Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཁྱེད་ཀྱི་ལན་དུ། ངས་བསམ་ན།

Posted on 2008-12-09 By དགེ་རབ་ 14 Comments on ཁྱེད་ཀྱི་ལན་དུ། ངས་བསམ་ན།

འཇིགས་མེད་ཟླ་བ།
————–
དེ་རིང་དྲ་ཐོག་ནས་ངོ་ཤེས་གྲོགས་པོ་ཞིག་ལ་ཁ་བརྡ་བྱས། ངའི་གྲོགས་པོ་ཆེད་ལས་གསར་འགྱུར་ལས་རིགས་གཉེར་མཁན་ཞིག་ཡིན། གྲོགས་པོས་ང་ལ་བོད་དོན་གྱི་སྐོར་ལ་དྲི་བ་འདྲ་མིན་བཏང་། ངས་ཀྱང་གང་ཐུབ་ཞིག་ལན་བཏབ། གྲོགས་པོས་ང་ལ་བཙན་བྱོལ་གྱི་བོད་ཡིག་རྩོམ་པ་པོ་ཚོའི་སྐོར་ནས་དྲི་བ་བཏོན་སོང་། ངས་ཀྱང་ལན་འདེབས་ཁུལ་བྱས། འོན་ཀྱང་། ང་རང་རྩོམ་ཡིག་ལ་དོ་སྣང་ཡོད་པ་མ་གཏོགས་རྩོམ་འབྲིའི་ལས་ལ་ཉམས་མྱོང་ཡོད་མཁན་དང་ཆེད་ལས་རྩོམ་འབྲི་བ་སོགས་ཅི་ཡང་མ་རེད། ཐ་ན་རྩོམ་ཡིག་ཡག་པོ་གཅིག་ཀྱང་འབྲི་མི་ཐུབ་མཁན་ཞིག་གིས་ཁོང་གི་དྲི་བར་ལན་འདེབས་རྒྱུ་ཁག་པོ་རེད་འདུག། གྲོགས་པོའི་དྲི་བ་དེ་དག་གིས་ང་ལ་ཡང་སེམས་ངར་འདྲ་བོ་ཞིག་བསླངས་སོང་། ཕྱིར་ཉལ་ཁང་དུ་སླེབས་རྗེས། ངས་ཀྱང་བཙན་བྱོལ་ནང་གི་བོད་ཡིག་རྩོམ་འབྲི་བ་ཚོའི་སྐོར་ལ་བསམ་བློ་གཏོང་ཁུལ་བྱས་བ་ཡིན། ངའི་སེམས་ལ་འདི་འདྲ་ཞིག་དྲན་སོང་།
ཕལ་ཆེར་ཕྱི་ལོ་ཉིས་སྟོང་གི་འགོ་དེ་བ་ཡིན་བསམ་གི། འོན་ཀྱང་། ངའི་སེམས་ལ་གསལ་བོ་ཞིག་དྲན་གྱི་མི་འདུག ད་ལྟའི་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་སམ་སྔ་མོའི་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་གོ་སྒྲིག་འོག། བཙན་བྱོལ་ནང་གི་ཕུལ་བྱུང་རྩོམ་པ་པོ་བསྡུ་བའི་ལས་འགུལ་ཞིག་མགོ་བཙུགས་སོང་།་མཐའ་མའི་གྲུབ་འབྲས་ལྟ་བུར། བཙན་བྱོལ་ནང་གི་ཕུལ་བྱུང་བོད་ཡིག་རྩོམ་པ་པོ་གསུམ་འདེམས་སོང་། དེ་གསུམ་ནི་ཧོར་གཙང་འཇིགས་མེད་དང་ཆབ་བྲག་ལྷ་མོ་སྐྱབས། བླ་བྲང་སྐལ་བཟང་བཅས་གསུམ་རེད། རྩོམ་པ་པོ་འདི་གསུམ་ཀ་དེབ་ཀྱི་མང་ཉུང་དང་རྩོམ་ཡིག་གི་མང་ཉུང་། ཡང་ན་རྩོམ་བྲིས་ཀྱི་སྤུས་ཀའི་ངོས་བཅས་ལ་བལྟས་དེ་འདེམས་པ་མིན་འགྲོ་བསམ། གནས་ཚུལ་གསལ་བོ་ནི་ངེད་ཀྱིས་དྲན་སོས་ཀྱི་མི་འདུག
དེ་དུས་སྤྱི་ཚོགས་མེ་ལོང་གི་རླུང་རྟ་ཡར་ལ་འགྲོ་བའི་དུས་ཚོད་རེད། བཙན་བྱོལ་ནང་དུ་བོད་ཡིག་རྩོམ་འབྲི་བའི་གྲངས་ཀ་མང་དུ་འཕེལ་བའི་དུས་ཚོད་རེད། དེ་རིང་སང་ཉིན་ཕྱིར་མིག་ཅིག་བལྟས་བ་ཡིན་ན། བཙན་བྱོལ་གྱི་རྩོམ་འབྲི་བའི་གྲངས་ཀ་སྔ་མོ་དང་བསྡུར་ན་ཅུང་ཙམ་མང་དུ་ཕྱིན་མེད་འགྲོ་བསམ། འོན་ཀྱང་། གྲངས་ཀ་འཕེལ་ས་དེ་བཙན་བྱོལ་ནང་ཡིན་རུང་། ཁོང་ཚོའི་བོད་ཡིག་གི་རྨང་གཞི་འཇོག་ས་དེ་བོད་ནང་ཡིན། བཙན་བྱོལ་གྱི་བོད་ཡིག་གནས་ཚད་ལ་ད་ལོའི་བོད་ཁྱིམ་གྱི་མཛད་སྒོའི་ཐོག་དུ་༧གོང་ས་མཆོག་གིས་ཀྱང་བཀའ་སློབ་གནང་སོང་།
རྩོམ་པ་པོ་འདི་རྣམས་ཀྱང་བོད་ནས་འཚར་ལོངས་བྱུང་བ་ཤ་སྟག་ཡིན། གཞན་བཙན་བྱོལ་ནང་འཚར་ལོངས་བྱུང་སྟེ་བོད་ཡིག་གི་ཐོག་ནས་རྩོམ་འབྲི་སྤེལ་མཁན་ཧ་ཅང་ཉུང་ཤས་རེད་འདུག འོན་ཀྱང་། དབྱིན་ཡིག་གི་ཐོག་ལ་རྩོམ་འབྲི་མཁན་ནི་མང་ཆེ་བ་བཙན་བྱོལ་དུ་འཚར་ལོངས་བྱུང་བ་རེད་ལཁོང་ཚོའི་རྩོམ་རིག་གི་ཚད་གཞི་ཡང་འདུག གང་ལྟར། ངའི་སེམས་ལ་འདི་འདྲ་ཞིག་འཁོར་ཡོང་གི་འདུག ༧གོང་ས་མཆོག་གིས་རིགས་གཅིག་རྐང་འཛིན་དགོས་རྒྱུ་གལ་ཆེན་པོ་རེད་ཞེས་ཡང་ནས་ཡང་དུ་གསུངས་བ་ནང་བཞིན་ང་ཚོར་བོད་ཡིག་གི་ཐོག་ལ་ཡང་ཆེད་ལས་རྩོམ་པ་པོ་དགོས་ཀྱི་འདུག ཆེད་ལས་རྩོམ་འབྲི་བ་དགོས་ཀྱི་འདུག
རྩོམ་འབྲི་བ་དེ་དག་ཀྱང་། རང་མོས་སྙན་ངག་འདྲ་བོ་དང་ཚིགས་བཅད་སྙན་ངག་འདྲ་བོ་བྲིས་ནས་བསྡད་མཁན་དེ་འདྲ་མ་ཡིན་པར་སྤྱི་ཚོགས་ལ་ཁ་ཕྱོགས་ལམ་སྟོན་བྱེད་ཐུབ་མཁན། སྤྱི་ཚོགས་ཀྱི་སྐྱོན་ཡོན་གཞལ་ཐུབ་མཁན་། སྤྱི་ཚོགས་ཀྱི་འབྱུང་འགྱུར་ལ་བལྟ་ཐུབ་མཁན་དེ་འདྲ་དགོས་ཀྱི་འདུག་ གལ་སྲིད། རང་མོས་སྙན་ངག་འདྲ་བོ་དང་ཚིགས་བཅད་སྙན་ངག་འདྲ་བོ་འབྲི་མཁན་ཡིན་ན། དེའིི་ཐོག་ལ་ཕུལ་དུ་བྱུང་བ་དེ་འདྲ་དགོས་རྒྱུ་གལ་ཆེན་པོ་རེད།
དེ་རིང་སང་ཉིན། བཙན་བྱོལ་ནང་ནས་ཆེད་ལས་རྩོམ་པ་པོ་ཞིག་སྟོན་ཤོག་ལབ་ན། ཕལ་ཆེར་རྙེད་རྒྱུ་ཁག་པོ་རེད། འདི་རྙེད་དཀའ་བའི་རྒྱུ་རྐྱེན་ཡང་ཕར་དེད་ན་། འདིའི་ཐོག་ལ་ཤི་འཐམ་རོ་འཐམ་བྱེད་མཁན་ཞིག་མེད་སོང་བ་རེད། གཞུང་གི་ངོས་ནས་ལས་ཀ་འདི་དོ་གལ་ཆེར་བར་མ་བརྩིས་བ་རེད། སྤྱི་ཚོགས་ཀྱི་ངོས་ནས་གདེང་འཇོག་དང་རྒྱབ་སྐྱོར་མ་རེག་པ་རེད། རྩོམ་པོ་པོའི་ངོས་ནས་རྩོམ་ཡིག་སྤུས་དག་དེ་འདྲ་ཡང་འབྲི་མ་ཐུབ་པ་མིན་འགྲོ་བསམ། བཙན་བྱོལ་དུ་ཆེད་ལས་རྩོམ་པ་པོ་དང་ཆེད་ལས་ཞིབ་འཇུག་པ་དགོས་གལ་ཆེ་བ་མ་ཟད་་བོད་ཡིག་སྨྱུག་ཐོགས་པ་ཚོས་ཀྱང་འདིའི་ཕྱོགས་ལ་བསམ་བློ་གཏོང་རྒྱུ་ཡང་ཧ་ཅང་གལ་ཆེན་ཆགས་འདུག
བཙན་བྱོལ་དུ་ཆེད་ལས་རྩོམ་པ་པོའི་དཔུང་ཁག་ཞིག་ཡོད་ན། བཙན་བྱོལ་གྱི་ཤེས་རིག་སློབ་གསོའི་ཡར་རྒྱས་དང་བོད་ཀྱི་སྐད་ཡིག་གི་གོང་འཔེལ་བཅས་ལ་ཕན་ཐོགས་འདུག་། ཕན་ཐོགས་ཆེནཔོ་འདུག
འདི་འདྲ་ཡོང་བ་ལ་། ད་ལྟའི་བཙན་བྱོལ་གྱི་རྩོམ་པ་པོའི་ཁ་སྟབས་ལ་བལྟ་དགོས་རྒྱུ་ཡང་ཧ་ཅང་ནས་གལ་ཆེན་པོ་རེད་། དེ་ན་བཙན་བྱོལ་དུ་རང་མོས་སྙན་ངག་གི་སྒངལ་གདེང་འཇོག་བྱེད་སའི་་རྩོམ་པ་པོ་སུ་རེད། དེ་བཞིན་ཚིགས་བཅད་སྙན་ངག།་ ཚིག་ལྷུག་སྙན་ངག བརྩམས་སྒྲུང་། བསྒྱུར་རྩོམ། སྤྱི་ཚོགས་དཔྱད་བརྗོད། ལོ་རྒྱུས་ཞིབ་འཇུག་པ། གསར་འགྱུར་ལས་རིགས་མཁས་ཅན། རྩོམ་རིག་དཔྱད་བརྗོད་པ། ཆབ་སྲིད་དཔྱད་བརྗོད་པ། དཔལ་འབྱོར་རིག་པའི་རྩོམ་བྲིས་མཁན། ཚན་རིག་རྩོམ་བྲིས་བ། སྐྱེ་ཁམས་ཁོར་ཡུག་རྩོམ་བྲིས་བ།་ གཞུང་འཛིན་སྲིད་དབང་ཞིབ་འཇུག་པ། ཤེས་ཡོན་སློབ་གསོའི་ཆེད་ལས་པ་སོགས་ཅི་ཙམ་ཡོད་དམ། འདི་ནི་གནད་འགག་གི་དྲི་བ་རེད། འདི་ནི་ངོས་པར་དུ་བསམ་བློ་གཏོང་དགོས་ས་རེད་། མ་རེད་དམ།
ངས་བསམ་ན། བཙན་བྱོལ་དུ་བོད་ཡིག་གི་ཐོག་ལ་ཆབ་སྲིད་ཆེད་ལས་དཔྱད་བརྗོད་པ། དཔལ་འབྱོར་རིག་པའི་རྩོམ་བྲིས་མཁན། ཚན་རིག་རྩོམ་བྲིས་བ། སྐྱེ་ཁམས་ཁོར་ཡུག་རྩོམ་བྲིས་བ།་ གཞུང་འཛིན་སྲིད་དབང་ཞིབ་འཇུག་པ། གསར་འགྱུར་ལས་རིགས་མཁས་ཅན་། ཤེས་ཡོན་སློབ་གསོའི་ཆེད་ལས་པ་སོགས་རྙེད་ཁག་པོ་རེད་འདུག འོན་ཀྱང་། ང་ཚོས་ནུས་ཤུགས་བསྐྱོན་པ་ཡིན་ན། འབད་བརྩོན་བྱས་བ་ཡིན་ན། གྲུབ་འབྲས་ཐོན་གི་རེད་བསམ། གཞན། རང་མོས་སྙན་ངག་དང་ཚིགས་བཅད་སྙན་ངག།་ ཚིག་ལྷུག་སྙན་ངག བརྩམས་སྒྲུང་། བསྒྱུར་རྩོམ། སྤྱི་ཚོགས་དཔྱད་བརྗོད་པ། ལོ་རྒྱུས་ཞིབ་འཇུག་པ། རྩོམ་རིག་དཔྱད་བརྗོད་པ་སོགས་གྲངས་ཀ་མང་པོ་མེད་རུང་རེག་རྒྱུ་འདུག་སྙམ། དཔེར་ན། རང་མོས་སྙན་ངག་གི་སྒང་ལ་ཚེ་བརྟན་རྒྱལ་དང་ལྷ་ཆབ་སྦྱིན་པ་ལྟ་བུ། ཚིག་བཅད་སྙན་ངག་གི་སྒང་ལ་ཧོར་གཙང་འཇིགས་མེད་དང་ཚེ་འདས་ྐླུ་ཚང་བློ་བཟང་ཡེ་ཤེས། བློ་གྲོས་དཔལ་བཟང་ལྟ་བུ།ཚིག་ལྷུག་སྙན་ངག་གི་སྒང་ལ་ཆབ་བྲག་ཕོ་ཉ་ལྟ་བུ། བརྩམས་སྒྲུང་གི་སྒང་ལ་ྐླུ་སྨྱོན་ཧེ་རུ་ཀ་ལྟ་བུ། བསྒྱུར་རྩོམ་གྱི་ཐོག་ལ་ན་ཀ་སངས་རྒྱས་བསྟན་དར་ལྟ་བུ། སྤྱི་ཚོགས་དཔྱད་བརྗོད་ཀྱི་སྒང་ལ་དགེ་འདུན་རབ་གསལ། ལྷག་བསམ། ལུང་རིགས་རྒྱལ་ལྟ་བུ། ལོ་རྒྱུས་ཞིབ་འཇུག་གི་སྒང་ལ་བཀྲ་ཤིས་ཚེ་རིང་དང་བསོད་ནམས་རྒྱལ་མཚན་ལྟ་བུ། རྩོམ་རིག་དཔྱད་བརྗོད་ཀྱི་སྒང་ལ་པད་མ་འབུམ། ཧོར་འཇིགས། ཆབ་བྲག་ཕོ་ཉ། དགེ་འདུན་རབ་གསལ་། རྡོ་རྗེ་དབང་ཕྱུག་ལྟ་བུ་། དེར་བརྟེན། བཙན་བྱོལ་སྤྱི་ཚོགས་སུ་བོད་ཡིག་གི་ཐོག་ལ་ཆེད་ལས་རྩོམ་པ་པོ་མང་ནས་མང་དུ་འཕེལ་དགོས་བ་མ་ཟད་བོད་ཡིག་རྩོམ་པ་པོ་ཚོའི་རྩོམ་འབྲིའི་ཁ་ཕྱོགས་ཡང་སྣ་མང་ཅན་ཏུ་འགྱུར་ཏེ་སྤྱི་ཚོགས་དགོས་མཁོ་བསྐོར་ཐུབ་མཁན་གྱི་དཔུང་སྡེ་ཞིག་ཆགས་དགོས་རྒྱུ་གལ་ཆེན་པོ་རེད།་ལྷག་པར་དུ་ད་ལྟ་བར་དུ་རྩོམ་པ་པོ་ཚོས་ལག་པས་མ་སྙོབས་ས་དེ་བ་ལ་ལག་པ་བརྐྱངས་དགོས་ཀྱི་འདུག
བོད་ཡིག་གི་ཐོག་ལ་ཆེད་ལས་རྩོམ་པ་པོ་ཐོན་དགོས་ཀྱི་འདུག རྩོམ་པ་པོ་སྤུས་དག་ཐོན་དགོས་ཀྱི་འདུག ངས་འདི་འདྲ་བསམ་གྱི་ཡོད། ངས་མཐོང་ཚུལ་འདི་འདྲ་ཡིན། ལྟ་ཚུལ་ཡང་དེ་འདྲ་ཡིན། འོན་ཀྱང་། རྩོམ་འབྲི་བ་སོ་སོར་རྩོམ་པ་པོར་གདེང་འཇོག་བྱེད་སྟངས་མ་འདྲ་བ་རེ་ཡོད་ཀྱི་རེད་བསམ་གི།

དཔྱད་རྩོམ།

Post navigation

Previous Post: དྲ་བའི་ནང་གི་རྩོམ་པ་པོ་ཚོ་ལ།
Next Post: སྐྱོ་སྡུག་གི་དུས་ཚོད། རྡུང་ལེན་པའི་ལྷན་འཛོམས།

Comments (14) on “ཁྱེད་ཀྱི་ལན་དུ། ངས་བསམ་ན།”

  1. ཀླུ་སྨྱོན། says:
    2008-12-09 at 11:43 pm

    ཁྱོད་ཀྱིས་དེ་ལྟར་བཤད་ན་ངས་དེ་དུས་ཀྱི་དོན་དག་ཅིག་དྲན་སོང་། དེ་སྐབས་བལ་ཡུལ་དུ་ཡོད་པའི་བོན་པོའི་གྲྭ་པ་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་ཡིན་པ་ཞིག་གིས་ང་ལ། ཀླུ་སྨྱོན། བླ་བྲང་སྐལ་བཟང་གིས་ང་ཚོ་བལ་ཡུལ་དུ་ཡོད་པའི་གྲྭ་པ་སུམ་ཅུའི་འོས་ཤོག་རྩིས་མེད་དུ་བཏང་འདུག རྒྱུ་མཚན་ནི་དེ་དག་རྩིས་ཡོད་བྱས་ན་རྩོམ་པ་པོའི་བྱ་དགའ་ཨང་དང་པོ་ཧོར་འཇིགས་དང་གཉིས་པ་དེ་ཁྱོད་རང་། ་གསུམ་པ་ཆབ་བྲག་ལ་རེག་སྟེ་བླ་བྲང་སྐལ་བཟང་ཁོ་རང་ལ་བྱ་དགའ་མི་ཐོབ་པའི་མཚམས་སུ་བསླེབས་འདུག་ཟེར་ལ། ཨ་མདོའི་གསར་བུ་ཞིག་གིས་མཐོ་སྒང་གི་རྒྱབ་མདུན་དུས་དེབ་སྟེང་དུ་རྩོམ་ཡིག་སྙིང་རྗེ་བོ་ཞིག་བྲིས་ནས་བླ་བྲང་སྐལ་བཟང་ངོ་ཚར་གཏད་པ་ཡང་དྲན་བྱུང་། ད་ལྟ་བསམས་ན་བྱིས་པའི་རྩེད་མོ་རང་རེད།

  2. ཀླུ་སྨྱོན། says:
    2008-12-10 at 12:21 am

    ཨ་རོགས། ཁྱོད་ཀྱི་བུད་མེད་སྨྱུག་ཐོགས་པ་གཅིག་ཀྱང་བགྲངས་མི་འདུག ཁྱོད་ཀྱིས་བུད་མེད་རྩོམ་པ་པོ་ཚོ་བརྗེད་སོང་བ་མིན་ནམ། ཁྱོད་ཀྱིས་རྩོམ་པ་པོ་ཡག་ཤོས་ཀྱང་གྲངས་བདམས་པ་དེ་ངས་ཤེས། ཡིན་ན་ཡང་འདི་འདྲ་གླེང་དུས་དམིགས་བསལ་གྱིས་གླེང་དགོས་པ་ཡང་རེ་ཟུང་ཡོད་པ་མིན་ནམ། ཕྱོགས་གཞན་ཞིག་ནས་ཚེ་རིང་སྐྱིད་ཀྱིས་བུད་མེད་ལ་དམིགས་བསལ་མི་དགོས་ཟེར་བ་འདི་ཡང་དྲན་ཡོང་བས་ཁྱོད་ལ་ཁག་མེད་ཀྱང་སྲིད།

  3. ཀླུ་སྨྱོན། says:
    2008-12-10 at 12:22 am

    ནོར་བཅོས། ཡག་ཤོས་ཀྱང་། ཡག་ཤོས་ཀྱི་

  4. LOBSANG SYDNEY says:
    2008-12-10 at 3:27 am

    I AM VERY HAPPY TO READ THIS STORY . I HAVE TO WRITE MORE NEXT TIME

  5. fï-zô-ÁïÅ-¼z-M-¤±ôü says:
    2008-12-10 at 3:58 am

    all u no reason ok.
    stop here plz.

  6. fï-zô-ÁïÅ-¼z-M-¤±ôü says:
    2008-12-10 at 4:10 am

    if u all really to like some thing our socitey plz first make clean ur self n than take another about with ……..

  7. ÇtôzÅ-q- says:
    2008-12-10 at 5:32 am

    རྩོམ་པ་པོ་ཚོ་གཅིག་རྗེས་གཅིག་གིས་མཐུད་དེ་ཤི་འགྲོ་གི་འདུག ཧོར་འཇིགས་གནམ་གྱིས་སྲུང་རྒྱུ་བོ་འདི་སྐུ་ཚེ་རིང་ཤོས་གཅིག་རེད། ཨང་དང་པོ་སྤྲད་ཆོག་འདུག ནོར་མི་འདུག དེའི་ཕྱོགས་ནས་རྒྱལ་བ་རིན་པོ་ཆེའི་ཐུགས་རེ་སྟོང་ཟད་དུ་བཏང་མི་འདུག

  8. བོད། ལྷ་ཀླུ་གཉན་གསུམ། says:
    2008-12-10 at 6:54 am

    ངོ་གསོ་ཡར་ལ་བསྟོད། ཚང་མས་ག་དུས་ཡིན་ཡང་ཤེས་ནི་ཤེས་ཀྱི་ཡོད་པ་འདྲ་མང་བོ་ཞིག་བཤད་བཞིན་འདུག ཡིན་ཡང་། ལག་ལེན་དུ་འདེབས་པ་ནས་ལག་ལེན་བསྟར་མཁན་གྱི་གྲངས་ཀ་ན་ཁོང་ཚོ་མི་འདུག་པ་ག་རེ་ཡིན་ན། ཁོང་ཚོ་ལ་འགན་འཁུར་མེད་པ་ཡིན་ནམ། ད་ནི་གང་ཤེས་མཐར་ཐུག་ན་བོད་བཙན་བྱོལ་ནང་དུ་གང་ཡང་ཡོད་པ་ནས་ཤི་བོ་རྐྱང་རྐྱང་ཡིན་ས་རེད།

  9. Jekmey dorjee says:
    2008-12-10 at 9:13 am

    ༸ཐྲྤཀླུ་སྨྱོན་ལགས། ངས་རྩོམ་པ་པོའི་སྤུས་ཀ་ལ་བལྟས་ནས་བཞག་པ་ཡིན་མ་གཏོགས། བུད་མེད་རྩོམ་པ་པོ་ཡོད་པ་ཧ་མ་གོ་བ་མིན། ཁྱེད་ཀྱིས་ཚེ་རིང་སྐྱིད་འཇོག་དགོས་མདོག་མདོག་ཅིག་ལབ་འདུག
    ང་འདི་ལ་བསམ་ཚུལ་ཡོད། ཚེ་རིང་སྐྱིད་ལ་བཙན་བྱོལ་ནང་གི་བུད་མེད་རྩོམ་པ་པོ་ཆུ་སྐྱེས་སྒྲོལ་མ་དང་གཟུངས་ཞུགས་སྐྱིད་ལྟ་བུའི་རྩོམ་ཡིག་གི་ཆུ་ཚོད་མེད་གི་ བོད་ཡིག་གི་རྨང་གཞི་མེད་གི།
    ཚེ་རིང་སྐྱིད་འདྲ་བོ་དྲང་མོར་བཤད་ན་བཙན་བྱོལ་ནང་ན་མང་པོ་འདུག དཔེར་ན་། ལྦ་ར་ན་སི་དང་ནོར་གླིང་། ས་ར། སོག་སྒར། སུ་ཇཱ་བཅས་ན་ཚེ་རིང་སྐྱིད་ཀྱི་རྩོམ་དེ་འདྲ་འབྲི་ཐུབ་མཁན་མང་པོ་འདུག འོན་ཀྱང་། ཁོང་ཚོར་བློ་ཁོག་མི་འདུག ཚེ་རིང་སྐྱིད་བུད་མེད་བློ་ཁོག་ཅན་ཞིག་རེད།

  10. ཐེ་བོ་ཤེས་རབ་རྒྱ་མཚོ་ says:
    2008-12-11 at 6:19 am

    མཁྱེན་སྤྱན་ཡངས་བའི་ཁ་བརྡ་དྲ་ཚིགས་ཀྱི་རྩོམ་སྒྲིག་པ་ལྷན་རྒྱས་དང་། རྩོམ་པ་པོ། དེ་བཞིན་༸ཐྲྤཀློག་མཁན་ཚང་མར་དག་སེལ་ཞུ་རྒྱུ་ཞིག་ལ། གཅིག་གིས་གོང་དུ་མཆན་ ༥ དང་ ༦ གཉིས་ཆ་དབྱིན་ཡིག་ནང་ཕྲན་གྱི་མིང་ཐོག་ནས་བཏབ་འདུག་ནའང་མཆན་འདི་གཉིས་འདེབས་མཁན་ཕྲན་མིན་པས་རྣམ་པ་ཚོས་དེ་ལུགས་དགོངས་འཇགས་ཞུ་བ་དང་། རྗེས་ཕྱོགས་རང་གིས་བཤད་འདོད་པའི་སྐད་ཆ་ཅི་ཡོད་བློ་སྤོབས་ཆེར་བསྐྱེད་ཀྱིས་སོ་སོའི་མིང་ཐོག་ནས་བཤད་རྒྱུའི་རེ་བ་ཞུ་བཞིན་ཡོད། ཐེ་བོ་ཤེས་རབ་རྒྱ་མཚོས། སྤྱི་ལོ་ ༢༠༠༨ སྤྱི་ཟླ་ ༡༢ ཚེས་ ༡༡ ཉིན་ཝ་ར་ཎ་སི་ནས་ཕུལ།

  11. འགར་ཚེ་རྒྱལ། says:
    2008-12-15 at 7:01 am

    ཕུལ་བྱུང་རྩོམ་པ་པོའམ་ཆེད་ལས་རྩོམ་པ་པོ་ཞིག་བྱེད་ན་ཤེས་ཡོན་གྱིས་ཕྱུག་ཅིང་ལྷག་བསམ་ལྡན་པ། བསམ་བློ་ཀུན་སྤྱོད་བཟང་བ། ཕྱོགས་ཞེན་མེད་པ་བཅས་མི་གཤིས་ཀྱི་ཡོན་ཏན་ངེས་པར་དུ་ལྡན་དགོས་སྙམ། ཁྱོད་ཀྱིས་རྩོམ་པ་པོའི་གྲས་སུ་བཞག་པ་དེ་ཚོ་ལས་ཆབ་བྲག་ལྷ་མོ་སྐྱབས་དང་བསོད་ནམས་རྒྱལ་མཚན་གཉིས་ཤེས་ཡོན་དང་ལྷག་བསམ་ཡོད་པས་ཕུད་གཞན་ཚང་མར་གོང་གི་ཚད་གཞི་འདི་དག་ལས་གཅིག་ཀྱང་ལྡན་མེད་ཅེས་བཤད་ཆོག ཁོ་ཚོ་མི་ཤེས་འབྲི་ལ་དགའ་བའི་མིང་ཡན་པོ་གང་སར་གོ་བ་དང་མཐོང་བ་མང་བའི་རྐྱེན་གྱིས་མིང་སྟོང་གྲགས་སྐམ་ཁྱབ་རྒྱ་ཆེ་བ་ཙམ་རེད། ངས་ནམ་རྒྱུན་རྩོམ་པ་པོ་ཞིག་ཡིན་ཟེར་མཁན་དེ་ཚོའི་ཀུན་སྤྱོད་དང་། ལྷག་བསམ། མི་གཤིས་བཅས་ལ་གང་ཡིན་སར་བརྟག་གིན་ཡོད་ལ། མ་ཟད་ཁོ་ཚོའི་ཀུན་སློང་དང་སྨྱུག་ཁ་ནས་ཐོན་པའི་རྩོམ་ཡིག་ལ་རིན་ཐང་ཡོད་མེད་དེ་བས་གཟབ་ནན་གྱིས་ཀློག་ནས་བལྟ་བཞིན་ཡོད། དེའི་ཕྱིར་ཁོ་ཚོས་བྲིས་པའི་རྩོམ་ཡིག་གི་བརྗོད་བྱེད་ཚིག་དང་། བརྗོད་བྱ་ནང་དོན། བརྗོད་ཆོས་སྒྱུ་རྩལ་སོགས་དང་། སྐབས་རེར་ཁོ་ཚོ་རང་སྟངས་ལ་ཡོད་པའི་མི་གཤིས་ཏེ། བསམ་བློ་གཏོང་སྟངས་། སྤྱི་ཚོགས་དང་འབྲེལ་བའི་སྤྱོད་ཚུལ་བཅས་ཚད་གཞི་ངེས་ཅན་ཞིག་མེད་པར་ཡིད་ཐང་ཆད་གི་འཇུག་པས། ང་ཚོས་འདི་ལྟ་བུ་དག་རྩམ་པ་པོའི་གྲས་སུ་བགྲང་ཆོག་ན་གཞི་རིམ་སློབ་གྲྭའི་སློབ་ཕྲུག་ཚོ་ནས་བཟུང་ང་ཚོའི་སྤྱི་ཚོགས་འདི་རྩོམ་པ་པོའི་སྤྱི་ཚོགས་ཤིག་རེད་ཅེས་བཤད་ཆོག ངས་ལོ་ཤས་རིང་རྩོམ་སྒྲིག་གི་བརྒྱུད་རིམ་ནང་གཟབ་ནན་གྱིས་བལྟས་ཀྱང་ངེས་དོན་གྱི་རྩོམ་པ་པོའི་ཚད་གཞི་ལོངས་མཁན་གཅིག་ཀྱང་མ་མཐོང་བས། ཅིག་བྱས་ན་ང་རང་གི་ཤེས་རྒྱ་དང་མཐོང་རྒྱ་དམའ་དྲགས་པའི་རྐྱེན་གྱིས་ཡིན་ནའང་ཐང་། གང་ལྟར་ངས་ཤེས་ཡོན་པ་དང་རྩོམ་པ་པོ་ཡིན་ཟེར་མཁན་ཚོའི་རྩོམ་ཡིག་དང་ང་ཚོའི་སྤྱི་ཚོགས་ནང་ཁ་རོག་གེང་ལྷག་བསྡད་ཡོད་པའི་གཞོན་སྐྱེས་འགའ་རེས་བྲིས་པའི་རྩོམ་ཡིག་གཉིས་བསྡུར་ནས་བལྟས་ན་ལྡབ་འགྱུར་གྱིས་མིང་གྲགས་མེད་པའི་གཞོན་སྐྱེས་དེ་ཚོའི་རྩོམ་ཡིག་ལ་བརྗོད་ཚིག་སོགས་ཕྱོགས་གང་ཐད་ནས་རིན་ཐང་དང་དོན་སྙིང་ལྡན་མཁན་ཡོད་པས། དེར་བརྟེན་གོང་གསལ་ཁོ་ཚོ་རྩོམ་པ་པོའི་གྲས་སུ་འཇོག་ན་ང་ཚོའི་སྤྱི་ཚོགས་འདི་རྩོམ་པ་པོའི་སྤྱི་ཚོགས་ཤིག་རེད་ཟེར་བ་དང་། དེ་མིན་ན་ངེས་དོན་གྱི་རྩོམ་པ་པོ་ཞིག་ང་ཚོའི་སྤྱི་ཚོགས་ནང་ད་དུང་བཙལ་ནས་རྙེད་དུ་མི་འདུག་པས། ང་ཚོས་རྩོམ་པ་པོ་ཡིན་མིན་ལ་ཇི་ལྟར་དབྱེ་འབྱེད་བྱེད་རྒྱུ་དང། ད་ནས་རྩིས་པའི་མི་རབས་རྗེས་མ་ཚོའི་ནང་ཕུལ་བྱུང་རྩོམ་པ་པོའི་གྲས་ཇི་ལྟར་སྐྱེད་སྲིང་ཟེར་བ་དེ་ཡིན། སྐད་ཆ་འདི་སུ་ལ་མ་དགའ་བ་དང་མ་མཐུན་པས་དེ་ལ་ཕོག་ཐུག་གཏོང་ཆེད་གང་བྱུང་དུ་བཤད་པ་མིན། ངས་ནམ་རྒྱུན་སྐད་ཆ་ཅི་ཡོད་སྦ་གསང་མེད་པར་གདོང་ལས་བལྟས་ནས་བཤད་རྒྱུ་གོམས་ལོབས་སུ་གྱུར་ཡོད་སྟབས་། ད་རེས་ཀྱང་འདི་ལྟར་བཤད་འདོད་བྱུང་བས་བཤད་སྟངས་སྟབས་མ་ལེགས་པར་སུ་ལ་ཕོག་ཐུག་བཟོས་ཡོད་ན་དགོངས་དག་ཞུ་རྒྱུ་ཡིན།

  12. ཀླུ་སྨྱོན། says:
    2008-12-16 at 1:45 am

    ངས་བལྟས་ན་འདི་ལ་ཁྱད་པར་ཞིག་འདུག ང་ཚོས་རྩོམ་ཡིག་ཅིག་གི་རིན་ཐང་གླེང་དུས་རྩོམ་ཡིག་གཅིག་བུའི་ངོས་ནས་བལྟས་ན་རྩོམ་ཡིག་དེའི་ཁྱད་ཆོས་དང་བྲོ་བ་ངོ་མ་དེ་མྱོང་ཐུབ། རྩོམ་པ་པོའི་མི་སྒེར་གྱི་གཤིས་ཀ་དང་བྱ་སྤྱོད་གླེང་དུས་ཁོའི་རྩོམ་ཡིག་དེ་དག་ཕར་བཞག་ནས་མིའི་གཤིས་སྤྱོད་ཀྱི་ངོས་གཅིག་བུ་གླེང་ན་རང་རང་ལ་དགོས་པའི་དངོས་གྲུབ་སྣ་རེ་འཐོབ་ཀྱི་རེད། དེ་མ་གཏོགས་རྩོམ་ཡིག་གླེང་དུས་རྩོམ་པ་པོ་གླེང་། རྩོམ་པ་པོ་གླེང་དུས་རྩོམ་ཡིག་གླེང་བ་ཡིན་ན་ཕར་རིའི་སྤང་རྒྱན་མ་རེག་ཚུར་རིའི་སླེ་བོ་ཡང་མི་རེག་པའི་དཀའ་ངལ་དང་འཕྲད་ཀྱི་རེད་བསམ།

  13. jekmey dawa says:
    2008-12-17 at 12:05 am

    རྩོམ་ཡིག་གླེང་དུས་རྩོམ་པ་པོ་མ་གླེང་ན་དགའ་མོད། འོན་ཀྱང་། རྩོམ་པ་པོས་རང་གིས་བྲིས་བའི་རྩོམ་ཡིག་ལ་འགན་མ་འཁུར་ན། རྩོམ་པ་པོ་གླེང་དགོས་ཆགས་ཀྱི་རེད་བསམ

  14. ར་ལོ་མགོན་པོ་ནས།་ says:
    2009-07-28 at 8:30 am

    ཁ་བརྡ་ཚང་དང་དྲྭ་གྲོགས་ཚོར་སྙིང་ནས་ཞུ་རྒྱུར་།
    བདག་གི་ཉེ་སྔོན་ཧོར་འཇིག་གི་མདོ་སྨད་ལོ་རྒྱུས་སྐོར་ལ་བསམ་འཆར་ཐུང་ཐུང་ཞིག་བྲིས་ནས་འཆན་བཏབས་ཀྱང་ཁ་བརྡའི་ལས་སྣེ་བའི་རྩེས་མེད་རྡོག་རོལ་བཏངས་འདུག
    དེས་སྐོར་ནས་བདག་ལ་སེམས་ཕམས་ཆེན་པོ་བྱུང་། མ་ཟད་ང་ལ་མཚོན་ན་རྒྱ་ནག་གི་དབང་འཛིན་པའི་བཙན་གནོན་དང་འགྲོ་མའི་ཆ་མཐུན་གྱི་རང་དབང་སྤྱོད་དབང་མེད་པ་སོགས་ལ་རྟེན་ནས་བཙན་བྱོལ་གྱི་འཚོ་བ་འདི་མི་འདོད་བཞིན་རོལ་དགོས་བྱུང་ལ། སྐབས་འདི་དག་གི་ནང་དུ་རང་ཉིད་བོད་མི་ཞིག་ཡིན་པའི་ཆ་ནས་མི་རིགས་ཀྱི་བདེ་དོན་ལ་སེམས་ཁུར་འདུག་པ་མ་ཟད།་་་་བོད་མིའི་རིག་གཞུང་གི་ཆ་ཤས་རེ་ལ་བག་ཆགས་ཕྲན་ཙམ་ཡོད་པ་དེ་ཆུས་བཟོས་སུ་མ་བཏངས་བར་་དྲྭ་ཚིག་འདིར་ཡོང་བ་ཡིན། ལོ་གཅིག་ཙམ་རིང་ཁ་བརྡའི་ནང་འཛུལ་ཞུགས་དང་གཏམ་གླིང་གང་མང་བྱུང་བའི་རང་ཉིད་དགའ་སྐྱོ་གཉིས་འདྲེས་ཀྱི་མི་རིགས་འཚོ་གནས་ཀྱི་གཞི་རྩའི་སྐད་ཡིག་འདི་ལ་དོ་སྣང་ཆེན་པོ་བྱུང་།་་་་་་འོན་ཀྱང་སྐབས་འགར་དྲང་བདེན་མ་ཡིན་པའི་ཁ་བརྡའི་གནས་སྟངས་ལ་འཁང་ར་བྱུང་མྱོང་ཡང་བདག་གི་ཡོད་ཚད་ལ་བཟོད་སྒོམ་བྱས་ནས་ཁ་བརྡ་ཚང་ལ་ཚིགས་ངན་གཅིག་ཀྱང་ལབ་མྱོང་མེད། དཔེར་ན་ཉེ་སྔོན་་་སྔ་འགྱུར་དཔལ་ཡུལ་བའི་གདན་རབ་གསུམ་པ་༧་་་་་བསྐྱབས་རྗེ་གྲུབ་དབང་པདྨ་ནོར་བུ་རིན་པོ་ཆེ་དགོངས་པ་རྫོགས་སྐབས་སུ་སློབ་འབངས་དུ་མའི་སྡུག་གི་མགྲིན་པ་གནོང་བཞིན་ཡིད་མུག་གི་གནས་སུ་ལྷུང་ནས་ཡོད་དུས། ཁ་བརྡའི་ནང་གསང་མིང་གི་འོག་ནས་རང་རེའི་སྤྱི་ཚོགས་དང་གཏན་ནས་མི་མཐུན་པའི་བསྒྲགས་གཏམ་སྤེལ་བ་དེས་སྡུག་གི་ཐོག་ལ་ཁོང་ཁྲོ་ཞིག་ཀྱང་གནན་འཕེལ་བྱས་པ་ནི་བསམ་ཡུལ་ལས་འདས་པ་ཞིག་ཡིན་ཡང་ཁ་བརྡའི་ལས་སྣེ་བས་སྣང་མེད་ངང་ཟླ་ཤས་རིང་ལ་བཞག་པ་ནི། ཁ་སང་ངས་ཧོར་འཇིགས་ལ་ཕུལ་བའི་འཆན་ཐུང་ཐུང་དེ་ནག་བསུབས་བྱེད་དོན་འདི་གཉིས་ཀྱི་བར་ན་ཕྱོགས་ལྷུང་གི་འདུ་ཤེས་ཞིག་གི་འདི་ལྟར་བྱས་ན་ང་ལ་སེམས་ཕམས་ཆེན་པོ་ཡོད།
    བདག་གི་དེ་རིང་འདི་ནས་ཁ་བརྡ་ཚང་དང་དྲ་གྲོགས་རྣམས་ལ་ཞུ་དོན་ནི། ཁ་སང་བདག་གི་འཆན་བཀོད་པ་དེར་ནོར་འཁྲུལ་དང་ནག་ཉེས་ཅི་ཡོད་ལེགས་ཉེས་ཀྱི་ར་སྤྲོད་གསལ་བོར་གནང་བར་ཞུ་རྒྱུ་དང་།་་་ བདག་གི་མྱུར་འཕྲིན་ཁ་བྱང་་་་་་gonpo_botruk@yahoo.com་་་་་་་ཐོགའམ་ཡང་ན་འདིས་འཕྲོས་སུ་འཆན་བཀོད་གནང་བ་སྙིང་ནས་རེ་བསྐུལ་ཡོད།
    ཉེ་སྔོན་གྱི་འཆན་དེ་སླར་ཡང་འདི་ནས་བཀོད་རྒྱུ་ཡིན་པའི་གཟིགས་པར་ཞུ། ། ། །།།།།།།།།།།།།།།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme