Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གཞོན་སྐྱེས་སྤྱི་འཐུས་གསར་པ་རྣམས་ཀྱིས་བར་བརྒལ་གྱི་གཞུང་གསར་པ་ཞིག་འཛུགས་དགོས་པའི་རེ་ཞུ་སྙིང་ཁྲག་དམར་མཆོད་མ།

Posted on 2021-06-15 By ཁ་བརྡ No Comments on གཞོན་སྐྱེས་སྤྱི་འཐུས་གསར་པ་རྣམས་ཀྱིས་བར་བརྒལ་གྱི་གཞུང་གསར་པ་ཞིག་འཛུགས་དགོས་པའི་རེ་ཞུ་སྙིང་ཁྲག་དམར་མཆོད་མ།

རྩོམ་པ་པོ་ཤེལ་དགེ་འདུན་ཚེ་རིང་།

ཆེད་དམིགས།  ཉེ་ཆར་བཙན་བྱོལ་ནང་གི་བཀའ་རྙོག་མང་པོའི་གནད་དོན་ལ་བརྟེན། ཕྲན་ལ་ཁྱེད་རང་སྐབས་བཅུ་བདུན་པའི་སྤྱི་འཐུས་འོས་མིར་ལངས་མཁན་ཞིག་ཡིན་པའི་ཆ་ནས་བསམ་ཚུལ་ཅི་ཡོད་དང་། གལ་ཏེ་ཁྱོད་སྤྱི་འཐུས་སུ་བསླེབས་ཡོད་ན། ཉེ་ཆར་གྱི་དམ་བཅའ་འབུལ་སྟངས་ཕྱོགས་གཉིས་ནས་ག་བར་འགྲོ་ས་རེད་ཟེར་མཁན་ཐག་ཉེ་རིང་གི་འཐབ་གྲོགས་གཅིག་པ་དང་། གྲོགས་པོ་མང་པོ་བྱུང་བས་ན་སྤྱི་འཐུས་འོས་མི་ཞིག་གི་ངོས་ནས་བསམ་ཚུལ་ག་རེ་ཡོད་མེད་མི་མང་ལ་ཉུང་ཙམ་བརྗོད་འདོད་བྱུང་།   སྟབས་བདེ་པོ་བྱས་ནས་ཞུས་ན། གལ་སྲིད་བདག་དེ་རིང་གི་སྐབས་བཅུ་བདུན་པར་འདེམས་ཐོན་བྱུང་ཡོད་ཚེ་ཕྱོགས་གཉིས་ཆར་མི་འགྲོ།

སྔོན་འགྲོའི་ཚུལ་དུ་མི་རབས་གསར་རྙིང་གི་སྣང་ཚུལ་ཅུང་ཟད་གླེང་བ། 
ལོ་མང་པོའི་ནང་འདིར། ང་ཚོའི་སྤྱི་ཚོགས་ཀྱི་ནང་དུ་ང་ཚོར་ཆབ་སྲིད་ཀྱི་སྣེ་ཁྲིད་གཞོན་སྐྱེས་ཤེས་ཡོན་པ་དང་། འཐབ་རྩོད་པ་མང་པོ་ཐོན་

དགོས་ཀྱི་འདུག་པའི་བསམ་ཚུལ་ནི་གཞུང་སྒེར་གཉིས་དང་མི་རབས་གསར་རྙིང་གཉིས་ནས་ཤུགས་ཆེན་གླེང་བ་རེད།  ཁྱད་པར་དུ། སྤྱི་ལོ་ཉིས་སྟོང་བཅུ་གཅིག་ལོར་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་མཆོག་ནས་གཞུང་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་གྱི་ཆབ་སྲིད་ཀྱི་སྐུ་དབང་ཆ་ཚང་མི་མང་གིས་ཐད་གར་འོས་འདེམས་བྱས་པའི་དབུ་ཁྲིད་ལ་གནང་བའི་རླབས་ཆེན་གྱིས་ཕྱག་ལས་བསྐྱངས་པ་ནས། མི་རབས་གསར་པའི་གཞོན་སྐྱེས་ཤེས་ཡོན་པ་དང་འཐབ་རྩོད་པ།   དམིགས་བསལ་བུད་མེད་ཅིག་ཆབ་སྲིད་དབུ་ཁྲིད་བྱུང་ན་བསམ་པའི་དགོངས་ཚུལ་ཕེབས་པ་དེ་ལོ་རྒྱུས་སུ་གཞོན་སྐྱེས་ཚོར་ཚད་མཐོ་ཤོས་ཀྱི་རྒྱབ་སྐྱོར་དང་རེ་བ་ཐོབ་པ་ཞིག་ལ་ངོས་འཛིན་བྱ་འོས།

དེ་མཚུངས་སུ། དེང་རབས་དང་གཞོན་སྐྱེས།  མི་རབས་གསར་པའི་མཚན་གནས་ཀྱི་འོག་ནས་སྐུ་ངོ་སྲིད་སྐྱོང་རྫིག་པོ་བློ་བཟང་སེང་གེ་ལགས་སུ་གནམ་ནས་ལྷུང་བའི་གོ་སྐབས་གསེར་འདྲ་བ་ཞིག་བྱུང་བ་རེད་ལ།    བོད་ཕྱི་ནང་གཉིས་ནས་སྲིད་སྐྱོང་རྫིག་པོ་ལགས་སུ་རེ་བ་གནམ་འདྲ་ཞིག་བྱས་པ་རེད་དེ། ལོ་ངོ་བཅུ་ལ་ངང་སྒུག་བྱས་པའི་ལོ་རྒྱུས་ཀྱི་ཕྲེང་བ་ནས་ང་ཅག་མི་རབས་གསར་བ་ཚོ་ཧ་ཅང་ངོ་ཚ་དགོས་པ་ཞིག་བྱུང་བ་ནི། སྐུ་པར་རྫིག་པོ་དག་ལས་སྐད་ཆ་རྫིག་པོ་ནི་ཚིག་གཅིག་ཀྱང་གོ་རྒྱུ་མ་བྱུང་བ་དེ་རེད།   འདིས་མི་རབས་གསར་རྙིང་གི་གོ་དོན་ལ་ཨང་གྲངས་མང་ཉུང་གི་ཁྱད་པར་ལས་སྣ་གཅིག་མེད་པ་གོ་བརྡ་སྤྲད་ཡོད།   མ་ཟད་འདི་ནི་བཟོད་ཐབས་བྲལ་བའི་ཕངས་སེམས་ཤིག་དང་། ལོ་རྒྱུས་སུ་མི་རབས་གཉིས་ལ་སྐྱོ་གར་རིང་མོ་གཅིག་གིས་སྡོམ་བརྒྱབ་པ་ལྟ་བུ་རེད།     དེ་མིན་སྦྲང་མ་བརྒྱ་ཡིས་སྦྲང་རྩི་གཅིག་ལ་སོ་རྒྱག་སྟངས་ཀྱིས་བཙན་བྱོལ་ཆབ་སྲིད་ཀྱི་འཁྲབ་སྟོན་ལས་སྲིད་སྐྱོང་རྫིག་པོ་ལགས་སུ་དམིགས་བསལ་གྱི་ཁང་ར་གང་ཡང་མེད་མོད། ལོ་རྒྱུས་ཀྱི་ཤོག་ལྷེ་གཞན་ནས་བལྟས་པའི་ཕྱི་མིག་ཁྲོད་དུ་སྐྱོ་གར་ཞིག་ཡོད་པ་དེ་མི་རབས་གསར་པ་ཞིག་རྙིང་པ་ཡི་སྐེ་ལ་བཏགས་པ་དེ་ཡིན།   སྐུ་ངོ་སྲིད་སྐྱོང་རྫིག་པོ་ལགས་ཀྱི་སྐབས་སུ་བོད་ལ་མཚོན་ན་ལོ་རྒྱུས་སུ་བྱུང་མ་མྱོང་བའི་མི་རབས་གསར་པའི་འཐབ་རྩོད་ཀྱི་ངར་ཤུགས་ཡང་རྩེར་ཕྱོགས་པ་ཞིག་བྱུང་ཡོད་ལ།   དུས་མཚུངས་སུ་བོད་དང་ཕྱོགས་མཚུངས་སུ་ཡོད་པ་ཐེ་ཝན་དང་དམིགས་བསལ་དབུ་མའི་ལམ་གྱི་ཆབ་སྲིད་ཀྱི་རྨང་གཞི་གདིང་ས་ཧོང་ཀོང་སོགས་སུ་གཞོན་སྐྱེས་ཚོས་ཕུལ་དུ་བྱུང་ཞིང་གཞི་རྒྱ་ཆེ་བའི་ལས་འགུལ་སྤེལ་ཏེ་ལོ་རྒྱུས་ཀྱི་ཟིན་ཐོ་གསར་བ་བྲིས་པ་རེད།     རེད་དེ། ཤིན་དུ་ཡིད་སྐྱོ་དགོས་པ་ཞིག་ལ་ང་ཚོའི་གཞོན་སྐྱེས་སྣེ་ཤན་པ་དག་གིས་ཨ་ཕའི་རྐང་སྣམ་ནང་རྐང་པ་རྒྱག་རྒྱུ་དང་། ཨ་མའི་རྩམ་ཁུག་ནང་ལག་པ་བསྲིང་རྒྱུ་བཅས་ལས་རང་ལ་རྐང་སྣམ་དང་རྩམ་ཁུག་གཉིས་ཆ་བཙེམ་མ་ཐུབ་པར་ལྷག་པ་ནི་མི་རབས་གསར་བའི་ངོ་ཚ་དང་སྐྱོ་གར་ཡིན་འོས།

གནད་དོན་དངོས་ལ་འབབ་པ།  
2020 ལོ་ནས་རྒྱ་ནག་ཝོས་ཧཱན་ནས་བྱུང་བའི་ནད་འབུ་ཨང་བཅུ་དགུ་པ་འཛམ་གླིང་ཡོངས་ལ་ཁྱབ་སྤེལ་བྱས་པ་ནས་ད་བར་དུ། འཛམ་ཧྲིལ་བོས་ད་སྔར་བྱུང་མ་མྱོང་བའི་ནད་ཡམས་འཇིགས་སུ་རུང་བ་ཞིག་ལ་འཐབ་རྩོད་ཀྱིས་གདོང་ལེན་བྱས་པ་རེད། དེར་བརྟེན་གཞུང་སྒེར་གཉིས་ལ་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འགྱུར་བ་ཤུགས་ཆེན་བྱུང་བ་རེད།   འདིའི་ཁྲོད་དུ་བཙན་བྱོལ་བོད་མི་དང་བཙན་བྱོལ་སྒྲིག་འཛུགས་ནི་གཞན་དབང་སྟབས་བསྟུན་གྱི་དམངས་གཞི་ཁོ་ནའི་འོག་ནས་བཙུགས་པ་ཞིག་ཡིན་པས། དམིགས་བསལ་གྱི་གོམ་པ་སྣེ་གཅིག་ཀྱང་མདུན་སྤོ་བྱེད་མ་ཐུབ་པ་དེ་ནི་ཕྱི་ནང་གང་གིས་བལྟས་ཀྱང་ངོས་འཛིན་བྱ་ཐུབ་པ་དང་། གལ་ཏེ་ཁག་འགེལ་ས་ཞིག་ཡོད་ན་དེ་ནི་རྒྱལ་ཁབ་མེད་པ་ཁོ་ན་ཡིན་པ་ལས་གཞན་སུ་ལ་ཡང་ཁག་འགེལ་བྱ་མི་ཐུབ།   རེད་དེ།  འདི་ནས་ཡ་མཚན་དགོས་པའི་དོན་དག་ཅིག་བྱུང་བ་ནི་རྒྱ་ནད་ཀྱི་དབང་གིས་གྲོས་ཚོགས་འཚོགས་མ་ཐུབ་པར་ཕྱིར་འཐེན་བྱ་དགོས་ཐུག་པ་དང་། དེ་ལ་ཁྲིམས་སྒྲིག་གི་རྐྱེན་གྱིས་སྤྱི་འཐུས་རྒྱུུན་ལས་ལ་བཀའ་ཁྱབ་བཏང་སྟེ་འདེམས་བྱ་ཡི་ཐོབ་ཐང་འཕྲོག་པའི་ཉེས་ཆད་ཁུར་དགོས་ཐུག་པ་སོགས་སྦྲང་མ་རྙིང་པ་ཚོས་སྔར་བཞིན་རང་རང་གི་སྦྲང་རྩི་ལ་སོ་བརྒྱབ་སྟེ་གཏན་ནས་ཀློད་ཐབས་མ་བྱས་པ་རེད།  དམངས་གཙོའི་འགྲོ་ལུགས་དང་། ཁྲིམས་སྒྲིག་གི་དགོངས་དོན་ལྟར་ཁྲིམས་དཔོན་འཕོ་འགྱུར་བཏང་བ་སོགས་སྔ་མ་དང་ཕྱི་མ་གཉིས་ལ་ཁྲིམས་སྒྲིག་གི་རྒྱབ་རྟེན་ཡོད་པས་ན་ང་ཚོས་དེར་ཇུས་གཏོགས་བྱ་ཐབས་མེད་པ་མ་ཟད་བྱ་དགོས་པ་ཞིག་ཀྱང་མཐོང་མ་སོང་།  རེད་དེ།   སློབ་དཔོན་ཟམ་གདོང་ལགས་གཤིན་རྗེ་ཆོས་རྒྱལ་དུ་བཞེངས་ཏེ་ཚོགས་གཙོ་པདྨ་འབྱུང་གནས་ལགས་ནུབ་ཕྱོགས་སྲིན་པོའི་ཡུལ་ཏུ་སྐད་ཅིག་གཅིག་གིས་བཏང་བ་དང།  ཁྲིམས་ཟུར་དྭགས་པོ་བསོད་ནམས་ནོར་བུ་སོགས་ལས་མཁན་གྱི་ལག་པར་སྤྲད་དེ་ཡར་མར་གང་ལ་ཡང་མ་བཏང་བར་རང་སོར་བཞག་པ། དེ་བཞིན་སྔར་ལྟར་ལས་ཤོག་རྙིང་པ་ཚང་མ་འགུལ་ཞིང་། སྦྲང་རྒན་ཤི་བོ་ཚང་མ་རོ་ལངས་བརྒྱབ་སྟེ་གངས་ཅན་སྐྱིད་གཤོང་གི་ཕྱོགས་སུ་བརྒྱུག་ནས་སློབ་དཔོན་གྱི་བཤད་ཚུལ་ལྟར་དུ་བྱས་ན། བཅའ་ཁྲིམས་སྦོ་ལུག་པ་ནས་དམངས་གཙོ་ཡང་སྦོ་ལུག་པ་དུས་མཉམ་དུ་བྱུང་བས་ན་དེ་རིང་གི་སྐབས་བཅུ་བདུན་པའི་འདེམས་ཐོན་བཀའ་སྤྱི་གསར་པ་གཉིས་ལ་ཁྲིམས་སྒྲིག་དང་མཐུན་པའི་དམ་འབུལ་བྱེད་ཡུལ་ཞིག་གཏན་ནས་མ་ལྷག་པ་དེ་ནི་ལོ་རྒྱུས་ཀྱི་དཀྱོགས་མཚམས་གལ་ཆེན་ཞིག་ཡིན་འོས།དེ་ནས་ཆེ་མཐོའི་ཁྲིམས་བཟོ་ལྷན་ཚོགས་ཀྱིས་འཕོ་འགྱུར་བཏང་བའི་ཁྲིམས་དཔོན་རྣམ་པ་སྦྲང་རྒན་དང་སྦྲང་ཤོག་རྙིང་པ་དག་གིས་ཕྱིར་འགུག་བྱས་པ་དང་། གཉིས་ཕན་དབུ་མའི་ལམ་གྱི་རྒྱལ་སྲས་སྲིད་སྐྱོང་གསར་རྙིང་གཉིས་ནས་དམ་འབུལ་དང་རྩིས་ལེན་རྩིས་སྤྲོད་གནང་བ་སོགས་གཞུང་དང་སྒྲིག་འཛུགས་ཤིག་གི་གཟི་བརྗིད་ཆ་ཚང་བརླགས་པའི་ཁ་ཆག་སྣ་རལ་གྱི་བྱེད་སྒོ་དག་ནི་ང་ཅག་བོད་འབངས་སུ་ལ་ཡང་ཁེ་ཕན་མེད་ཅིང་དོན་འབྲས་ཆུང་བ།  ངོ་ཚ་བ།  ཁ་སྐྱེངས་པ་ཡི་གནས་ཚུལ་ཞིག་ལས་གཞན་གང་ཡང་མ་རེད་དོ། །དེ་ཡང་དང་པོ་སྐབས་བཅུ་དྲུག་པའི་སྤྱི་འཐུས་རྒྱུན་ལས་མི་བཅུ་གཉིས་དང་ཆེས་མཐོའི་ཁྲིམས་ཞིབ་ཁང་གཉིས་བར་གྱི་ཁྲིམས་སྒྲིག་གི་གནད་དོན་ལས་ཁྲིམས་དཔོན་རྣམས་ཡར་ཇི་ལྟར་བསྐོས་ཚུལ་ནས་དེ་ལྟར་དུ་མར་གཡུགས་པ།    སློབ་དཔོན་ཟམ་གདོང་ནས་འགོ་ཚུགས་པའི་བཅའ་ཁྲིམས་རིན་པོ་ཆེར་ཡང་དྲང་དོན་དང་ངེས་དོན་གཉིས་ཆ་བཤད་དགོས་ཐུག་པ།   གྲོས་ཚོགས་ཀྱི་མང་མོས་འཕོ་འགྱུར་བཏང་བའི་ཁྲིམས་ཟུར་ཆེ་བ་རྣམས་ཕྱིར་རང་འགུལ་གྱིས་གདན་སར་འགོད་པ།   ཁྲིམས་ཟུར་ཤི་ལོག་པ་གསུམ་གྱི་མདུན་ནས་སྲིད་སྐྱོང་གསར་རྙིང་གཉིས་ཀྱིས་རྩིས་ལེན་རྩིས་སྤྲོད་དང་དམ་འབུལ་བྱས་པ།   དེ་མཚུངས་སུ་སྔོན་ཁྲིམས་ལྟར་འཕོ་འགྱུར་གཏོང་མཁན་གྱི་གྲས་སུ་ཡོད་པའི་བར་བརྒལ་ཚོགས་གཙོ་ལགས་ཀྱིས་ཀྱང་ཟུར་པ་རྣམས་གསུམ་གྱི་མདུན་དུ་དམ་འབུལ་བྱས་པ་དང་།  ཕྱོགས་མཚུངས་བར་བརྒལ་ཚོགས་གཙོའི་དམ་འབུལ་ལ་ངོས་ལེན་མེད་པའི་འདེམས་ཐོན་སྤྱི་འཐུས་ཕྱེད་ཀ་ཙམ་གྱིས་ཁྲིམས་སྒྲིག་ལ་མི་གསལ་བའི་སྐུ་པར་རིན་པོ་ཆེའི་མདུན་དུ་དམ་འབུལ་བྱེད་པ་སོགས་ཕྱོགས་ཚང་མར་ཁྲིམས་སྒྲིག་གི་རྒྱབ་རྟེན་སྣ་གཅིག་མེད་པའི་རང་སྣང་གང་དྲན་གྱི་བྱེད་ལས་དག་ལ་ནི་བཤད་ནས།  གླེང་ནས།  བགྲོ་གླེང་བྱས་ནས།  རྒྱུ་མཚན་བརྩད་ནས།  ཁྲིམས་སྒྲིག་ཁྱེར་ནས་གསལ་བོ་བཟོ་དགོས་པའི་གནས་སྟངས་སྣ་གཅིག་མེད་པར་སྦོ་ལུག་དགོས་པ་ཆ་ཚང་སྦོ་ལུག་པས་ན་གནད་དོན་དེ་རང་ལ་སོ་བརྒྱབ་ནས་སེལ་ཐབས་བྱེད་པ་ནི་དངོས་གནས་དགོད་བྲོ་བ་ཞིག་རེད་དོ། །

དེར་འབྲེལ་མང་ཚོགས་ནང་དུ་ཡང་མགོ་ཚོས་པའི་སྐད་ཆ་དང་མ་ཚོས་པའི་སྐད་ཆ། ལས་འགན་མི་འདྲ་རྣམས་ཀྱིས་ཆེད་དུ་བཤད་ཕྱོགས་བཟོས་པ་སོགས་ནི་ཉིན་ལྟར་སྤང་ལ་ཤྭ་མོང་བརྡོལ་བ་ལྟར་མང་ནས་མང་དུ་འགྲོ་བས་ན།   བཀའ་སྤྱི་གསར་རྙིང་གི་དཀྱོགས་འཚམས་འདི་ནས་སྐབས་བཅུ་དྲུག་པའི་སྦྲང་རྩི་ལ་སོ་རྒྱག་མ་མྱོང་བའི་ཁྱབ་ཁོངས་མ་འདྲ་བ་ཚང་མ་ནས་ཕེབས་པའི་འདེམས་ཐོན་སྤྱི་འཐུས་དང་སྲིད་སྐྱོང་གཉིས་ནས་དམིགས་བསལ་གྱི་ལག་ཁ་ཟུར་གསུམ་པ་ཞིག་ལ་གོམ་པ་སྤོ་དགོས་པ་ལས་སྔར་ལྟར་ཕྱུ་པ་གྱོན་སྟངས་ནས་གོམ་པ་སྤོ་སྟངས།  སྐད་ཆ་བཤད་སྟངས་ནས་བསམ་ཕྱོགས་ཁྱེར་སྟངས།    ལྟ་བ་ཁུར་སྟངས་ནས་སྐྲ་ཡི་བཟོ་ལྟ་ཚུན་ཆད་སྔར་གྱི་སྦྲང་རྒན་དག་གི་རྗེས་སུ་བོང་ལུ་ལྟར་དུ་བརྒྱུག་སྟེ་ཁ་དོག་དཀར་པོ་དང་ནག་པོ་ཁོ་ན་ལས་འདེམས་བྱ་མེད་པའི་ལམ་ཁར་སོང་ན་རྒྱ་ཆེ་མི་མང་གིས་ངོ་གདོང་གསར་བ་འདེམས་པ་དང་། གཞོན་སྐྱེས་ལ་དམིགས་བསལ་གྱི་རེ་བ་བྱས་ནས་གྲོས་ཚོགས་ལ་བཏང་བའི་རེ་བ་རླུང་ལ་སྤུར་བ་རེད།    དེས་ནི་ལྷག་ཏུ་བཙན་བྱོལ་གྱི་མི་ལོ་བཅུའི་རིང་གི་དམངས་གཙོའི་ལམ་སྲོལ་ལ་འཕེལ་རྒྱས་དང་ཕུགས་བསམ་མེད་པ་བསྟན་པ་རེད།  དྲང་ཕྱོགས་སུ་གནས་པའི་འབངས་མི་སེར་རྣམས་གཞོན་སྐྱེས་ལ་ཡིད་ཐང་ཆད་བཅུག་པ་རེད།

ཡང་ཕྱོགས་གཞན་ཞིག་ནས་བསམ་བློ་བཏང་ན། ད་ལོར་དམིགས་བསལ་གྱི་ཆོལ་ཁ་གསུམ་གྱི་ཁྱབ་ཁོངས་གཙོས་པའི་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་གཞོན་སྐྱེས་ཚོར་རེ་བ་ཆེན་པོ་བྱས་ནས་གྲོས་ཚོགས་ཀྱི་གྲུབ་ཆ་ཕྱེད་ཀ་ཙམ་གསར་པ་དང་གཞོན་སྐྱེས་སླེབས་ཐུབ་པ་རེད།   དེས་ག་རེ་མཚོན་གྱི་རེད་ཟེར་ན། ལོ་ངོ་མང་པོར་སྤྱི་ཚོགས་ནས་བོར་མ་ཐུབ་པའི་ངོ་གདོང་རྙིང་པ་དག་ལ་ཡིད་ཐང་ཆད་ཅིང་རེ་བ་བརླགས་པས་རེད།   འོན་ཀྱང་།  སྐལ་བ་ཡག་ཐོག་ལ་སྐྱེས་ཏེ་དེང་རབས་ཀྱི་ཤེས་ཡོན་ཆ་ཚང་རག་མྱོང་མཁན་གྱི་གཞོན་སྐྱེས་ཁྱོད་ཡིན་ང་ཡིན་ཟེར་མཁན་ཚོ་ཡང་གངས་ཅན་སྐྱིད་གཤོང་གི་སྒོ་ཁར་སླེབས་པ་ན་རང་ལ་དམིགས་བསལ་གྱི་བསམ་ཕྱོགས་དང་ཆབ་སྲིད་ཀྱི་ཕུགས་བསམ་གང་ཡང་མེད་པར་བོང་ལུ་ལྟར་དུ་སྦྲང་རྒན་རྙིང་པ་དག་གི་རྗེས་སུ་ཞེན་ནས་འགྲོ་བ་ནི་རྒྱལ་ཁབ་སླར་གསོ་བྱེད་པའི་ཕུགས་བསམ་རང་ལུགས་པ་དག་གི་སྙིང་ཁར་གྲིས་བརྒྱབ་དང་ཁྱད་པར་མེད་པས་ཧ་ཅང་བཟོད་ཐབས་བྲལ་བ་ཞིག་རེད་དོ།།

དེ་མཚུངས་སུ་དངོས་གནས་དྲང་གནས་བོད་དོོན་ཟེར་བ་ཁྱི་བཏགས་སར་ལྷུང་བའི་ལྟས་ངན་ཞིག་བྱུང་བ་ནི་བློ་སེང་གི་སྐབས་སུ་བོད་རང་བཙན་ཕར་ཞོག་དམངས་གཙོ་ཡང་རྩོད་འདོད་མེད་པར་གུང་བྲང་ཏང་འོག་ནས་འདུག་འདོད་ཡོད་ཚུལ་བསྒྲགས་པ་དང་། སྤེན་ཚེ་སླེབས་པའི་ཉིན་བཅུའི་ནང་དུ་༸རྒྱལ་དབང་སྐུ་འཕྲེང་བཞི་བ་དང་གུང་བྲན་ཏང་གི་ངོས་འཛིན་བྱ་བའི་རྒྱལ་བའི་ཡང་སྦྲུལ་གཉིས་ཚོང་རྒྱག་འདོད་ཡོད་པའི་ལྟས་ངན་སྣ་དགུ་བསྒྲགས་པ་དེས་ད་ལྟའི་རུལ་སུངས་ཀྱི་གཞུང་འདིས་བོད་མི་རིགས་ཀྱི་མ་འོངས་པ་རྒྱ་ནག་གིས་ཉེ་ཆར་བཤད་པ་ལྟར་། ཧ་ཅང་མུན་ནག་གི་ཕྱོགས་སུ་བསྐྱོད་ཚུལ་ཡོད་པ་བརྗོད་པ་དེ་ང་ཚོར་དགྲ་བོས་བཞག་པའི་བསླབ་བྱ་གལ་ཆེན་ཞིག་ཡིན་པས་ན།   ད་ནི་རེ་བ་གཅིག་རང་གཅིག་ཡོད་པ་དེ་འདེམས་ཐོན་སྤྱི་འཐུས་གསར་བའི་གཞོན་སྐྱེས་ཤེས་ཡོན་པ་རྣམས་ཀྱིས་སྣེ་ཁྲིད་དེ་ད་ལྟའི་དཀའ་རྙོག་འདི་ཚོ་གཙང་མ་ཞིག་མ་ཆགས་བར་དུ་བར་བརྒལ་གྱི་གཞུང་གསར་པ་ཞིག་འཛུགས་ཆེད་གོམ་གང་མདུན་སྤོ་བྱས་ཏེ་བར་བརྒལ་གྱི་གཞུང་གསར་པ་བཙུགས།  གཞུང་དམངས་རང་བཞིན་གྱི་ཛ་དྲག་ཚོགས་འདུ་བསྐངས་ནས་དེར་ཕྱོགས་སུ་གནས་པའི་ཤེས་ཡོན་པ་དང་འཐབ་རྩོད་པ་དག་གདན་དྲངས་ཏེ་ཕྱི་དགྲ་བོས་བལྟས་ན་སྙིང་ཤ་འདར་ལེ།   ནང་ཁྲོམ་པས་བལྟས་ན་སྤོབས་པ་ཤོར་ལེ་ཞིག་བཟོ་མ་ཐུབ་པར་སྐྱག་དྲི་ལག་པས་འགེབས་པའི་སྐྱོ་གར་རིང་མོ་སྔར་ལྟར་འཁྲབ་བསྡད་ཚེ་བོད་མི་ཤི་གསོན་གཉིས་ཀྱི་ཁྲག་དང་རྔུལ་ཆུས་བཙུགས་པའི་གཞུང་འདི་༸གོང་ས་བཅུ་བཞི་པ་ཆེན་པོ་མཆོག་གི་སྤྱན་མ་བཙུམ་སྔོན་ནས་རྩ་མེད་རྩབ་ཧྲལ་དུ་འགྱུར་བའི་ནག་ཉེས་གནམ་སར་མི་ཤོང་བ་ཞིག་བསགས་པའི་ཉེས་པ་མཐའ་དག་ད་ལྟའི་བཀའ་སྤྱི་གཉིས་དང་། ཆེ་མཐོའི་ཁྲིམས་ཞིབ་ཁང་གིས་ཁུར་དགོས་པས་འདི་ནི་གཡོལ་ཐབས་བྲལ་བའི་འདེམས་ཐོན་མི་རབས་གསར་པའི་སྤྱི་འཐུས་གསར་བ་རྣམས་ཀྱི་རླབས་ཆེན་གྱི་མདུན་སྐྱོད་གལ་ཆེན་ཞིག་དང་དོན་ཆེན་སྒྲུབ་པའི་གོ་སྐབས་བླ་མེད་ཅིག་ལགས་སོ།།

དེ་ལྟར་མ་བྱུང་བར་ལྷག་ན། ༸གོང་ས་ཐམས་ཅད་མཁྱེན་པ་ལགས་ཀྱི་སྐུ་ཚེ་ལ་སྤྱི་མཐུན་གྱི་བསོད་ནམས་ཟད་དེ་གེགས་དང་བར་ཆད་འདྲ་བྱུང་ན། སྐབས་དེར་བོད་དོན་ཟེར་བ་ནི་བཙོང་རྒྱུ་དང་། ཉོ་མཁན་ཉིས་ཆ་མེད་པའི་ཚད་ལ་ལྷུང་བས་གསར་ཕེབས་མི་རབས་གསར་བའི་གཞོན་སྐྱེས་ཚོས་ད་ལྟའི་ཕྱོགས་གཉིས་སུ་གྱེས་པའི་ཆེ་མཐོའི་ཁྲིམས་ཞིབ་ཁང་དང་སྤྱི་འཐུས་ལྷན་ཚོགས་ཀྱི་འགལ་བ་གཉིས་ནས་ཟུར་དུ་ཐོན་ཏེ། བར་བརྒལ་གྱི་གཞུང་གསར་བ་བཙུགས་ནས་སྣེ་ཁྲིད་ཅིག་བྱ་མ་ཐུབ་ཚེ་མུན་པའི་ཧོབ་ལ་ཟེགས་པའི་བཙན་བྱོལ་སྒྲིག་འཛུགས་འདི་རྒྱལ་ཁབ་སླར་གསོ་ཡི་ཕུགས་བསམ་དང་། མི་རིགས་ཀྱི་མ་འོངས་པར་ཕྱོགས་པའི་འོད་སྣང་གི་གནས་སུ་ཁྲིད་ཐབས་མེད་པས་ན།   འདི་ནི་༸གོང་ས་ཐམས་ཅད་མཁྱེན་པའི་ཐུགས་རེ་གནང་བ་ལྟར་ཁོང་མེད་པ་ལྟར་དུ་ཕྱག་ལས་གནང་དགོས་པའི་ལམ་སྟོན་ཕེབས་པ་བཞིན་མི་རབས་གསར་པའི་མདུན་དུ་ལྷགས་པའི་གོ་སྐབས་ཤིག་ལ་ངོས་འཛིན་བྱེད་འོས་པས་ན།   ང་ཅག་མི་རབས་གསར་བའི་བོད་གངས་ཅན་གྱི་གཞོན་སྐྱེས་ཁྲི་སྟོང་མང་པོས་སྐོམ་པས་གདུང་བའི་མི་རིགས་ཀྱི་ལས་དོན་སྒྲུབ་པར་བསྒུག་ནས་ཡོད་པ། རང་ལུས་མེ་རུ་སྦར་བའི་རྒྱལ་གཅེས་དཔའ་བོ་བརྒྱ་ལྷག་གིས་དཔང་པོ་བྱ་ཆོག །

ཨོ་གླིང་གནས་སྡོད་སྐབས་བཅུ་བདུན་པའི་སྤྱི་འཐུས་འོས་མི་ཤེལ་དགེ་འདུན་ཚེ་རིང་ངམ་སྙུག་མིང་འདྲེ་གླེན་པས་12/6/21ཉིན།

བསམ་ཚུལ།

Post navigation

Previous Post: བཅའ་ཁྲིམས་རྩིས་མེད་ཀྱི་དམ་འབུལ་ནི་ཞྭ་དཔེ་ལྷམ་འགེབ་ཡིན།
Next Post: ཐོལ་བྱུང་ངག་གི་འགྱུར་ཁུགས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (83)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (24)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (13)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme