྒྱབ་ཀྱི་སྒྲོ་ཚང་མ་བལ་རྗེས་ཟ་མ་སྟེར་ན་ཁྱེད་ལ་དགའ་པོ་བྱེད་ཀྱིན་རེད་གསུངས་བའི་བདུད་རྩུབ་ཅན་རིག་གཞུང་འོག་སྤྲེའུ་ལས་ཕན་ཐོགས་བྱུང་བ་དེ་ཚོམ་ཉིད་དུ་འདོད། མི་སེར་སྤེལ་བའི་རིང་ལུགས་དང་དམག་དོན་ལ་སྙིང་རྗེ་མེད་པ་ཁོ་བོའི་སྔ་མོ་ནས་གསལ་རྟོགས་བྱུང་ཡོད།

  4. གཡུ.དུག་སྦྲང says:
    2010-07-23 at 11:16 pm

    མྱི་འདི་རྒྱ་དགའ་ཞིག་ཡིན་མིན་ཁ་ཚོད་གཅོད་དཀའ་མོད་་་་རྩོམ་འཆལ་འདིའི་རྒྱབ་ལྗོངས་ན་འཇིགས་སུ་རུང་བའི་ལྐོག་མདའ་ཞིག་འདུག་་།། ཁ་འཇམ་པོའི་སྒོ་ནས་མདའ་ནག་པོ་ཞིག་འཕེན་གི་ཡོད་པ་འདྲ་་་་་་་་་་་་་་་་་་་་་་་་་་་་དྲ་གྲོགས་ཚོ་ཁྱེད་ཚོ་ལ་ཚོར་བ་འདི་འདྲ་ཞིག་འདུག་གམ་།།

  5. བླ་མ་ཉིན་ཐོ་བ། says:
    2010-07-24 at 12:09 am

    ཧཧཧཧཧ་་་་མགོ་སྟོང་ཁ་ཤས་སླེབས་འདུག་གཱ ཁྱོད་ཚོ་ལ་གནས་ལུགས་བཤད་ནའང་མི་གོ་མཁན་ཤ་སྟག་ཡིན་པ་སོང་ཙང་། ངས་ཁྱོད་ཚོ་ལ་ཡ་བཅས་ཀྱི་མིན། དུས་ཚོད་འཕྲོ་བརླག་རེད། སྐད་ཆ་བཤད་འདོད་ན་གནས་ལུགས་ཤོད། རྒྱུ་མཚན་དྲོངས། རིག་པ་བརྡོར།

  6. བླ་མ་ཉིན་ཐོ་བ། says:
    2010-07-24 at 12:14 am

    སྦྲ་ནག་ལགས། ལུག་དང་སྤྱི་ཀི་ལ་དཔེ་བཞག་ན་ཁྱོན་ནས་ཡོང་ཐབས་ཡོད་པ་མ་རེད། རང་ཉིད་ཆེས་མི་དགའ་བའི་མི་ཞིག་ཡོད་ན་མི་དེས་ག་ཚད་ཡག་པོ་བཅས་པ་ཡིན་ནའང་ཁྱེད་ཀྱིས་དེའི་ཕྱོགས་ཀྱི་སྐྱོན་ཆ་ཁོ་ན་མ་གཏོགས་ཁྱོན་ནས་མཐོང་སྲིད་ཀི་མ་རེད། རྒྱུ་མཚན། ཁྱོད་ཀྱི་སེམས་པ་ཉོན་མོངས་ཀྱི་བདུད་ཀྱིས་བརླམས་ནས་ཡོད་པ་རེད། ཁྱོད་ད་དུང་དངོས་གནས་ལོ་ཆུང་རེད། བསམ་བློ་གཏོང་ཤེས་ཀྱི་མེད་ས་རེད།

  7. བོད་ཀྲུ། says:
    2010-07-24 at 12:33 am

    བོད་པ་ཡིན་ཚད་བྱམས་པ་དང་སྙིང་རྗེ་ཅན་ཡིན་པ་མ་སྣང་།

  8. བླ་མ་ཉིན་ཐོ་བ། says:
    2010-07-24 at 12:39 am

    ཅོ་རི་ཉི་མས་བྱིས་པ་ཆུང་ཆུང་གི་སྐད་ཆ་བཤད་ཀྱི་འདུགཧཧཧཧཧཧཧཧཧ

  9. ཀརྡོ་རབ་འབྱམས་པ་ says:
    2010-07-24 at 3:10 am

    ང་ཚོས་རྒྱ་དང་འཆམ་པོ་བྱས་ན་ཡག་ཤོས་རེད།

  10. བླ་མ་ཉིན་ཐོ་བ། says:
    2010-07-24 at 3:57 am

    གནས་ལུགས་ཤོད་ཡཱ། རྒྱུ་མཚན་དྲོངས་ཡཱ། ཆོ་མེད་ནོ་མ་བཤད།

  11. རང་བཙན་ལྡེའུ་ says:
    2010-07-24 at 4:48 am

    བླ་མ་ཁྱེད་ཀྱི་སེམས་བཟང་པོ་དང་འཆམ་པོ་བྱེད་དགོས་པའི་བཀའ་སློབ་གནང་ས་དེ་ནོར་ཐི་ཡ་ ཁྱེད་ཀྱི་བཀའ་སློབ་དེ་རྒྱ་གུང་དྲན་ལ་གནང་ལེ་ཡིན་ན་བོད་རང་སྐྱོངས་མགྱོགས་པོ་ཐོབ་ལེ་གི་ངོ་མ་བོད་དང་རྒྱ་གཉིས་འཆམ་པོ་སྐྱིད་པོ་ཡོང་ལེ་རེད་ཡ་ དེ་མིན་ཚེ་གདུག་རྩུབ་གླང་ཆེན་གྱི་བྱེད་བཞིན་དུ་ཉམས་ཆུང་ཙི་ཙི་ལ་སེམས་བཟང་པོ་དང་འཆམ་པོ་བྱེད་ཟེར་ན་ ཆི་ཟེར་ལེ་རེད་ཡ་།

  12. མེ་ཏོག་དཀར་པོ། says:
    2010-07-24 at 4:59 am

    ངས་བསམ་ན་རྒྱུ་བོད་གཉིས་འཆམ་པོ་བྱུང་ན་ཡག་ཤོས་ལོས་ཡིན་དྲན། དེ་ཙམ་གང་དུ་ཚད། པེལིས་ཏན་དང་ཨིསི་རིལ། རྒྱ་གར་དང་པ་ཀིས་ཏན། ཁ་ཆེ་བ་དང་ཨ་རི་བ། མི་དང་དུད་འགྲོ། འདི་དག་ཚང་མ་འཆམ་པོ་བྱུང་ན་ངོ་མ་ཡག་ནི་རེད་ཨ།

    ཡིན་ནའང་འཆམ་སྟངས་ཞིག་ཡོད་དགོས་ནི་རེད་ཨེ་གོ

  13. རྩམ་དགའ། says:
    2010-07-24 at 7:58 am

    ཀླད་རྩ་རིལ་བུའི་མི་ལ། །
    མཐུན་བོ་ག་ཚད་བྱས་ཀྱང་། །
    ད་དུང་ཚུར་ལ་རྒོལ་ནས། །
    ལྐུགས་པའི་ཐ་སྙད་འདོན་གི །

  14. བཟོད་པ་ལྷ་རྩེ་ says:
    2010-07-24 at 8:27 am

    བླ་མ་ལགས་ཉིད་ནས་གབ་སྲུག་ལོག་ནས་རྒྱའི་འདོམ་ཕྲག་བར་འཛུགས་ནས་རྒྱ་ཁྱིའི་སྐད་ཨའུ་ཨའུ་ཞེས་འདོན་ན་ལེགས།

  15. སྤྲ་ནག་དོན་འགྲུབ་ཚེ་རིང་ནས། says:
    2010-07-24 at 11:31 am

    ཨ་ལགས་ཉིན་ཐོ་ལགས་། ཁྱོད་ཀྱི་བསམ་ཚུལ་མཐར་གཏུག་དེ་། ང་ཚོ་བོད་མི་ཚང་མས་རྒྱ་ནག་གཞུང་ལ་འདོད་པ་ག་རེ་ཡོད་པ་དེ་བསྒྲུབས་དགོས་གྱི་འདུག་ལབ་གི་ཡོད་པ་རེད་པ། བོད་ལ་གྱོང་རགས་ན་སྐྱོན་མི་འདུག་། གཙོ་བོ་རྒྱ་མིའི་འདོད་ཚིམས་དགོས་གྱི་འདུག་ལབ་གི་ཡོད་པ་རེད་ལ།

  16. མེ་ཏོག་དཀར་པོ། says:
    2010-07-24 at 5:02 pm

    བླ་མ་རིན་པོ་ཆེ་ཉིན་ཐོ་བ་ལགས། སྙི་ཧོ།

    རྒྱ་ཡི་སྦྱིན་བདག་ཞིག་གི་ཚོང་གི་ལམ་འགྲོ་ཆེད་མོ་ཞིག་རྒྱབ་རོགས་ཞུས་ཀི་འདུག

    ཁོང་ཕྱུག་པོ་རེད་འདུག་པས་རིམས་གྲོ་མང་ཙམ་དགོས་གསུངས་ན་ཡག་ས་རེད། ད་རེས་ལམ་འགྲོ་བྱུང་ན་ཡིག་ལྐོག་དམར་པོ་མང་ཙམ་ྥུལ་རྒྱུའི་འཆར་གཞི་འདུག
    སྦྱིན་བདག་གི་མིང་། ཆི་ལུའི།
    ལོ།་་་་་་་་་་་་་་་་་་་་་་་་་་་་་་་་༣༣
    ཁ་པར་ཨང་། ༠༠༩༢༤༣༥༣༥༥༥
    ཐུགས་བརྗེད་མ་ཁུར་རོགས།
    ཨོ་ཨོ་དགོངས་དག་གཅིག་བརྗེད་འདུག སྔོན་ཙམ་དུ་བལ་ཡུལ་ནས་ཁ་པར་ཞིག་སླེབས་སོང་། ཁྱེད་ཀྱི་གསང་ཡུམ་ལ་སྲས་གསུམ་པ་དེ་འཁྲུངས་འདུག མ་ཡུམ་གྱི་མནལ་ལམ་ཡང་ཡག་པོ་བྱུང་འདུག ནམ་རྒྱུན་ཆར་པ་བབས་བཞིན་པ་ལ་དེ་ཉིན་ཉི་མ་ཡང་ཤར་འདུག རྟགས་དང་རྟེན་འབྲེལ་གང་ལེགས་འདུག

  17. ཀརྡོ་རབ་འབྱམས་པ་ says:
    2010-07-25 at 1:35 am

    འཆམ་མཐུན་དགོས་པའི་རྒྱུ་མཚན་ནི།

    ཕ་མ་གཉེན་ཉེར་འཆམ་པོ་བྱེད་དགོས་ལ། །
    ཁྱིམ་མཚེས་ལེགས་ཉེས་ལ་ཡང་དེ་བཞིན་དགོས། །
    དགྲ་ལ་འཆམ་པོ་བྱེད་འདོད་དཔའ་བོ་དང་། །
    བྱང་སེམས་ཉམས་ལེན་དེ་ལྷག་མེད་པར་གསུངས། །

    སྡ་དུས་གཉེན་སྒྲིག་བྱས་དགོས་རྒྱ་མཚན་ཡོད། །
    བར་དུ་དམག་འཁྲུགས་བྱས་དགོས་རྒྱུ་མཚན་ཡོད། །
    མཐའ་མ་བཙན་འཕྲོག་བྱུས་པར་རྒྱུ་མེད་མིན། །
    གང་མྱུར་འཆམ་མཐུན་མཐར་ཐུག་མཐར་ཐོན་དགོས། །

  18. མེ་ཏོག་དཀར་པོ། says:
    2010-07-25 at 4:09 am

    མ་རྒན་འགྲོ་བ་གཞི་ལ་བཞག་ནས་འཆམ་མཐུན་སྨྲ་ན་རྒྱ་བོད་འཆམ་མཐུན་ཕྱོགས་རེ་བ། །
    རྒྱ་བོད་གཅིག་པུ་ཞི་བདེ་སྨྲ་འདི་ཆེ་མིན་ཆུང་མིན་པི་ཤ་ཙེ་ཡི་འདམ་ངག་ཞིག །
    ཁྱོད་ལ་ཞི་བདེའི་རྟགས་མའི་རེ་བ་མིན་འདུག་ད་དུང་སྡུག་རུས་སྔར་ལས་ཆེ་ཙམ་གྱིས། །
    ཞང་པོ་ཚང་ལ་ངོ་དགའ་ཁྲབ་ཤོག་གངས་ཅན་བོད་མི་གྱོང་ལ་སྐུར་ཤོག་ཀ་རྡོ་བ། །

  19. ཚྭ་སྒང་ཕོ་ཉ། says:
    2010-07-25 at 4:53 am

    དེང་སང་དངོས་གནས་ཚད་ལས་རྒལ་བའི་སྐད་ཆ་གང་མང་བཙོན་བྱོལ་སྐྱི་ཚོགས་འདིར་བཤད་ཀྱི་འདུག།
    ༧གོང་ས་མཆོག་ཁ་ལ་ཁུར་ནས་རང་བཙན་བརྩོད་མཁན་དག་༧གོང་ས་མཆོག་ལ་རྒྱབ་གཏོད་བྱེད་མཁན་རེད་ཅེས་བཤད་ཀྱི་འདུག་ལ་ཡང་རྒྱ་མི་དང་འཆམ་པོ་བྱས་ན་ཡག་ཤོས་རེད་ཟེར་ནས་ཡང་བཤད་བཞིན་འདུག།
    ད་དངོས་གནས་དུས་སྐབས་འདི་འདྲ་ལ་རྒྱུག་ཁྱི་དེ་དག་ལ་ལས་དཀའ་མང་པོ་རགས་ས་རེད། མི་ཁག་གཅིག་གིས་རང་གི་ལུས་ལ་རྒྱུར་བཞིན་པའི་ཁྲག་འདི་ཡང་ངོ་ཤེས་ཀྱི་མི་འདུག།
    བླ་མ་ཉིན་ཐོ་བ་ཧ་ཧ་ཧ་་་་ད་དངོས་གནས་ཧུ་ཅིང་ཐོ་ཡང་འཇམ་དཔལ་དབྱངས་ཀྱི་སྤྲུལ་པར་བཤད་ན་ཡག་ཤོས་རེད། ཁྱེད་ཀྱི་ཉིན་ཐོ་ནང་བོད་སྲོག་བཅད་པའི་བྱ་བ་མེད་པའི་སྨོན་ལམ་ཡོད།

  20. ཀརྡོ་རབ་འབྱམས་པ་ says:
    2010-07-25 at 6:26 am

    ས་འདྲེས་ཁྱིམ་མཚེས་དགྲ་རུ་ལྡང་བ་ནི། །
    ཁེ་གྱོང་མི་ཆུང་བ་ཞིག་ཡོད་ངེས་ཀྱང་། །
    རང་དང་ཁྱིམ་མཚེས་བློ་མཐུན་ཕན་གྲོགས་དང་། །
    ཞི་འཇམ་བདེ་འཇགས་གནས་ན་དེ་ལྷག་ཅི། །

    ལ་རྒྱའི་དབང་གིས་མེ་ཏོག་དཀར་པོ་ཡི། །
    ཞེ་འཁོན་དེ་འདྲ་ང་ལའང་བྱུང་མྱོང་ཡང་། །
    ཞི་བདེའི་དེད་དཔོན་རྗེས་སུ་འབྲངས་ཙམ་ལས། །
    ཞི་བདེའི་བྱ་དགའ་རྨི་ལམ་ན་ཡང་མེད། །

  21. མེ་ཏོག་དཀར་པོ། says:
    2010-07-25 at 6:47 am

    རྒྱ་བོད་འཆམ་མཐུན་ངས་ཀྱང་འདོད་དོ་འཆམ་སྟངས་ཇི་ལྟར་སྨྲྨྲ་རོགས་གྱིས། །
    སྡུག་གྱོང་ཡོད་ཚད་པོད་པས་ཁུར་ན་འཆམ་མཐུན་མ་རེད་ཕམ་ཚོང་རེད། །
    ཁེ་བཟང་ཡོད་ཚད་རྒྱ་ལ་སྤྲད་ན་བདག་གཞན་མ་མཉམ་རང་སྡུག་རེད། །
    ཕ་མེས་བསད་པའི་དགྲ་བོ་མ་བརྗེད་ཀ་རྡོ་སྐུ་ཚེ་རིང་རྒྱུ་ལོ། །

  22. ཀརྡོ་རབ་འབྱམས་པ་ says:
    2010-07-25 at 8:18 am

    ཆོས་ཡོན་འབྲེལ་བས་ཆོས་ཀྱིས་རྒྱ་ལ་ཕན། །
    བོད་གཏེར་བརྔོགས་པས་རྒྱ་སྤྲང་མང་པོར་ཕན། །
    རྒྱ་ལ་མེད་པའི་མང་གཙོའི་ལག་ལེན་གྱིས། །
    ཕན་པར་འདོད་ན་ཞི་བདེ་མཉམ་གནས་དགོས། །

  23. མེ་ཏོག་དཀར་པོ། says:
    2010-07-25 at 4:12 pm

    ཆོས་ཡོན་འབྲེལ་བས་ཆོས་ཀྱིས་རྒྱ་ལ་ཕན། །
    བོད་གཏེར་བརྔོགས་པ་དེས་ཀྱང་རྒྱ་ལ་ཕན། །
    བོད་དེ་ཁྱུར་མིད་བྱས་པས་རྒྱ་ལ་ཕན། །
    རྒྱ་ལ་ཕན་དེ་བོད་ལ་ཕན་པ་ཡིན། །
    འདི་འདྲ་ཞིག་གསུངས་སྙིང་འདོད་པ་རེད།

    དེར་བརྟེན་གཽ་ཏ་མའི་ཆོས་ལུགས་ཀྱིས་བོད་ཕུང་ངོ་ཞེས་ཡ་ག་སྒྲོགས་པ་དུ་མ་ཞིག་བྱུང་དང་འབྱུང་བཞིན་པ་འདིའོ། །

  24. ཀརྡོ་རབ་འབྱམས་པ་ says:
    2010-07-25 at 11:09 pm

    འོ་རེད་གོ་ཏམ་ཆོས་ཀྱིས་བོད་ཕུང་ན། །
    བོད་མི་མཚོན་མེད་ས་ཡ་དྲུག་པོ་ཡིས། །
    བོད་སྡོད་རྒྱ་མི་ས་ཡ་བདུན་བརྒལ་བ། །
    གསར་གསོད་བཏང་ནས་རང་སར་རང་བཙན་ལོངས། །

    དེ་ཙམ་མ་ཟད་ཨ་རི་རྒྱ་གར་དམག་རོགས་ཀྱིས། །
    རྒྱ་ཡིས་དམག་དཔུང་ཐམས་ཅད་འཆམས་ལ་ཕོབས། །
    དེ་བས་ལྷག་པ་ལྷོ་ཀོ་ཇ་པེན་མཉམ་རུབ་ཀྱིས། །
    རྒྱ་མིའི་ཅ་དངོས་བཅོམ་ནས་དགྲ་ཤ་ལོན། །

    དེ་ལས་ཐོབ་པའི་བོད་རྒྱལ་ཁྲག་རྫར་སེང་དར་དེས། །
    ལྷ་སའི་ཕོ་ཏཱ་ལ་ཡི་མདུན་བཙུགས་བོད་ལྷག་ཚོས། །
    གོ་གཏམ་ཆོས་དང་རྒྱ་དང་རྒྱལ་བའི་རྒྱལ་གླུ་གཏོང་། །
    དམག་འདས་མེ་དཀར་རྣམ་ཤེས་འཁྱམས་པ་མི་ཕངས་སམ། །

  25. ཀརྡོ་རབ་འབྱམས་པ་ says:
    2010-07-26 at 3:59 am

    ༧གོང་ས་མཆོག་གི་ཕྱག་ལས་ནི།
    བོད་ཀྱི་གཏམ་དཔེར།
    ཅི་བཤད་དོན་ལ་གནས། ཅི་བསམ་དམངས་ཀྱི་དོན།
    ཉེ་རིང་ཕྱོགས་སུ་མ་ལྷུང་པའི། གཞན་དོན་སེམས་སྐྱེད་རྒྱ་ཆེན་དགོས།
    དམངས་ལ་བརྩེ་བའི་སེམས་དགོས། གྲོགས་ལ་མཐུན་པའི་ཚིག་དགོས།
    གཞན་ལ་གནོད་པ་བྱེད་པ་དེ། རང་ལ་གནོད་པ་བྱས་པ་འདྲ། གཞན་ལ་ཕན་ཐོགས་བྱས་པ་དེ། རང་ལ་ཕན་ཐོགས་བྱས་པ་འདྲ། ཞེས་པ་ལྟ་བུ་དང་།

    རྒྱ་གཞུང་སྲིད་བྱུས་ས་ངན་པ་ནི།

    ཤིང་མ་དྲང་བ་མ་རེད། ཐིག་མ་དྲང་བ་རེད།
    རང་མི་ཕན་གཞན་ལ་གནོད། ལྷ་མོ་མ་མཉེས་མགོན་པོ་ཁྲོས།
    སྡེ་ཁྲ་མོ་འདུག་ཇུས་མ་བདེ་ན། གོང་དཔོན་པོ་ཐུགས་ཁྲལ་ཆེ་རོགས་རེད།
    རང་དོན་ཁོག་ལ་བཅུག སྤྱི་དོན་སྨིན་མ་ཟིང་ཟིང་། ཞེས་པ་ལྟར་གྱི་ཁྱད་པར་ཆེན་ཡོད་པས་བདེན་མཐའ་གསལ་ངེས།

  26. མེ་ཏོག་དཀར་པོ། says:
    2010-07-26 at 4:34 am

    རབ་འབྱམས་པ་ཡིས་འོལ་ཚོད་སེར་བས་མེ་ཏོག་དཀར་པོ་བཅོམ་ལ་ཁད། །
    གཽ་ཏམ་ལུགས་ཀྱིས་བོད་འདི་ཕུང་ཞེས་ང་ཡིས་མ་བརྗོད་མཆན་བུར་ལྟོས། །
    འབུམ་ཕྲག་ཁྲག་གིས་འབག་པའི་སེང་དར་ངས་ཀྱང་མི་འདོད་ཀ་རྡོ་བ། །
    ཁེ་བཟང་ཡོད་ཚད་རྒྱ་ལ་ཐོབ་པའི་གྱོང་གུད་བོད་ཀྱིས་མི་ཁུར་འདོད། །

    ད་ཙམ་ཡིན།

  27. མེ་ཏོག་དཀར་པོ། says:
    2010-07-26 at 4:36 am

    རབ་འབྱམས་༧གོང་ས་མཆོག་གི་ཐོ་བ་མ་བཞུ་རོགས།

  28. ཀརྡོ་རབ་འབྱམས་པ་ says:
    2010-07-26 at 5:57 am

    མཁྱེན་ཡངས་དྲྭ་གྲོགས་རྩོད་ཟླ་མེ་ཏོག་དཀར་པོ་ལགས། །
    ཀུ་རེའི་ཚུལ་དུ་ཅུང་ཟད་ཤེས་ཐལ་ཤོར་སོང་ཡང་། །
    ངེད་གཉིས་ཀུན་སློང་སྐྱོན་མེད་རྩོད་པས་དགེ་བ་དང་། །
    ནང་དོན་གཞན་ལ་ཕན་པའང་སྲིད་ཕྱིར་དེ་ཙམ་མོ། །

  29. མེ་ཏོག་དཀར་པོ། says:
    2010-07-26 at 6:05 am

    ཁ་དྲོའི་ངང་བརྗོད་གཞི་འདིའི་འོག་ངེད་གཉིས་རྩོད་མཚམས་འདིར་བཞག

  30. སྤྲ་ནག་དོན་འགྲུབ་ཚེ་རིང་། says:
    2010-07-26 at 11:08 am

    གུན་ལ་ཁྱད་པར་མེད་ན་བཟང་མོད་ཀྱང་།
    བཟང་ངན་གང་བྱས་ཁྱད་མེད་གླེན་པ་ཡིན།
    འདི་སུ་གསུང་རེད་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme