Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

འབུམ་རམས་པའི་ཚོགས་པ་ “འབུམ་ཚོགས་” ངོ་སྤྲོད།

Posted on 2021-07-062021-07-10 By ཁ་བརྡ 5 Comments on འབུམ་རམས་པའི་ཚོགས་པ་ “འབུམ་ཚོགས་” ངོ་སྤྲོད།

འདས་པའི་ཟླ་ཤས་ཀྱི་རིང་ལ།  ང་ཚོས་གཙོ་བོ་ཨ་རི་དང་ཡོ་རོབ་ཏུ་བོད་རིག་པའི་སློབ་སྦྱོང་དང་ཞིབ་འཇུག་གནང་བཞིན་པའི་འབུམ་རམས་པ་དང་མཁས་པ་ཁག་ཅིག་དང་མཉམ་དུ་ལས་གཞི་ཁག་ཅིག་ལ་གྲོས་བསྡུར་བྱས་པ་ཡིན།  འབུམ་རམས་པ་འདི་དག་དང་ང་ཚོས་གཙོ་བོ་ཁོང་ཚོས་ཕྱི་རྒྱལ་གྱི་བོད་རིག་པའི་མཁས་པ་དང་མཉམ་དུ་སློབ་སྦྱོང་དང་ཞིབ་འཇུག་གནང་བའི་མྱོང་རྟོགས་བོད་སྤྱི་ཚོགས་སུ་ཇི་ལྟར་སྤེལ་རྒྱུའི་སྐོར་ལ་གྲོས་བསྡུར་བྱས་པའི་འབྲས་བུར།  ཁོང་ཚོ་དང་ལ་རྩེ་གཉིས་མཉམ་འབྲེལ་གྱིས་བོད་སྤྱི་ཚོགས་ཀྱི་ཤེས་ཚད་མཐོར་འདེགས་ལ་ཞབས་ཞུ་སྒྲུབ་ཐབས་གསར་བ་འགའ་རེ་སྤེལ་རྒྱུར་མོས་མཐུན་བྱུང་།

སློབ་སྦྱོང་བྱེད་བཞིན་པ་དང་སློབ་མཐར་ཕྱིན་པའི་འབུམ་རམས་པ་གཙོ་བོ་བྱས་ནས་གྲུབ་པའི་ཚོགས་པ་འདི་ལ་གནས་སྐབས་སུ་ “འབུམ་ཚོགས་”ཞེས་འབོད།  ད་ལྟའི་ཆ་ལ་འབུམ་ཚོགས་འདིར་ཚོགས་མི་བཅོ་ལྔ་ཙམ་ཡོད་ཅིང་། ལ་རྩེ་དང་འབུམ་ཚོགས་ནས་རང་རེའི་བོད་སྤྱི་ཚོགས་ཀྱི་ཤེས་ཚད་མཐོར་འདེགས་འདི་ལ་འཛམ་གླིང་གང་སར་ཡོད་པའི་བོད་རིགས་འབུམ་རམས་པ་གང་མང་ཞུགས་རྒྱུའི་རེ་འབོད་ཞུ།


འདིར་འབུམ་ཚོགས་དང་ལ་རྩེ་གཉིས་ནས་མི་འགྱངས་པར་སྤེལ་རྒྱུའི་ལས་གཞི་འགའ་གསལ་བསྒྲགས་བྱེད་རྒྱུ་གཤམ་གསལ་ལྟར།

འབུམ་ཚོགས་ཀྱི་གཏམ་བཤད་ཕྲེང་བ།

ཟླ་བ་རེ་རེ་ལ་ང་ཚོས་འབུམ་ཚོགས་ཀྱི་ཚོགས་མིའམ་ཡང་ན་གདན་ཞུས་ཀྱི་མཁས་པས་ཞིབ་འཇུག་གི་ཐབས་ལམ་མམ།  རིག་ཚན་མི་འདྲ་བའི་གཞུང་ལུགས།  ཡང་ན་དམིགས་བསལ་གྱི་ཞིབ་འཇུག་གི་བརྗོད་གཞི་བཅས་ཀྱི་སྟེང་ལ་གསུང་བཤད་གནང་རྒྱུ།

ཕྱི་རྒྱལ་དུ་བོད་རིག་པའི་དཔེ་དེབ་གསར་ཐོན་ངོ་སྤྲོད།

འབུམ་ཚོགས་ཀྱི་ཚོགས་མིས་སྤྱི་ཚོགས་བརྒྱུད་ལམ་གྱི་སྟེང་ནས་རང་རིགས་བོད་པ་རྣམས་ཀྱི་ཤེས་འདོད་པ་དང་དོ་སྣང་བྱེད་ལས་ཆེ་བའི་དབྱིན་སྐད་ཀྱིས་གཙོས་པའི་ཕྱི་སྐད་དུ་དཔེ་སྐྲུན་བྱས་པའི་བོད་རིག་དང་འབྲེལ་ཡོད་རིག་ཚན་གྱི་དཔེ་དེབ་ངོ་སྤྲོད་ཟླ་རེ་ལ་ཐེངས་རེ་བྱེད་རྒྱུ།

ཞིབ་འཇུག་གི་ཐབས་ལམ་ལག་དེབ།

བོད་སྤྱི་ཚོགས་སྟེང་གི་སྤྱིར་བཏང་ཞིབ་འཇུག་དང་རྩོམ་འབྲི་ལ་དོ་སྣང་ཡོད་པ་གཞོན་སྐྱེས་རྣམས་ལ་དམིགས་ནས།  འབུམ་ཚོགས་ཀྱི་ཚོགས་མི་རྣམས་ཀྱིས་རང་རང་གི་ཞིབ་འཇུག་གི་རིག་ཚན་གྱི་ཞིབ་འཇུག་གི་ཉམས་མྱོང་རྟོགས་ལྟར། ཞིབ་འཇུག་གི་ལས་རྩོམ་སྟངས་དང་།  དཔྱད་གཞིའི་རྒྱུ་ཆ་འཚོལ་སྒྲུབ་བྱེད་ཐབས་ཀྱིས་མཚོན་པའི་ཞིབ་འཇུག་གི་རྒྱུན་མཁོའི་ལག་དེབ་ཅིག་བོད་ཡིག་ཏུ་བསྒྲིག་རྒྱུ།  

ཕྱི་རྩོམ་གྲགས་ཅན་འདེམས་སྒྱུར།

འབུམ་ཚོགས་ཀྱི་ཚོགས་མི་རྣམས་ཀྱིས་དབྱིན་ཡིག་གི་དཔྱད་རྩོམ་གྲགས་ཅན་བོད་ཡིག་ཏུ་བསྒྱུར་ནས་ལ་རྩེའི་དྲ་རྒྱ་དང་།  སྤྱི་ཚོགས་བརྒྱུད་ལམ།  འཕྲུལ་དེབ་བཅས་ཀྱི་ལམ་ནས་རྒྱ་ཆེར་འགྲེམ་རྒྱུ།

***

འབུམ་ཚོགས་ཀྱི་གཏམ་བཤད་དང་པོ་ནི་ “རིག་གནས་གསར་བརྗེའི་སྐབས་ཀྱི་བོད་སྐད་གསར་བཅོས།”

གཏམ་བཤད་གནང་མཁན་ལ་རྩེའི་འགན་འཛིན་པད་མ་འབུམ།

གཏམ་གཤད་གནང་དུས།  སྤྱི་ཟླ་ ༧ པའི་ཚེས་ ༡༠།  ཨ་རིའི་ཤར་ཕྱོགས་ཀྱི་སྔ་དྲོའི་དུས་ཚོད་ ༩ པ་ནས་ ༡༠།༣༠ བར།  

འབྲེལ་ཐག་འདི་མནན་ནས་ཐོ་འགོད་གནང་རོགས།

https://us02web.zoom.us/meeting/register/tZUtd-mgqT8pGdOA2XyZLPgtkoYn-uQ1nebo

ཐོ་འགོད་བྱས་རྗེས་ཁྱེད་རང་ལ་ཨེ་མེལ་གྱི་ཡི་གེ་ཞིག་འབྱོར་རྒྱུ་ཡིན་པ་དེའི་ནང་ལ་ཚོགས་ཞུགས་བྱེད་སྟངས་ཀྱི་གནས་ཚུལ་བཀོད་ཡོད།.

གསལ་བསྒྲགས།, ངོ་སྤྲོད།

Post navigation

Previous Post: ༧གོང་ས་ལྷ་མིའི་རྣམ་འདྲེན།
Next Post: རྡོ་བ། བླ་མ། ཚེ་སྲོག

Comments (5) on “འབུམ་རམས་པའི་ཚོགས་པ་ “འབུམ་ཚོགས་” ངོ་སྤྲོད།”

  1. བོད་ལ་དགའ། says:
    2021-07-08 at 2:35 pm

    འབུམ་ཚོགས་ནི་རྙིང་མ་སོགས་ཀྱིས་སྔོ་མ་ནས་བེད་སྤྱོད་བཏང་ཟིན་ཡོད་རེད།

  2. གཞུང་པ་ཚེ་དབང་བསོད་ནམས says:
    2021-07-09 at 6:28 pm

    བུམ་རམ་རེད་དམ་འབུམ་རམ་རེད་། བུམ་རམ་དང་འབུམ་རམ་གཉིས་དོན་གཅིག་མིང་གི་རྣམ་གྲངས་ལ་ངོས་འཛིན་གནང་ན་འགྲིག་གི་ཡོད་པ་ཡིན་ནམ་?

  3. པ་རྡོ་རྗེ། says:
    2021-07-09 at 11:34 pm

    བོད་མིའི་སྤྱི་ཚོགས་ཀྱིས་འབུམ་རམ་པ་མང་པོ་མཐོང་སོང་ངོ་།། དེ་ནི་འབུམ་རམ་མ་རེད་བུ་རམ་ཡིན་པ་སྲིད་སྐྱོང་ཟུར་པ་བློ་སེང་ནས་བསྒྲུབས་ཟིན་སོང་། བོད་མིའི་སྤྱི་ཚོགས་འདི་ལ་བུ་རམ་སྤྲད་ནས་ལོ་བཅུ་མགོ་སྐོར་བཏང་སོང་། ད་ནི་འབུམ་རམ་པ་མཐོང་འདོད་མེད་ལ་དེ་རིགས་ལ་ཡིད་ཆེས་ཀྱང་མེད་དོ།།

  4. Tenpa Tsering says:
    2021-07-17 at 3:24 am

    འབུམ་ཚོགས་གཏམ་བཤད་དང་པོ་ཁོ་རང་བཀྲ་མི་ཤིས་པ་རིག་གནས་གསར་བརྗེ་དང་། བདུད་རྒྱལ་མའོ་རྩེ་ཏུང་གི་སྐོར་རེ་འདུག

  5. གཅོད་པ་ཐར། says:
    2021-08-29 at 12:16 pm

    ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་དཔོན་གསུམ་ལ་ཁྲིམས་ལུགས་རིག་པའི་འབུམ་རམས་པའི་ལག་ཁྱེར་དང་ཁྲིམས་ཀྱི་ལས་གཉེར་ལག་ཁྱེར་ཡོད་དགོས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (94)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (62)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme