Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ད་ནི་བློ་སྤོབས་ཆེན་པོས་འགྱུར་བ་གཏོང་རན་རེད།

Posted on 2021-08-29 By ཁ་བརྡ 5 Comments on ད་ནི་བློ་སྤོབས་ཆེན་པོས་འགྱུར་བ་གཏོང་རན་རེད།

བོན་རྒྱ་བསྟན་འཛིན་རབ་རྒྱས།

རྙོག་དྲ་ཆེན་པོ་ཡོང་དུས་འགྱུར་བ་ཆེན་པོ་གཏོང་བ་ནི་ཡར་རྒྱས་ཀྱི་ལམ་ཁ་ཡག་ཤོས་དེ་ཡིན། རྙོག་དྲ་གང་ནས་ཡོང་ན་དེ་ལ་ལྷན་པོ་རེ་བརྒྱབ་ནས་ནམ་རིང་སྒྲུང་གིས་འཁྱོལ་ཐབས་མེད། དེར་བརྟེན། སྐབས་འདིར་འགྱུར་བ་ཆེན་པོ་གཏོང་རྒྱུ་ལས་གདམ་ག་གཞན་མེད། སྤྱི་ཚོགས་འཁྲུག་འདུག ཡོད་ཚད་ཀྱིས་དཀྲུག་པར་རེམ་གྱིན་པའི་སྣང་བ་ཞིག་འདུག སྐབས་འདིར་དཀོན་མཆོག་དཔང་ལ་བཙུགས་ནས་དྲང་བདེན་གྱི་རྩོམ་ཡིག་ཅིག་བྲིས་ནའང་ཕྱོགས་གཅིག་ལ་ཟགས་ཚར་འདུག སྐབས་འདིར་སྤྱི་ཚོགས་ཀྱི་མིག་ལམ་ནས་ཁ་དོག་ལ་དཀར་ནག་གང་རུང་གིས་ཁྱབ་པ་ཡོད་པས། ལན་རེར་དགོད་བྲོ་ཞིང་མཚམས་རེར་ཧང་སངས་པ་ཞིག་ཀྱང་རེད། ངས་ངོ་མས་བཤད་ཀྱིན་ཡོད།

དཀྲུག་རྒན་ཚོས་ཡི་གེ་གཏོང་རེས་བྱས། སྐྱག་པ་རང་ཉིད་ཀྱིས་གཏོང་གིན་གཏོང་གིན་འགན་ཁུར་ཅིག་ལ་ཡོད། ཉིག་ལ་ཡོད་ཅེས་ནག་ཉེས་གཡོག་རེས་བྱས། ལག་རྡོ་ཚོས་སྐྱེས་ཐོབ་ཀྱི་རྣམ་རིག་དང་སྨྲ་ལྕེ་རང་ཉིད་ལ་དབང་བའང་མ་ཚོར་བར། ཆབ་སྲིད་པ་ཚོའི་འུར་རྡོ་བྱས་ནས་ངོ་དེབ་ནང་དུ་ཁ་ཤོམ་འཐེན་རེས་བྱས་ནས་ལོ་གཅིག་འགོར་ལ་ཉེ། ད་ནི་ཧ་ཅང་ཐང་ཆད་ཀི་འདུག རྙོག་དྲ་འདིའི་རིགས་རྣ་བས་ཐོས་པར་ཉོབ་ཀྱིན་འདུག ཡིན་ནའང་། རིགས་ཀྱི་ཞེན་པ་འདིས་ངས་ངག་ཐུན་འཛིན་ཐུབ་ཀྱི་མི་འདུག གང་ལྟར་སྒྲིག་འཛུགས་འདི་བོད་མི་རིགས་ཀྱི་ཡིན་པ་ལས་དཀྲུག་རྒན་ཁྱོད་ཚོའི་མིན། སྒྲིག་འཛུགས་འདི་ལ་ཤ་ཚ་ཞིང་སྙིང་ཉེ་ན། ད་ནི་མཚམས་འཇོག་པར་གྱིས།

སྐྱབས་མགོན་ཡིད་བཞིན་ནོར་བུས་བྱ་མས་བེའུ་ཕྲུག་གཉོར་གཉོར། ཕ་མས་བུ་ཕྲུག་གཉོར་གཉོར་བྱས་ནས། བཙན་པོའི་དུས་རིམ་གྱི་ཁྱབ་ཚད་དང་དམིགས་རྒྱང་ཅན་གྱི་སྒྲིག་འཛུགས་ཤིག་བོད་པ་ཚོར་གནང་བ་འདི། དཀྲུག་རྒན་ཁྱོད་ཚོའི་རྩེད་ཆས་མ་རེད། རྒྱལ་སྤྱིའི་འགྱུར་འགྲོས་ཀྱི་འཁྲུག་ཆ་འཚུབ་པོའི་སྐབས་སུ། དུས་ཚོད་སྐར་ཆ་རེ་བཞིན་སྒྲིག་འཛུགས་ཀྱི་ལས་དོན་འཐུས་ཤོར་ལ་འགྲོ་མི་རུང་། རྒྱལ་སྤྱིའི་སྟེང་གི་གོ་སྐབས་ཤོར་མི་རུང་། རྒྱལ་བའི་ཐུགས་སུན་པོ་བཟོ་མི་རུང་། མི་མང་རྣམས་སྒྲིག་འཛུགས་ལ་ཡིད་ཆད་འཇུག་མི་རུང་། ད་ནི་འོས་བསྡུ་ལས་ཁུངས་ཀྱིས་ངེས་པར་འགན་ཁུར་བའི་དུས་ལ་སླེབས་ཡོད།

སྤྱོད་འཇུག་ཆེན་མོ་ལས། གལ་ཏེ་བཅོས་སུ་ཡོད་ན་ནི། །དེ་ལ་མི་དགར་ཅི་ཞིག་ཡོད། །གལ་ཏེ་བཅོས་སུ་མེད་ན་ནི། །དེ་ལ་མི་དགར་བྱེད་ཅི་ཕན། །ཞེས་གསུངས་པ་ལྟར། ད་རེས་འདམས་ཐོན་སྤྱི་འཐུས་ཞེ་ལྔ་བོར་ཁྲིམས་སྒྲིག་གི་དགོངས་དོན་ལྟར་བཅོས་སུ་ཡོད་ན། དེ་ལ་མི་དགའ་གང་ལ་དགའ། བཅོས་སུ་མེད་ན་བསྐྱར་དུ་འོས་བསྡུ་བྱེད་རྒྱུ་ལས་གདམ་ག་གཞན་ཅི་ཞིག་ཡོད། འོས་བསྡུ་ལས་ཁུངས་ནས་དུས་བཅད་བྱེད་རྒྱུ་དང་། དུས་བཅད་ལྟར་འདུམ་འགྲིག་བྱེད་རྒྱུ་མེད་ན། འགྲོ་སོང་ག་ཚོད་གཏོང་དགོས་ཀྱང་བསྐྱར་དུ་འོས་འདེམས་བྱེད་རྒྱུ་ལས་ཐབས་གཞན་མེད་པ་རེད།

སྤྱི་འཐུས་ཞེ་ལྔ་བོ་ལ་དཀར་ནག་གི་དབྱེ་བ་མེད་པར་ཆ་ཚང་ཕྱིར་བསྡུ་བྱས་ཏེ། འོས་བསྡུ་བྱེད་དགོས་པ་རེད། མི་མང་གིས་འདི་ལྟར་འོས་བསྡུ་ལས་ཁུངས་ལ་ནན་སྐུལ་ཞུ་དགོས་ལ་འོས་བསྡུ་ལས་ཁུངས་ནས་ལག་བསྟར་བྱེད་ཕོད་དགོས། འགྱུར་བ་གཏོང་དགོས་དུས་མ་བཏང་ན་རྗེས་ལུས་རེད། འཐུས་ཤོར་རེད།

བསྐྱར་དུ་གསར་འདེམས་བྱས་པའི་སྤྱི་འཐུས་ཚོའང་འདི་ལྟར་གྱེས་ནས་ཡིག་ཆ་གཏོང་རེས་དང་ནག་ཉེས་གཡོག་རེས་ཀྱིས་ཉི་མ་སྐྱེལ་མགོ་བཙུགས་ན། ད་གཟོད་དེ་ལས་ཆེ་བའི་འགྱུར་བ་གཏོང་དགོས་པ་རེད། མི་མང་ཚོགས་ཆེན་བསྡུས་ནས་བཅའ་ཁྲིམས་བསྐྱར་འབྲི་བྱེད་རྒྱུ་ལས་ལམ་གཞན་ཡོད་པ་མ་རེད། སྤྱི་འཐུས་ཀྱི་སྒྲོམ་གཞི་དང་བཅས་པར་འགྱུར་བ་གཏོང་དགོས་པ་རེད། ཆོས་བརྒྱུད་དང་ཆོལ་ཁ་གཉིས་ཀ་ཕྱིར་བསྡུ་བྱེད་དགོས་ཐུག་ནའང་ཕྱིར་བསྡུ་བྱེད་དགོས་པ་རེད། དུས་ལ་བབ་པའི་འགྱུར་བ་གཏོང་བ་ལས་གཡོལ་རྒྱུ་མེད། གཡོལ་ན་རྗེས་ལུས་ཡིན། ཆག་སྒོ་ཡིན།

མང་གཙོའི་སྤྱི་ཚོགས་ནང་དོན་གྱི་བདག་པོ་མི་མང་རེད། མི་མང་གི་ཚབ་བཅའ་ཁྲིམས་རེད། མི་མང་གི་སྐུ་ཚབ་ཚོ་ཁྲིམས་བཟོ་ལྷན་ཚོགས་སུ་གཏན་ལ་ཕབ་པ་ལྟར་མི་མང་ལ་ཁྲིམས་དང་ཁྲིམས་བཟོ་གཉིས་ཀ་བརྗེ་ལེན་གྱི་དབང་ཚད་ལྡན་པ་ཡིན། ངས་དེ་ལྟར་འདོད།

བཅའ་ཁྲིམས་སྦོ་ལུགས་ནའང་རེད། མི་མང་གི་སྐུ་ཚབ་ཚོ་སྦོ་ལུགས་ནའང་རེད། མི་མང་སྦོ་མ་ལུགས་ན་འགྲིག་པ་རེད་སྙམ། བཅའ་ཁྲིམས་གོང་ན་སུའང་མེད་ཀྱང་བཅའ་ཁྲིམས་ཀྱི་བདག་པོ་མི་མང་རེད། མི་མང་ལ་རུང་ན་བཅའ་ཁྲིམས་ལ་རུང་བ་ཡིན། བཅའ་ཁྲིམས་གོང་ན་སུ་གང་མེད་ཅེས་པ་ནི། མི་སྒེར་རེ་རེ་བཞིན་མེད་ཅེས་པ་ལས་མི་མང་མེད་ཅེས་པ་མིན། མང་གཙོའི་སྤྱི་ཚོགས་ནང་མི་མང་སྦོ་མ་ལུགས་པར་སུ་སྦོ་ལུགས་ནའང་སེམས་ཁྲལ་བྱེད་དགོས་དོན་མི་འདུག ངས་འདི་ལྟར་ཡང་བསམ་མོད། འདི་དག་ག་ལེར་དུས་ལ་བབས་ན་གླེང་ཆོག་པ་ཞིག་རེད།

སྤྱི་ལོ་ ༢༠༢༡ ལོའི་ཟླ་ ༨ ཚེས་ ༢༨ ཉིན།

བསམ་ཚུལ།

Post navigation

Previous Post: རྒྱ་ནག་གིས་རྩ་རྫོགས་བྱེད་ལ་ཉེ་བའི་བོད།
Next Post: ཤེས་བྱ་མི་ཤེས་པའི་བོད་ཀྱི་མཁས་པ། 

Comments (5) on “ད་ནི་བློ་སྤོབས་ཆེན་པོས་འགྱུར་བ་གཏོང་རན་རེད།”

  1. གཞུང་པ་ཚེ་དབང་བསོད་ནམས། says:
    2021-08-30 at 8:07 am

    སྐབས་བཅུ་བདུན་པའི་འདམས་འཐོན་སྤྱི་འཐུས་རྣམས་ལས་འཁུར་ཞུ་ཐུབ་ཀྱི་མེད་ན་བཅའ་ཁྲིམས་དོན་ཚན་ལྔ་བཅུ་ང་དགུའི་འོག་མི་མང་ཚོགས་ཆེན་བསྐོང་ཚོགས་གནང་ནས་ད་ལྟའི་ང་ཚོར་འཕྲད་པའི་དཀའ་རྙོགས་སེལ་དགོས་པ་ལས་ད་མུས་བཞིན་ནང་ཁུལ་ང་བདེན་ཁོ་རྫུན་ཟེར་བའི་ཁ་དམག་ལ་འགན་འཁུར་ནས་༸གོང་ས་མཆོོག་དགོང་པ་འཁྲུགས་རྒྱུ་དང་མི་མང་ནང་ཁུལ་བསམ་ཚུལ་ལ་རིང་ཐུང་བཟོ་རྒྱུའི་དཀྲོགས་གཏམ་གྱིས་རྗེས་ལ་དུས་ཚོད་ནམ་ཡང་གཏོང་མི་ཉན་པའི་འབོད་བསྐུལ་ཡང་ཞུ་འདོད་བྱུང་།

  2. ཚེ་བརྟན་འགྱུར་མེད། says:
    2021-08-30 at 10:52 am

    བོན་རྒྱ་བསྟན་འཛིན་རབ་རྒྱས་ལགས་ཀྱི་དགོངས་འཆར་རྙིང་རྗེ་པོ་འདུག་ཀྱང་ད་ལྟའི་སྐབས་སུ་ལམ་སེང་ལག་དོན་དུ་འཁེལ་ཐུབ་རྒྱུ་ཁག་པོ་རེད། ང་ཚོའི་སྐྱབས་བཅོལ་སྤྱི་ཚོགས་ཀྱི་གནས་སྟངས་སུ་འགྱུར་བ་འགྲོ་བ་ལྟར་ད་ལྟའི་སྤྱི་འཐུས་ཀྱི་འཁོར་ལོ་ཆོལ་ཁ་གསུམ་དང་ཆོས་ལུགས་བཞིའི་ཐོག་བྱང་ཨ་རི་སོགས་སྤྱི་འཐུས་འགྲུབ་ཆ་ས་དམིགས་གསུམ་མམ་འཐུས་མི་ལྔ་གསར་བསྒྱུར་བྱུང་བ་དེའི་ཐོག་ནུས་ཤུགས་བསྒྲིལ་དགོས་གལ་མཉམ། དེ་བཞིན་རྒྱ་བལ་འབྲུག་གསུམ་གཞིས་ཆགས་ཆེ་ཆུང་ལ་ཞིག་པའི་གཞིས་མི་སྤྱིའི་ངོ་ཚབ་ཚོན་མཁན་གྱི་སྤྱི་འཐུས་ཀྱང་འདེམས་ཐབས་བྱུང་ན་ཆོལ་ཁའི་འཐེན་འཁྱེར་གྱི་ནུས་ཤུགས་དེ་ཕྲན་བུའི་ཆུང་དུ་གཏོང་ཐབས་ཀྱི་ལམ་ཞིག་བརྙེད་སྲིད།
    གཉིས་སུ་ཆོལ་ཁ་ནང་འཁུལ་གྱི་ཞེན་ཁོག་དེས་ཕན་མེད་ཡིན་པའི་གནས་དོན་འདིར་ཡིད་ཆེས་འཕེལ་བའི་ལམ་ཞིག་འཚོལ་རྒྱུ་དེ་གལ་གནད་ལྟེ་བ་དེ་རེད་འདུག ཕྱི་ལོ་དྲུག་ཅུའི་སྤྱི་ཚོགས་ནས་ད་ལྟའི་སྤྱི་ཚོགས་བར་བཟང་ཕྱོགས་ཀྱི་འགྱུར་བཅོས་བྱུང་ཡོད་ཀྱང་མི་ལོ་བཅུ་ཕྲག་མང་པོ་དུས་འགོར་བྱུང་བའི་ད་དུང་དེ་ལྟར་དགོས་ན་ཤིན་ཏུ་ནས་ཉ་མངའ་བའི་གནས་ཙམ་མ་ཚད་ཉེན་ཚབ་ཀྱང་ཆེ་བའི་འཇོག་ཐབས་བྲལ་བའི་གནས་ཀྱང་ཡིན་མིན་འདུག་གམ། གཞན་ཡང་ཆོལ་ཁ་གསུམ་ནས་དབུས་གཙང་དང་མདོ་སྟོད་དམ་དབུས་གཙང་དང་མདོ་སྨད་གཉིས་གང་རུང་མོས་མཐུན་ན་གཞན་གཅིག་དེར་བྱེད་ལམ་མེད་པའི་གནས་ཞིག་ཀྱང་ད་ལྟ་མེད་ཀྱང་ཕྱི་བྱུང་ཡོང་སྲིད་པས་དེ་དོན་ཆོལ་གསུམ་སྤྱི་ལ་ཕན་པའི་བཅའ་ཁྲིམས་དགོངས་དོན་ལྟར་ལམ་ཞིག་འཚོལ་ཐུབ་རྒྱུ་དེ་གལ་གནད་ཡིན་མིན་འདུག་གམ། ད་ལྟའི་རྙོགས་གཞི་འདི་ཡང་བཅའ་ཁྲིམས་ཀྱི་དགོང་གཞི། བཅའ་ཁྲིམས་དོན་ཚན་ ༦༣ (༤) གཞིར་བཟུང་ཁྲིམས་ཞིབ་པ་ཆེ་བ་དང་། ཁྲིམས་ཞིབ་པ་གཞན་གཉིས་བཅས་སུ་རུང་འཕོ་འགྱུར་དགོས་པའི་གྲོས་ཆོད་ ཡང་། བཅའ་ཁྲིམས་དོན་ཚན ༥༤ ནང་གང་རུང་འཕོ་འགྱུར་ཅེས་གསལ་་་། གོང་ཞུས་དོན་ཚན་ ༦༣།༤ དང་དོན་ཚན་ ༥༤ ནང་གསལ་གང་རུང་དང་སུ་རུང་ལྟར་བྱུང་མེད་པའི་རྐྱེན་ལས་དཀའ་རྙོགས་ནང་ལྷུང། ད་དུང་མདོ་སྟོད་དང་ཆོལ་འཐུས་རྣམ་པས་འགྱུར་བ་མེད་པའི་གསལ་བསྒྲགས་གནང་འདུག བློ་ཕམ་ཆེ། ཤིན་ཏུ་ནས་ཆེ།

    ང་རང་ཚོའི་སྤྱི་ཚོགས་གཅིག་པུར་མིན་པར་སྤྱི་ཚོགས་གཞན་དུའང་དཀའ་ངལ་ཡོད་འདུག དཔེ་ན། ཨ་རིའི་ནང་གཉན་རིམས་སམ་ཏོག་དབྱིབས་ནད་ཡམ་ངོས་ལེན་མི་བྱེད་མཁན་དང་དེ་བཞི་སྔོན་འགོག་ཁབ་ལ་ཕྱིན་ལོག་འགྲེལ་བཤད་ཞུ་མཁན་གྱི་མི་མང་དག་ཅིག་ལ་ད་ཆ་ལས་འབྲས་བསླུ་མེད་ལས་བདེན་པ་ངོ་སྤྲོད་ཀྱི་གནད་གཞིས་ཟིན་ནས་ཕྱི་མའི་སྔ་ལམ་དུ་འགྲོ་བཞིན་པ་ལྟར་བཅའ་ཁྲིམས་དགོས་དབང་གིས་ལོག་འགྲེལ་བ་རྣམས་ལའང་དེ་ལྟར་མི་ཡོང་བའི་རེ་བསམ་བཅང་ནའང་ལས་འབྲས་སུ་སུས་སྐྱོབས་ཐུབ། ལས་འབྲས་འཛུབ་མོའི་རྩེ་ལ་འཁོར་གྱིན་ཟེར་གདའ། ཡིན་ཀྱང་ཏོག་དབྱིབས་ལས་མི་འབུམ་ཕྲག་དུ་མ་ཤི་དགོས་པ་དང་བཅའ་ཁྲིམས་ལོག་བཤད་ལས་བོད་མིའི་རྩ་དོན་ལ་གནོད་ཚབ་བཏང་བ་གཉིས་གྱོང་གུན་གསབ་བྲལ་མ་རེད་དམ།

    ཡང་མང་གཙོའི་ནང་མི་མང་གལ་ཆེ་ཡིན་གནས་དང་། བཅའ་ཁྲིམས་མི་མང་ཚབ་ཀྱིས་དབང་བསྒྱུར་པ་ཡིན་གནས་རྣམས་བདེན་མོད། དེ་ན་སྤྱི་འཐུས་ ༢༠།༢༢ རྣམས་ཀྱང་མི་མང་ཚབ་ཡིན་པར་བློ་དོག་མེད། ཡིན་ཀྱང་ཁོང་ཚོའི་ལངས་ཕྱོགས་དེ་མི་མང་ལངས་ཕྱོགས་ཡིན་མིན་བློ་དོག་ཡོད། མདོ་སྟོད་དང་ཆོལ་ལུགས་མི་མང་རྣམ་པའི་བོད་སྤྱི་པའི་བཅའ་ཁྲིམས་སུ་ཐུགས་ཞིབ་ཀྱིས་ང་རང་ཚོ་ཚང་མར་ཕན་རླབས་སུ་ཤིག་ཏུ་ནས་དགོངས་བཞེས་གནང་རྒྱུ་དེ་རེད། དེ་ན་དང་ཐོག་ཆོས་ལུགས་བཞིའི་ཆོས་བྱེད་པ་རྣམས་དང་ལྷག་དོན་ཆོས་ལུགས་དབུ་འཛིན་ལྷན་རྒྱས་ནས་དགོངས་བཞེས་གནང་རྒྱུའི་དུས་སུ་བབས་འདུག་ཞུས་ན་མི་ཆུང་ཆུང་ནས་ཁ་ཆེན་པོར་མི་དགོངས་བ་དང་སྦལ་པ་སྐད་རྒྱབ་ནའང་ལྷ་དབང་པོ་རྒྱ་འབྱིན་གྱི་སྙན་མི་གསན་པའི་དཔེ་ལྟར་མིན་པ་ཅི་ནས་མཁྱེེན་མཁྱེན། མཁྱེན། བཅས་བློ་ཆུང་བོད་མི་མང་པོ་ཞིག་གི་ཚབ་ཏུ་དྭང་པའི་གསོལ་འདེབས་སུ།།

    སླར་ཞུ་རྒྱུ་ལ། ་ང་བདེན་ཁོ་རྫུན་གྱི་ཁ་དམག་ཏུ་ངོས་ལེན་ཞུ་ཐབས་ཨེ་ཡོད། བཅའ་ཁྲིམས་གཞི་བཟུང་སུ་བདེན་པ་བདེན་རྐྱང་ངམ་བདེན་རྒྱབ་ཆེ་བ་ཡོད་མེད་ཀྱི་གསལ་ཁ་འདོན་རྒྱུ་དེ་ཨང་དང་པོ་མ་རེད་དམ། དཀའ་ངལ་སེལ་རྒྱུ་དེ་བང་རིམ་གཞན་ཞིག་རེད་པ་ངས་བསམ་ཚུལ་ཡིན།

    ཡང་། བཀའ་ཟུར་རྒྱ་རི་སྒྲོལ་མ་ལགས་ནས་ད་ལམ་གྱི་དཀའ་ངལ་སེལ་ཐབས་ཆེད་འབྲེལ་ཡོད་མཉམ་གོ་བསྡུར་ཞུས་པ་གོ་མཐོས་བྱུང་། ཐབས་ལམ་མཐོན་མིན་ཀྱང་ཐབས་ཤེས་གནང་པར་ཐུགས་རྗེ་ཆེ་ཞུ་ཡི་ཡིན། ངས་མདོ་སྟོད་ནས་བཀའ་ཟུར་དང་ཁྲི་ཟུར། སྲིད་ཟུར། སྤྱི་ཟུར། ལས་ཟུར་རྣམ་པས་དེ་ལྟར་གནང་རོགས་ཀྱི་འབོད་སྐུལ་ཐེངས་མང་བོད་ཀྱི་དུས་བབ་དང་ཁ་བརྡའི་ནང་ཞུ་མྱོང། དེ་ཡང་གནས་དོན་ཤེས་བཞིན་དུ་ཞུས་ཡིན།། ཆོལ་ཁའི་མི་ཙམ་མ་ཚད་བོད་སྤྱི་བའི་གནད་ཡོད་མི་ཞིག་ཀྱང་ཡོང་ཐབས་ཞུ་རྒྱུ་དེ་གལ་ཆེ་མ་རེད་དམ། དེ་མིན་ཆོལ་འཐུས་ཤིག་ལས་ཡོང་མི་ཐུབ་པ་ཕལ་ཆེར་ངེས་ཆེ།།

  3. བསྟན་འཛིན་ says:
    2021-08-31 at 2:42 pm

    འགྱུར་བ་ཆེན་པོ་ཞིག་གཏོང་་འདོད་ན་། ཆོས་རྒྱུད་ཀྱི་སྤྱི་འཐུས་ཕྱིར་བསྡུ་བྱེད་དགོས། དེ་ནི་ནད་བརྒྱ་སྨན་གཅིག་གཅིག་པོ་དེ་་རེད། དགའ་ལྡན་ཕོ་བྲང་ཆོས་་སྲིད་ཟུང་འབྲེལ་གཞུང་གི་ལྷག་ལུས་ཀྱང་རེད

  4. སྲིན་པོ་རྫ་རྒན says:
    2021-09-05 at 2:08 am

    བསམ་ཚུལ་ཡག་པོ་སྤེལ་འདུག སྤྱི་འཐུས་ནི་ཆབ་སྲིད་ཀྱི་ལས་ཀ་བྱེད་མཁན་དུ་བསྐོ་ཡི་ཡོད་པ་རེད། ཆོས་བརྒྱུད་སྤྱི་འཐུས་ལ་འགྱུར་བ་བཏང་སྟེ། བན་དེའི་སྡེ་ཡི་སྤྱི་འཐུས་གཅིག་དང་། བོན་པོའི་སྡེ་ཡི་སྤྱི་འཐུས་གཅིག་བཅས་ཆོས་བརྒྱུད་སྤྱི་འཐུས་ཀྱི་གྲངས་གཉིས་སུ་བསྒྱུར་ཐུབ་ན། ཆབ་སྲིད་ལ་གནོད་ཆུང་བ་ཡིན།

  5. མྱི་དཀར། says:
    2021-09-11 at 12:01 am

    སྐྱར་དུ་འོས་བླུགས་ན་ཡང་ཁྱི་སྤྱང་དུས་ནམ་ཡང་ཁྱི་སྤྱང་ཡིན་དེ་ལ་འགྱུར་བ་རྩ་ནས་མི་འགྲོ། ཨ་བས་བཤད་ན་་་སྟོན་པས་བཤད་ན་སྟོན་པ་ཟེར་བའི་དཔེ་རེད། མདོར་ན་ཐབས་་ཤེས་གཅིག་རང་མ་གཏོགས་མེད་དེ་ནི་རྒྱ་གར་ཁྲིམས་ལ་གཏུགས་རྒྱུ་དེ་རེད། ཁྲིམས་ཐོག་ནས་སུ་བདེན་གྱི་དབྱེ་བ་འབྱེད་རྒྱུ་དེ་རེད། མང་གཙོའི་སྲོག་ཤིང་ཁྲིམས་རེད་ཁྲིམས་ཐོག་ནས་གསལ་བོ་བཟོ་དགོས། མ་གཞི་བྱས་ནས་རྙོག་དྲ་འདི་བསམ་བཞིན་དུ་བཟོ་བ་ལས་བཅའ་ཁྲིམས་ཀྱི་དཀའ་ངལ་ཞིག་རྩ་བ་ནས་མ་རེད་ལོ་རྒྱུས་ལ་ཕྱི་མིག་ཞིག་ལྟོས་ན་ཧ་ཅང་གི་གསལ་བོ་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (68)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (37)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme