Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཁྱེད་རང་ངའི་ཉི་འོད་ཡིན། (you are my sunshine)

Posted on 2021-08-01 By ཁ་བརྡ No Comments on ཁྱེད་རང་ངའི་ཉི་འོད་ཡིན། (you are my sunshine)

རྩོམ་པ་པོ། ཇེ་མཱེ་སུ་སྒྲ་ཝུ་སུ། སྒྱུར་བ་པོ། འདྲེ་གླེན་པ།  

དུས་རབས་གཅིག་གི་གཞས་ཞེས་པའི་བྱ་དགའ་ཐོབ་པའི་གླུ་གཞས་མིང་གྲགས་ཅན། 

ཉིན་དེའི་མཚན་མོར
སྙིང་ཉེ་ང་རང་གཉིད་ལ་ཡུར་སྐབས
ངས་ཁྱེད་རང་བྲང་ཁར་སྦྱར་བ་རྨིས
ཡིན་ཡང་གཉིད་ལས་སད་དུས་འཁྲུལ་སྣང་རེད
ང་ཡིས་མགོ་བོ་བསྒུར་ནས་མིག་ཆུ་བཞུར

ཁྱེད་རང་ངའི་ཉི་འོད་ཡིན
ང་རང་གཅིག་པུའི་ཉི་འོད་ཡིན
མུན་པ་འཐིབ་སྐབས་ཁྱེད་ཀྱིས་ང་ལ་བདེ་སྐྱིད་བྱིན
ང་རང་ཁྱེད་ལ་ཅི་ཙམ་དགའ་བ
ཁྱེད་ཀྱིས་ནམ་ཡང་ཧ་གོ་མི་སྲིད་སྙིང་ཉེ

ང་ནམ་ཡང་ཁྱེད་ལ་དགའ
ཁྱེད་ལ་བདེ་སྐྱིད་བསྐྲུན
གལ་སྲིད་ཁྱེད་ཀྱིས་ཀྱང་དེ་མཚུངས་སུ་སྨྲས་ན
ཡིན་ཡང་
ཁྱེད་རང་གཞན་ལ་དགའ་ནས་ཁོ་བོ་བསྐྱུར་ཚེ
ཉིན་གཅིག་ཁྱེད་རང་འགྱོད་གདུང་གིས་མནར་ངེས

ཁྱེད་རང་ངའི་ཉི་འོད་ཡིན
ང་རང་གཅིག་པུའི་ཉི་འོད་ཡིན
ནམས་མཁའ་ཐལ་མདོག་ལ་འགྱུར་སྐབས་ཁྱེད་ཀྱིས་ང་ལ་བདེ་སྐྱིད་བསྐྲུན
ང་རང་ཁྱེད་ལ་ཅི་ཙམ་དགའ་བ
ཁྱེད་ཀྱིས་ནམ་ཡང་ཧ་གོ་མི་སྲིད་སྙིང་ཉེ
ཁ་དྲོ ངའི་ཉི་འོད་མ་ཁྱེར་རོགས་གནང་

ཐེངས་གཅིག་ཁྱེད་ཀྱིས་ང་ལ་བཤད་པར་སྙིང་ཉེ
འུ་གཉིས་བར་དུ་མི་གཞན་ཞིག་ཡོང་མི་སྲིད་ཟེར
ཁྱེད་ཉིད་དངོས་གནས་ང་ལ་དགའ་བར་སྨྲས
འོན་ཀྱང་། ཁྱེད་ཀྱིས་ང་རང་བསྐྱུར་སོང་ གཞན་ལ་དགའ་སོང་
ཁྱེད་ཀྱིས་ང་ཡི་རྨི་ལམ་མཐའ་དག་ཐལ་བའི་རྡུལ་ཏུ་བརླགས་སོང་

ཁྱེད་རང་ངའི་ཉི་འོད་ཡིན
ང་རང་གཅིག་པུའི་ཉི་འོད་ཡིན
ནམས་མཁའ་ཐལ་མདོག་ལ་འགྱུར་སྐབས་ཁྱེད་ཀྱིས་ང་ལ་བདེ་སྐྱིད་བྱིན
ང་རང་ཁྱེད་ལ་ཅི་ཙམ་དགའ་བ
ཁྱེད་ཀྱིས་ནམ་ཡང་ཧ་གོ་མི་སྲིད་སྙིང་ཉེ
ཁ་དྲོ ངའི་ཉི་འོད་མ་འཁྱེར་རོགས་གནང་

ངའི་རྨི་ལམ་མཐའ་དག་ཏུ་ཁྱེད་རང་ང་དང་བྲལ་སོང་བ་འདྲ་བས་སྙིང་ཉེ
མལ་ལས་ལངས་སྐབས་ངའི་ཤ་ཚ་བའི་སྙིང་ལ་ན་ཟུག་གཏོང་བྱུང་
དེའི་ཕྱིར་ ཁྱེད་རང་ག་དུས་ཕྱིར་ལོག་སྟེ་ང་ལ་བདེ་སྐྱིད་བསྐྲུན་ནམ
ངས་ཁྱོད་གུ་ཡངས་གཏོང་ཆོག་སྙིང་ཉེ ནག་ཉེས་མཐའ་དག་ང་ཡིས་ཁུར

ཁྱེད་རང་ངའི་ཉི་འོད་ཡིན
ང་རང་གཅིག་པུའི་ཉི་འོད་ཡིན
ནམས་མཁའ་ཐལ་མདོག་ལ་འགྱུར་སྐབས་ཁྱེད་ཀྱིས་ང་ལ་བདེ་སྐྱིད་བྱིན
ང་རང་ཁྱེད་ལ་ཅི་ཙམ་དགའ་བ
ཁྱེད་ཀྱིས་ནམ་ཡང་ཧ་གོ་མི་སྲིད་སྙིང་ཉེ
ཁ་དྲོ ངའི་ཉི་འོད་མ་ཁྱེར་རོགས་གནང

གླུ་གཞས་དང་རྩོམ་པ་པོའི་རྒྱབ་ལྗོངས་བསྡོར་བསྡུས།

ཁྱེད་རང་ངའི་ཉི་འོད་ཡིན་ཞེས་པའི་གླུ་གཞས་འདི་ནི་ཞིང་པའི་ཁྱིམ་ཚང་དཀྱུས་མ་ཞིག་ཏུ་སྐྱེས་པའི་ཨ་རིའི་གྲོང་གསེབ་གཞས་པ་གྲགས་ཅན་Jimmies Davis ལགས་ཀྱིས་སྤྱི་ལོ་1939 ལོར་བྲིས་ཏེ་གཞས་པ་Charles Mitchell ལགས་དང་མཉམ་དུ་བླངས་ཏེ་འགྲེམ་སྤེལ་བྱས་པའི་གླུ་དབྱངས་ཤིག་རེད། གླུ་དབྱངས་འདིར་སྤྱི་ལོ་1999 ལོར་“དུས་རབས་གཅིག་གི་གཞས་”ཞེས་པའི་མཚན་སྙན་བྱ་དགའ་ཐོབ།
གླུ་དབྱངས་འདིར་ད་བར་དུ་ངོས་འཛིན་ཐོབ་པའི་མིང་གྲགས་ཅན་གྱི་གླུ་བ་350ལྷག་གིས་བསྐྱར་ལེན་བྱས་ཤིང་མི་འབོར་ས་ཡ་བཅུ་བདུན་ལྷག་གིས་བལྟ་ཉན་བྱས། བསྐྱར་ལེན་བྱེད་མཁན་གྱིས་གྲས་སུ་ཤིན་ཏུ་སྐད་གྲགས་ཆེ་བའི་གླུ་བGene Autryལགས་དང་Bing Crosby, ལགས་Willie Nelsonསོགས་ཀྱང་ཚུད་ཡོད་པ་རེད།
Jimmies Davis ལགས་ནི་གླུ་ཚིག་རྩོམ་པ་པོ་དང་གཞས་པ་ཙམ་ཡིན་པ་མ་ཚད་ཐེངས་གཉིས་ལ་ཨ་རིའི་མངའ་སྡེ་གཞུང་གི་བློན་ཆེན་ཁུར་མྱོང་བའི་རྒྱལ་ཁབ་ཀྱི་གཞུང་འཛིན་མི་སྣ་གལ་ཆེན་ཞིག་ཀྱང་ཡིན་པ་རེད། སྤྱི་ལོ་1944ནས་1948 བར་དང་སྤྱི་ལོ་1960ནས་1964བར་མངའ་སྡེའི་བློན་ཆེན་ཁུར་སྐབས་ཁོང་ལ་གླུ་གཞས་སྐོར་ཞིག་དང་འབྲེལ་བའི་དྲི་བ་སྣ་ཚོགས་དང་དམིགས་བསལ་"ཁྱེད་རང་ངའི་ཉི་འོད་ཡིན” ཞེས་པའི་གླུ་གཞས་དེར་གླེང་ཕྱོགས་འདྲ་མིན་བཟོས་ཀྱང་ཁོང་གིས་ད་བར་དུ་སུ་ལའང་འགྲེལ་བཤད་བརྒྱབ་མྱོང་མེད་པས། Jimmies Davis ལགས་ནི་ཤིན་ཏུ་རྣོ་ངར་ཆེ་བའི་ཨ་རིའི་ཆབ་སྲིད་ཀྱི་ཞབས་བཀྱགས་ལ་བཞུགས་ཀྱང་སྒྱུ་རྩལ་དང་རང་གི་བརྩམ་ཆོས་བཙོང་མ་མྱོང་བའི་གྲོང་གསེབ་གཞས་པ་མཚད་ཉིད་དང་ལྡན་པ་ཞིག་ཡིན་པ་རེད།

དམངས་ཁྲོད་སྒྱུ་རྩལ་གྲོང་གསེབ་ཀྱི་གླུ་དབྱངས།
country music.

དམངས་ཁྲོད་གླུ་གཞས་སྒྱུ་རྩལ་གྲོང་གསེབ་ཀྱི་གླུ་དབྱངས་country music ཞེས་པ་ནི་སྤྱིར་བཏང་གི་རྣམ་པ་དང་འཆམ་མཐུན་གྱི་ཐོག་ནས་བྱུང་ཞིང་འཆར་ཡན་ནམ་ཡིད་སྐྱོའི་རྣམ་པ་ཅན་ཏེ་ཨ་རིའི་དམངས་ཁྲོད་གླུ་དབྱངས་ཤིན་ཏུ་སྐད་གྲགས་ཆེ་བ་ཞིག་ཡིན་ནོ། ཨ་རི་གཙོས་པའི་ནུབ་ཕྱོགས་ཡུལ་གྲུ་ཀུན་ལ་ཧ་ཅང་དར་ཁྱབ་ཆེ་བའི་གྲོང་གསེབ་གླུ་གཞས་སྒྱུ་རྩལ་ཞེས་པ་ནི་དུས་རབས་བཅོ་བརྒྱད་དང་བཅུ་དགུའི་བར་དུ་ཨ་རི་དང་ཨ་ཧྥི་རི་གར་བྱུང་བའི་མི་རིགས་ནག་པོའི་དམངས་གླུ་ཞིག་རེད། དམངས་གླུ་དེ་རིམ་གྱིས་འཛམ་གླིང་གི་ས་ཕྱོགས་གང་སར་དར་ཁྱབ་བྱུང་ཞིང་། སྤྱི་ལོ་1860་ཙམ་ནས་གླུ་དབྱངས་ཀྱི་ཉམས་འགྱུར་དང་ལྡན་པ་དེ་ཉིད་ལ་འཛམ་གླིང་ཤར་ནུབ་གཉིས་སུ་འདུས་པའི་རྒྱུད་འདྲེས་རོལ་མོ་གཙོ་བོ་གཉིས་ཏེ་ཤར་ཕྱོགས་ཀྱི་དམངས་ཁྲོད་ཀྱི་རོལ་མོ་དང་ནུབ་ཕྱོགས་ཀྱི་བ་གླང་གི་རོལ་མོ་གཉིས་ཀྱིས་བརྒྱན་པའི་ཞིང་ལས་མི་མང་ཁྲི་ཚོ་མང་པོའི་བྲན་གཡོག་ལ་ངོ་རྒོལ་དང་རང་དབང་། གསར་བརྗེ། མཛའ་བརྩེ། འཆམ་མཐུན་སོགས་མཚོན་པར་བྱས་པའི་ཧ་ཅིང་གཏིང་རིང་ཞིང་ལོ་རྒྱུས་ལྡན་པའི་ནུབ་ཕྱོགས་ཀྱི་གླུ་གཞས་སྒྱུ་རྩལ་ཤིན་དུ་དར་ཁྱབ་ཆེ་བ་དེ་ཉིད་ལ་ཀུན་གྱིས་གྲོང་གསེབ་གླུ་གཞས་ཞེས་འབོད་དོ།
ད་དུང་གཏིང་ཟབ་ཅིང་བརྗོད་དོན་ཕུན་སུམ་ཚོགས་པ། ལོ་རྒྱས་ཀྱི་ཀྱག་ཀྱོག་ལོ་ཟླ་འདྲ་མིན་བརྒལ་བའི་དམངས་ཁྲོད་གླུ་གཞས་སྒྱུ་རྩལ་འདིར་བར་སྐབས་ཤིག་ལ་“ བྲན་གཡོག་གླུ་གཞས་” ་ཞེས་ཀྱང་འབོད་པ་ཡིན། དེའི་ཅི་ཞིག་ཟེར་གྱི་ཡོད་རེད་ཟེར་ན། གྲོང་གསེབ་ཀྱི་གླུ་གཞས་སྒྱུ་རྩལ་འདི་ནི་མི་དཀར་གྱི་བྲན་གཡོག་ལམ་ལུགས་ཀྱི་འོག་ནས་བྱུང་བའི་མི་ནག་གི་ཕུགས་བསམ་དང་སྐད་ངག དགའ་སྐྱོ་ཆགས་སྡང་ཚང་མ་ཕྱིར་ཐོན་ཐབས་བྱས་ཡོད་པ་དང་། གྲོང་གསེབ་ཀྱི་གླུ་དབྱངས་ལས་མྱི་ནག་བྲན་གཡོག་མང་པོས་གསར་བརྗེ་བསློངས་ཤིང་དམངས་ཁྲོད་གྲོང་གསེབ་གླུ་དབྱངས་ཁྲོད་མྱི་ནག་རྣམ་རྫོགས་མཐའ་བྲལ་བའི་རང་དབང་གི་ཕུག་འདུན་ལ་ཕྱོགས་པས་རེད།

ས་མཐོ་གནམ་གཙང་གི་ཨོ་གླིང་གནས་མཆོག་རི་སྔོན་པོ་ནས1/8/2021 ཉིན་བསྒྱུར་ཏེ་སྤེལ།

——མ་ཡིག་གི་སྙན་ངག་འོག་ལ་བཀོད་ཡོད།
you are my sunshine
The other night dear, as I lay sleeping
I dreamed I held you in my arms
But when I awoke, dear, I was mistaken
So I hung my head and I cried.

You are my sunshine, my only sunshine
You make me happy when skies are gray
You’ll never know dear, how much I love you
Please don’t take my sunshine away

I’ll always love you and make you happy,
If you will only say the same.
But if you leave me and love another,
You’ll regret it all some day:

You are my sunshine, my only sunshine
You make me happy when skies are gray
You’ll never know dear, how much I love you
Please don’t take my sunshine away

You told me once, dear, you really loved me
And no one else could come between.
But not you’ve left me and love another;
You have shattered all of my dreams:

You are my sunshine, my only sunshine
You make me happy when skies are gray
You’ll never know dear, how much I love you
Please don’t take my sunshine away

In all my dreams, dear, you seem to leave me
When I awake my poor heart pains.
So when you come back and make me happy
I’ll forgive you dear, I’ll take all the blame.

You are my sunshine, my only sunshine
You make me happy when skies are gray
You’ll never know dear, how much I love you
Please don’t take my sunshine away

གླུ་གཞས།, འགྱུར་རྩོམ།

Post navigation

Previous Post: ཨ་ལ་ལ་མོ།
Next Post: ཨ་རི་བ་བླ་མ་དཀར་པོའི་དཔེ་དེབ་བཀླགས་པའི་མྱོང་ཚོར།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme