Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྐབས་བཅུ་བདུན་པའི་འདེམས་ཐོན་སྤྱི་འཐུས་ཚོའི་ལས་ཁུར་དམ་འབུལ་ཞུ་ཕྱོགས་ལ་དཔྱད་པའི་གཏམ།

Posted on 2021-07-19 By ཁ་བརྡ 2 Comments on སྐབས་བཅུ་བདུན་པའི་འདེམས་ཐོན་སྤྱི་འཐུས་ཚོའི་ལས་ཁུར་དམ་འབུལ་ཞུ་ཕྱོགས་ལ་དཔྱད་པའི་གཏམ།

གཞུང་པ་ཚེ་དབང་བསོད་ནམས། 

མང་གཙོའི་རྒྱལ་ཁབ་ག་འདྲ་ཞིག་ཡིན་ཀྱང་རྒྱལ་ཁབ་དེའི་རྩ་ཁྲིམས་ལས་གལ་ཆེ་བ་མེད་པ་ནི་ཁྲིམས་ལུགས་ཡོངས་ཀྱི་རྩ་བ་དེ་རྩ་ཁྲིམས་ཡིན་པ་ནས་རྒྱལ་ཁབ་དང་སྲིད་གཞུང།  གྲོས་ཚོགས་དང་མི་མང།  གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དང་སྒྲིག་འཛུགས།   མི་སྒེར་སོགས་ཚང་མས་ཡིད་ཆེས་དང་།   བློ་གཏད།   བརྩི་བཀུར་ཉམས་ལེན་ཞུ་དགོས་པ་དེ་ཡུལ་མིའི་ལས་འགན་ཆེ་ཤོས་དེ་ཡིན་པ་དང་།  དེ་ལས་ལྷག་པའི་ཁྲིམས་ཡིག་མེད་པ་དང་།   ང་ཚོ་བཙན་བྱོལ་དུ་འབྱོར་མ་ཐག་༸གོང་ས་མཆོག་ནས་བོད་མི་མང་གིས་མ་འོངས་མདུན་ལམ་ལ་ཐུགས་བརྩེ་བ་ཆེན་པོའི་གཟིགས་སྐྱོང་འོག་དེ་སྔའི་བོད་ཀྱིས་ཆབ་སྲིད་ལམ་ལུགས་ལ་འགྱུར་བ་བཏང་ནས་འཛམ་གླིང་སྤྱི་དང་མཐུན་པའི་དེང་རབས་མང་གཙོའི་ལམ་ལུགས་ནང་བོད་མི་མང་འཁྲིད་ནས་སྤྱི་ལོ་  ༡༩༦༠  ལོའི་སྤྱི་ཟླ་ ༩ ཚེས་  ༢  ཉིན་ཆོལ་གསུམ་ཆོས་ལུགས་དང་བཅས་པའི་སྐུ་ཚབ་ལས་སྒྲུབ་པའི་བོད་ཀྱི་མང་གཙོའི་གཞུང་གསར་འཛུགས་གནང་ནས་འཛམ་གླིང་ཡོངས་ནས་ང་ཚོར་དགའ་བསུ་དང་རྒྱབ་སྐྱོར་གྱི་རྣམ་འགྱུར་སྟོན་མཁན་གྱིས་གྲངས་ཚད་དེ་ཉུང་ཉུང་མིན་པ་དང་།   སྤྱི་ལོ་

  ༡༩༩༠ ཐམ་པའི་ལོར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཟིན་བྲིས་ཚོགས་ཆུང་བཙུགས་ནས་ད་ལྟའི་བཅའ་ཁྲིམས་འདི་སྤྱི་འཐུས་སྐབས་བཅུ་གཅིག་ནས་ཁྲིམས་བཟོའི་འགན་འཁུར་བླངས་ནས་གཏན་འབེབས་གནང་ནས་༸གོང་ས་མཆོག་གི་མཆོག་མཆན་དེ་སྤྱི་ལོ་  ༡༩༩༡  སྤྱི་ཟླ་ ༦  ཚེས་༢༨  ཉིན་གནང་བ་ནས་དངོས་སུ་ཁྲིམས་ཡིག་ཏུ་ཁ་ཕྱོགས་ནས་བཙན་བྱོལ་བོད་མིའི་མང་གཙོའི་སྒྲིགས་འཛུགས་འདི་བཞིན་ཁྲིམས་ཀྱི་དབང་བསྒྱུར་འོག་ཏུ་མི་མང་འཚོ་ཐུབ་པའི་ཡང་དག་པའི་མང་གཙོའི་ལམ་ལུགས་ནང་ང་ཚོ་འཁྲིད་གནང་བ་དང་།   དུས་ཀྱི་འགྱུར་བ་དང་།   རྒྱལ་སྤྱིའི་གནས་བབས།  ་སྤྱི་ཚོགས་ཀྱི་འཕེལ་རིམ་སོགས་ལ་ཐུགས་འགན་བཞེས་ནས་སྤྱི་ལོ་ ༢༠༠༢  ལོར་འཛིན་སྐྱོང་གི་འགན་དབང་ཡོངས་རྫོགས་མི་མང་ནས་འདམས་པའི་བཀའ་བློན་ཁྲི་པར་གནང་ནས་ཕྱེད་རྒན་ཡོལ་དུ་ཕེབས་པ་དང་།   སྤྱི་ལོ་  ༢༠༡༡  ལོར་བོད་ཀྱི་ཆབ་སྲིད་ཀྱི་འགན་དབང་ཡོངས་རྫོགས་མི་མང་གི་འདམས་པའི་བཀའ་བློན་ཁྲི་པར་གནང་བ་སོགས་༸གོང་ས་མཆོག་གི་བཀའ་དྲིན་ནི་དུས་ནམ་ཡང་ང་ཚོ་བོད་མི་ཚོའི་བརྗེད་མི་ཉན་པ་དང་།  སྔ་ལོ་སྐབས་བཅུ་དྲུག་པའི་སྤྱི་འཐུས་རྒྱུན་ལས་ནས་གྲོས་ཚོགས་ཚོགས་དུས་བཅུ་པ་ཟླ་དྲུག་ཕར་འགྱངས་གནང་བའི་བརྒྱུད་རིམ་ནས་སྤྱི་འཐུས་རྒྱུན་ལས་དང་ཆེས་མཐོའི་ཁྲིམས་ཞིབ་ཁང་བར་གྱི་གླེང་གཞི་ནས་བཟུང་ཉེ་ལམ་སྤྱི་འཐུས་གྲོས་ཚོགས་ནས་ཆེས་མཐོའི་ཁྲིམས་ཞིབ་པ་འཕོ་འགྱུར་གཏོང་རྒྱུའི་བཅའ་ཁྲིམས་དོན་ཚན་ ༥༤  མ་བརྒྱུད་པ།   བཅའ་ཁྲིམས་དོན་ཚན་   ༦༣   པའི་ནང་གསེས་བཞི་པའི་འོག་ཁྲིམས་འགལ་གྱིས་ཡིག་ཆ་ཨང་   ༣༩   རྒྱུད་ནས་ཁྲིམས་ཞིབ་པ་ཆ་ཚང་ཚ་ཚ་འུར་འུར་ངང་གནས་དབྱུང་བཏང་བའི་རྒྱུད་རིམ་གྱི་ཆབ་སྲིད་ཁྲབ་སྟོན་དང་འབྲེལ་ནས་ཚོགས་གཙོ་རྩ་དགོངས་ཞུས་པ་དང་དེ་རྗེས་མདོ་སྨད་སྤྱི་འཐུས་བློ་བཟང་ཆོས་འབྱོར་ཡང་རྩ་དགོོངས་ཞུས་པ་དང་།  ༢༠༢༡  སྤྱི་ཟླ་  ༥  པའི་ཚེས་  ༢༣ ཉིན་སྐབས་བཅུ་དྲུག་པའི་སྤྱི་འཐུས་ལས་ཐོག་ ༢༡   ནས་ཡིག་ཆ་ཨང་   ༣༩   དེ་ཁྲིམས་མཐུན་བྱུང་མེད་པའི་ནོར་འཁྲུལ་ངོས་ལེན་གྱིས་ཆེས་མཐོའི་ཁྲིམས་ཞིབ་པ་གསུམ་ལས་ཁུར་རྒྱུན་མཐུད་དགོས་པའི་རེ་འདུན་བཏོན་པའི་ཞུ་ཡིག་ཕུལ་བ་དང་།   ༢༠༢༡    སྤྱི་ཟླ་  ༥    པའི་ཚེས་  ༢༤   ཉིན་འཁོད་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཡོངས་ཁྱབ་གསལ་བསྒྲགས་ཟེར་བའི་ནང་དུའང་གྲོས་ཆོད་ཡིག་ཆ་ཨང་  ༣༩   པའི་དགོངས་དོན་མཇུག་སྐྱོང་བྱ་ཐབས་གང་ཡང་མི་འདུག་སོགས་འཁོད་པའི་རྒྱུད་རིམ་ནས་ཆེས་མཐོའི་ཁྲིམས་ཞིབ་པ་གསུམ་ལས་ཁུར་ཞུས་པ་ནས་བཀའ་ཤག་སྐབས་གོང་མས་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བའི་མདུན་བོད་ཀྱི་བཀའ་དམ་སྲིད་ཞི་བདེ་སྐྱིད་མ་མི་མང་གིས་འདམས་འཐོན་སྲིད་སྐྱོང་གསར་པ་ལ་རྩིས་སྤྲོད་གནང་བའི་མཛད་སྒོའི་ཐོག་༸གོང་ས་མཆོག་ནས་འཚམས་འདྲིའི་བཀའ་སློབ་དྲ་ལམ་ནས་ཕེབས་པ་སོགས་གཞིས་བྱེས་བོད་མི་ཚང་མས་གསན་གཟིགས་ཐུབ་པ་ནས་རང་གཞན་ཚང་མ་མི་སྨོན་རང་སྐྱིད་ཐུབ་པའི་མང་གཙོ་ཁྲིམས་ཀྱི་དབང་བསྒྱུར་འོག་བོད་མི་མང་འཚོ་ཐུབ་པ་ནི་༸གོང་ས་མཆོག་གིས་བླ་ན་མེད་པའི་བཀའ་དྲིན་ཁོ་ན་ཡིན་པ་བོད་མི་ཚང་མས་དུས་ནམ་ཡང་བརྗེད་དུ་མི་ཉན་པ་དང་།   སྐབས་བཅུ་བདུན་པའི་འདམས་འཐོན་སྤྱི་འཐུས་རྣམས་ནས་བཅའ་ཁྲིམས་དོན་ཚན་ ༤༧  འོག་ཏུ་ལས་འཁུར་དམ་འབུལ་ཞུ་དགོས་པ་དེ་སྤྱི་འཐུས་ཀྱི་ལས་ཁུར་དམ་བཅའ་འམ་ཁས་ལེན་ཚིག་བརྗོད་ནས་ངོ་འཕྲོད་ཐུབ་དགོས་པ་ནི། 

འདི་ལྟར།  སྤྱི་འཐུས་ལས་ཁུར་དམ་བཅའ་ཁས་ལེན།  

བདག་་་་་་་་་་་ཞེས་བགྱི་བ།   བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་་་་་་་་་་ཐད་བསྐོས་སྤྱི་འཐུས་སུ་བསྐོ་བཞག་བསྩལ་བྱུང་བ་ལགས་ན།     ཡང་ན་་་་་་་་་་སྤྱི་འཐུས་འོས་འདེམས་བྱུང་བ་ལགས་ན།   བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་ཡིད་ཆེས་བློ་གཏད་ཀྱི་ཐོག་ནས།  སྤྱི་འཐུས་ཀྱི་ལས་ཁུར་ཞུ་་སྒོ་མཐའ་དག  བཅའ་ཁྲིམས་ཀྱི་འབྲུ་དོན་འགལ་མེད་ཐོག།   རང་དོན་ཕྱོགས་ལྷུང་དང་།   འཇིགས་ཞུམ་ཆགས་སྡང་མེད་པར།   དྲང་བདེན་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་རང་ནུས་གང་ཐེག་ཞུ་རྒྱུའི།  

༡  མཆོག་གསུམ་དཔང་བཙུགས་ཀྱི་དམ་བཅའ་བརྟན་པོ་ཞུ་རྒྱུ་ཡིན། 

ཡང་ན།  

༢  ཁས་ལེན་གཙང་མ་ཞུ་རྒྱུ་ཡིན།  

ཅེས་གསལ་བ་ནས་སྤྱི་འཐུས་ ༢༢  ནས་ལས་འཁུར་དམ་འབུལ་དེ་༸གོང་ས་མཆོག་གི་སྐུ་པར་དང་བཅའ་ཁྲིམས་མདུན་དམ་འབུལ་གནང་བ་དེ་བཅའ་ཁྲིམས་དོན་ཚན་ ༤༧   དང་མ་མཐུན་པ་ནས་བཅའ་ཁྲིམས་དོན་ཚན་  ༥   པའི་འོག་ནུས་མེད་འགྲོ་དགོས་པ་མ་ཟད་༸གོང་ས་མཆོག་སྐུ་འཚོ་བཞུགས་སྐབས་༸གོང་ས་མཅོག་གི་སྐུ་པར་མདུན་དམ་འབུལ་ཞུ་རྒྱུ་དེ་རྟགས་དང་རྟེན་འབྲེལ།  ལམ་དང་ལུགས་སྲོལ།  ཁྲིམས་དང་སྒྲིག་གཞི་སོགས་གང་ལ་བསམ་ཀྱང་ཡ་རབས་དང་བཟང་སྤྱོད་ཡོངས་སུ་འགལ་བའི་བྱ་སྤྱོད་ཞིག་ལ་ངོས་འཛིན་དང་བཅས་བོད་མི་མང་གིས་སྐུ་ཚབ་སྤྱི་འཐུས་རྣམས་ཞབས་བྲོ་མཉམ་དུ་བརྒྱབ་ནས་སྐེད་གཟེར་ལོགས་སུ་བཅོས་པ་མ་རེད་དམ།   གལ་སྲིད་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་དེ་༸གོང་ས་མཆོག་གི་སྐུ་པར་དང་།   བཅའ་ཁྲིམས་མདུན་ཞུ་དགོས་ཀྱི་ཡོད་ན་༸གོང་ས་མཆོག་ལ་བཀའ་ཁྲོལ་སྣང་བ་ཞུས་ནས་བཅའ་ཁྲིམས་བསྐྱར་བཅོས་འགྲོ་དགོས་པ་དེ་ཁྲིམས་མཐུན་ངོ་མ་དེ་ཡིན་པ་ལས་བཅའ་ཁྲིམས་ནང་མ་གསལ་བའི་ཐ་སྙད་གསར་བཟོའི་རྒྱུད་ནས་རང་སྣང་གང་དྲན་གྱིས་དམ་འབུལ་ཞུ་རྒྱུ་དེ་མང་གཙོ་ཁྲིམས་ཀྱི་དབང་བསྒྱུར་ནས་དམངས་གཙོ་གྲལ་རིམ་དབང་བསྒྱུར་ལ་ཁ་ཕྱོགས་པ་མ་རེད་དམ།   ད་ཆ་ཚང་མས་འདས་པའི་བྱུང་རིམ་སེམས་ནང་མ་བཞག་པར་བརྗེད་དུ་བཅུག་ནས་ད་ལྟའི་ང་ཚོར་འཕྲད་པའི་དཀའ་ངལ་དེ་དག་མང་གཙོའི་ཀ་བ་གསུམ་མཉམ་རུབ་ཀྱི་ཐོག་ནས་དཀའ་ངལ་སེལ་ཐུབ་པའི་མཐུན་མོང་གི་འགན་འཁུར་བཞེས་ནས་ཚོགས་གཙོ་ཚོགས་གཞོན་བཅའ་ཁྲིམས་དོན་ཚན་ ༤༥  པའི་འོག་བསྐོ་དགོས་པ་དང་།  བཅའ་ཁྲིམས་དོན་ཚན་  ༢༢   འོག་བཀའ་ཤག་གི་བཀའ་བློོན་བསྐོ་དགོས་པ་དང་།   བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་བསྐྱར་བཅོས་ཇི་དགོས་ཁྲིམས་ལུགས་རིག་པའི་ཆེད་ལས་པ་མཁས་པའི་ཚོགས་ཆུང་ཟུར་དུ་བཙུགས་དགོས་པ་དང་།   ཆོལ་གསུམ་བོད་མིའི་མཐུན་འབྲེལ་ལ་མང་གཙོའི་ཀ་བ་གསུམ་ནས་འགན་འཁུར་བཞེས་ནས་༸གོང་ས་མཆོག་གི་བླ་ན་མེད་པའི་དགོང་གཞི་ཁག་ང་ཚོའི་སྒྲུབ་དགོས་པ་ནི་བོད་མི་རིགས་གསོན་པོར་གནས་ཐུབ་པའི་མཐར་ཐུག་གི་དམ་བཅའ་ངོ་མ་དེ་ཡིན་པ་བོད་མི་ཚང་མས་ངེས་པར་དུ་མཁྱེན་དགོས་པ་བཅས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་བཅུ་གསུམ་ནང་གསལ་བའི་བོད་ཀྱི་ཡུལ་མིའི་ལས་འགན་སྒྲུབ་ནས་གང་ཟག་སྒེར་གྱི་བསམ་ཚུལ་གླེང་པ་འདིའི་ཀྱང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་བཅའ་ཁྲིམས་དགོང་དོན་མི་མང་གི་འཚོ་བར་ཁྲིམས་མཐུན་གྱི་འགན་འཁུར་ཐུབ་པའི་སྨོན་པ་བཟང་པོའི་རྒྱན་སྟེ་རེ་ཞིག་འདིར་འཇུག་བསྡུས་པའོ།། །།

ཀོ་ལི་གྷལ་གཞིས་ཆགས་གཞུང་པ་ཚེ་དབང་བསོད་ནམས་ནས་སྤྱི་ལོ་  ༢༠༢༡  སྤྱི་ཟླ་  ༧  པའི་ཚེས་  ༡༨  ཉིན་རང་ཁྱིམ་དུ་ཟིན་བྲིས་དུ་བཏབ། 

བསམ་ཚུལ།

Post navigation

Previous Post: བུ་ཡུག་འཚུབ་སྟངས་ཤིག་གིས།
Next Post: དམ་ཉམས་མཉམ་འཛོམས་བྱས་ཏེ་བཙན་བྱོལ་གཞུང་ལ་རྒོལ་བ།

Comments (2) on “སྐབས་བཅུ་བདུན་པའི་འདེམས་ཐོན་སྤྱི་འཐུས་ཚོའི་ལས་ཁུར་དམ་འབུལ་ཞུ་ཕྱོགས་ལ་དཔྱད་པའི་གཏམ།”

  1. མྱི་དཀར། says:
    2021-07-21 at 2:21 am

    གཅིག་མིན། གཉིས་མིན། ད་ངོ་མ་མང་སོང་ད་་་་ཐབས་ཤེས་གཅིག་རང་མ་གཏོགས་ཇོ་བོ་རིན་པོ་མེད་རེད། དེ་ནི་ཁོ་རང་ཚོ་ལོག་སུ་ཐོན་རྒྱུ་དེ་རེད། མཉམ་དུ་སྐྱིད་ན་སྐྱིད་མཉམ་དང་སྡུག་ན་སྡུག་མཉམ་བྱ་འདོད་མེད་པའི་རྣམ་འགྱུར་སྟོན་ཡ་མང་དྲགས་སོང་། ད་ཁ་དྲོ་ང་ཚོ་དང་མཉམ་དུ་མ་བཞུགས་རོགས་ལོག་སུ་ཐོན་རོགས་གནང་ཁ་དྲོ།

  2. lobsang says:
    2021-07-22 at 7:01 am

    our exile gangs of 22 have studied cultural revolution tactics and they are using them in exile.. Please Monks MPs practice what you preach.

    Gangs of 22 will destroy us all for sure.

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme