Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཆོས་ལུགས་ཀྱི་མཚམས་ལས་འདས་པའི་འཇིག་རྟེན་སྤྱི་སྨན་གྱི་བཟང་སྤྱོད་བཀླགས་པའི་བརྗེད་བྱང་། 13

Posted on 2021-06-112021-06-15 By ཁ་བརྡ No Comments on ཆོས་ལུགས་ཀྱི་མཚམས་ལས་འདས་པའི་འཇིག་རྟེན་སྤྱི་སྨན་གྱི་བཟང་སྤྱོད་བཀླགས་པའི་བརྗེད་བྱང་། 13

བློ་བཟང་རིན་ཆེན་གྱིས།

སྔོན་གླེང།

ད་ལྟ་ང་ཚོའི་ཁམས་ཚན་ལ་ཕོ་ཁྱི་རྡོ་རྗེ་ཟེར་བ་ཞིག་དང་ཁྱི་མོ་ཞིག་ཡོད། ཁྱི་མོ་དེའི་མིང་ལ་བཀྲ་ཤིས་ཟེར་ཞིང་མོ་རང་རྒྱུན་ལྡན་དུ་ཞི་འཇམ་བག་ཕེབས་ཤིག་ཡིན། ང་ཚོའི་ཁམས་ཚན་གྱི་དགེ་འདུན་པ་ཚང་མ་མོ་ལ་དགའ་མོས་བྱེད། ང་རང་འབྲས་སྤུངས་ལ་འབྱོར་དུས་ནས་ཁྱི་མོ་བཀྲ་ཤིས་ཁམས་ཚན་ལ་འདུག གྲྭ་པ་རྒན་པ་ཚོས་ཚོད་དཔག་ལྟར་ན་མོའི་ལོ་བཅུ་གཅིག་འདྲ་ཞིག་ཡིན་གྱི་རེད་ཟེར། འོན་ཀྱང་མོ་རང་ཁྱི་ཚེ་རིང་ཞིག་ཏུ་ཀུན་གྱིས་རྩི། མ་ཟད་མོ་རང་རྒྱུན་ལྡན་དུ་ཞི་བདེ་བག་ཕེབས་ཤིག་དང་། ཁ་ཟས་འཕྲོག་རྐུན་སོགས་མ་བྱིན་པ་ཁྱོན་ནས་མི་ལེན་པའི་ཁྱི་མོ་ཡ་རབས་ཤིག་ཡིན། ཉེ་བའི་ཆར་མོ་རང་ལོ་ན་ཇེ་རྒས་སུ་གྱུར་ནས་སྔོན་ཆད་ཀྱི་རྣམ་རིག་དེ་རིམ་གྱིས་ཡལ་བར་མ་ཟད་ན་ཚ་ཙག་ཙིག་གིེས་ཡང་ཡང་མནར་གྱི་འདུག རེད་དེ་ང་ཚོའི་ཁམས་ཚན་ནང་གི་ལྷག་བསམ་གཙང་བའི་གྲྭ་པ་དགའ་རེས་རྒྱུན་དུ་མོ་

རང་བདག་གཉེར་བྱས་ཏེ་དཀའ་ངལ་ལས་གྲོལ་བར་བྱས། དེ་རིང་ཡང་མོའི་རྣ་བའི་ནང་རྣག་གིས་ཟིན་ཞིང་གནོད་འབུ་མང་པོ་འཐིམས་ཏེ་ཞེ་མེར་ལངས་པ་ཞིག་རེད། འོན་ཀྱང་ཁམས་ཚན་གྱི་གྲྭ་པ་ཁ་ཤས་ཀྱིས་མོའི་རྣ་བའི་ནང་གི་གནོད་འབུ་དཀར་པོ་དེ་ཚོ་རེ་རེ་བྱས་ནས་བླངས་ཏེ་གཙང་བཟོ་དང་སྨན་བཅོས་ལེགས་པར་བྱས་སོང་། ཁོ་ཚོའི་ཤ་ཚ་དང་སྙིང་རྗེའི་རྣམ་པ་ལ་རྗེས་སུ་ཡི་རང་སྐྱེས་ཏེ། བྱུང་བ་འདི་སྔོན་གླེང་གི་ཚུལ་དུ་སྨྲས་པའོ།།

                            བདེ་སྐྱིད་འཚོལ་བ།

ཚན་པ་འདིའི་ནང་བདེ་སྐྱིད་འཚོལ་སྒྲུབ་ཀྱི་སྐོར་ནས་གསུང་འདུག དེའང་ཆོས་ལུགས་སོ་སོའི་གྲུབ་མཐར་འཁོད་པའི་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ལྟ་བུ་མ་ཡིན་པར། སྤྱིར་བཏང་ངམ་ཉིན་རེའི་ཚོར་ཤེས་ལས་གོ་རྟོགས་ཐུབ་པའི་བདེ་སྐྱིད་ཀྱི་སྐོར་ནས་ཡིན་པ་དྲན་སྐུལ་གནང་འདུག མ་གཞི་ཕྲག་དོག་དང་འགྲན་རྩོད་ཆེ་ཞིང་། ཆོས་ལུགས་དང་གྲུབ་མཐའི་དབྱེ་འབྱེད་ཆེ་བའི་འགྲོ་བ་མིའི་སྤྱི་ཚོགས་ནང་བདེ་སྐྱིད་འཚོལ་སྒྲུབ་བྱ་རྒྱུ་ནི་དེ་ཙམ་སླ་བོ་མིན་པ་ང་རང་ཚོས་མྱོང་བས་གྲུབ་པ་ཞིག་རེད། འོན་ཀྱང་ང་ཚོ་འགྲོ་བ་མིའི་བདེ་སྐྱིད་ཀྱི་འབྱུང་ཁུངས་གང་ཡིན་ནམ་ཞེས་དྲིས་ཚེ། ང་ཚོའི་བློ་ཡུལ་དུ་ངང་གི་ཡོང་བ་ནི་རྒྱུ་ནོར་དང་། བདེ་ཐང་། མཛའ་འབྲེལ་གསུམ་ཡིན། དེ་དག་ནི་མི་མང་ཆེ་ཤོས་ཀྱིས་བདེ་སྐྱིད་ཀྱི་མཐུན་རྐྱེན་གལ་ཆེན་ཞིག་ཏུ་མོས་མཐུན་བྱེད་ངེས། 

ང་ཚོ་འགྲོ་བ་མི་ཡིན་པའི་ཆ་ནས་ཚུལ་མཐུན་གྱི་སྡོད་གནས་དང་། ཁོར་ཡུག་གཙང་མ། འཚོ་བཅུད་ལྡན་པའི་ཟས། དྭངས་གཙང་གི་ཆུ། མཁའ་རླུང་གཙང་མ་སོགས་གཞི་རྩའི་དགོས་མཁོ་དག་དགོས་པ་མ་ཟད། ཁང་པ། གྱོན་ཆས། ཁ་ཟས། གློག་སོགས། མདོར་ན་ང་ཚོའི་འཚོ་བའི་ཁྲོད་ལ་དགོས་མཁོ་ཆེ་བའི་བཅའ་དངོས་ཐམས་ཅད་རྒྱུ་ནོར་ལ་བརྟེན་ནས་བྱུང་གི་ཡོད་དུས། རྒྱུ་ནོར་གྱིས་ང་ཚོའི་བདེ་སྐྱིད་ལ་ཤུགས་རྐྱེན་ངེས་ཅན་ཞིག་སྤྲོད་ཀྱི་ཡོད་པར་སོམ་ཉི་ག་ལ་དགོས། འོན་ཀྱང་རྒྱུ་ནོར་ནི་བདེ་འཚོལ་སྒྲུབ་ཀྱི་འཕྲལ་སེལ་གྱི་མཐུན་རྐྱེན་ཞིག་ལས། དེས་རྣམ་པ་ཐམས་ཅད་དུ་བདེ་སྐྱིད་སྤྲོད་པའི་ཁེག་ཐག་མི་ཐུབ་པ་ནི་གསལ་པོ་རེད། དཔེར་ན་རྒྱུ་ནོར་ཅི་ཙམ་མང་ན་དེའི་ཚོད་ཀྱི་སེམས་འཚབ་དང་། གནོན་ཤུགས། སེམས་ཁྲལ་མང་བ་ནི་དངོས་ཡོད་ཡིན་པ་ལྟ་བུ་རེད། 

ད་དུང་ཚན་པ་འདིའི་ནང་ལ་”ངོས་རང་ཡང་ཧ་ཅང་འབྱོར་ལྡན་དང་། ཐ་ན་ཐེར་འབུམ་གྱི་བདག་པོ་ཡིན་པའི་མི་སྣ་ཉུང་ཤས་དང་ཐུག་འཕྲད་བྱུང་། ཁོང་ཚོ་སྒེར་ཐོག་ནས་རང་ཉིད་ཀྱི་མི་ཚེའི་འདོད་པ་མི་ཁེངས་པ་དང་། སྐྱིད་པོ་མི་འདུག་ཅེས་ངོས་ལ་སྦ་གསང་མེད་པར་བརྗོད་ཀྱི་འདུག”་ཅེས་གསུངས་པ་འདིས་རྒྱུ་ནོར་གྱིས་མི་སྣ་མང་པོ་ཞིག་ལ་བཅོས་མའི་འཇིག་རྟེན་ལྟ་བུ་ཞིག་བསྐྲུན་ཏེ། དེ་ལ་ཁེར་རྐྱང་གི་ཚོར་བ་སྦྱིན་གྱི་ཡོད་པ་གསལ་པོ་བསྙད་ཡོང་དུས། རྒྱུ་ནོར་གྱིས་ང་ཚོར་རྣམ་པ་ཀུན་ཏུ་བདེ་སྐྱིད་སྤྲོད་ཀྱི་མེད་པ་གསལ་པོ་རེད། མདོར་ན་ཕྱིའི་རྒྱུ་ནོར་ནི་འཕྲལ་སེལ་གྱི་བདེ་སྐྱིད་སྒྲུབ་བྱེད་ཙམ་དང་། ནང་སེམས་ཀྱི་བརྩེ་བ་དང་། སྙིང་རྗེ། ཕན་སེམས་སོགས་ནི་ངེས་པ་དོན་གྱི་བདེ་སྐྱིད་འཚོལ་སྒྲུབ་ཀྱི་མཐུན་རྐྱེན་ཉག་ཅིག་གོ་ཞེས་སྡོམ་ཚིག་བཀོད་འདུག 

དེ་བཞིན་བདེ་ཐང་ཡང་ང་ཚོའི་བདེ་སྐྱིད་དང་འབྲེལ་བ་དམ་པོ་ཡོད་དུས། ང་ཚོས་ཁ་ཟས་ཡག་པོ་བསྟེན་པ་དང་། གཉིད་རན་པོ་ཁུག་པ། ལུས་སྦྱོང་གང་འཚམ་བྱེད་པ་སོགས་འཕྲོད་བརྟེན་གྱི་ཕྱོགས་ལ་ཡིད་གཟབ་བྱེད་དགོས་པའི་དྲན་སྐུལ་དང་། གལ་ཏེ་ན་ཚ་རེ་ཕོག་སྐབས་ངེས་པར་འོས་འཚམ་གྱི་ཚད་ལྡན་གྱི་སྨན་པར་བསྟེན་གཏུགས་བྱས་ཏེ་སྨན་བཅོས་བྱེད་རྒྱུ་གལ་ཆེན་དུ་གདམས་འདུག ཡང་ང་ཚོས་ལུས་ཀྱི་འཕྲོད་བསྟེན་གཅིག་པུའི་ཐོག་ལ་ཕྱོགས་ནས་སེམས་དང་མྱོང་ཚོར་གྱི་ཆ་ལ་སྣང་མེད་ཤོར་ན་ང་ཚོ་ནོར་འཁྲུལ་དཀའ་ངལ་མང་པོ་འབྱུང་གི་ཡོད། དཔེར་ན་ལུས་པོར་སྟོབས་ཤུགས་ལྡན་ཞིང་བདེ་ཐང་ཡིན་པའི་མི་ཞིག་རྒྱུན་དུ་སེམས་པ་སྡུག་གིས་མནར་བཞིན་པ་མངོན་གསལ་དུ་མཐོང་དུ་ཡོད་པ་ལྟ་བུ་རེད། ལུས་ཀྱི་བདེ་ཐང་ནི་འུ་ཅག་གི་བདེ་སྐྱིད་ལ་མཐུན་སྦྱོར་བྱེད་པ་ནི་སུས་ཀྱང་བསྙོན་དུ་མེད་པ་ཞིག་རེད། འོན་ཀྱང་དེ་ནི་མཐར་ཐུག་གི་འབྱུང་ཁུངས་མིན་པ་གསལ་པོ་རེད། དཔེར་ན་ལུས་པོར་རང་ཚུགས་མི་ཐུབ་པའི་རྒན་པོ་ཚོའི་ནང་ལ་ཞི་དུལ་བག་ཕེབས་སེམས་པ་སྤྲོ་བའི་ཁེངས་བསྡད་པའི་མི་སྣ་མང་པོ་མཐང་དུ་ཡོད་པ་ལྟ་བུ་རེད། མདོར་ན་བདེ་ཐང་གི་རྩ་བ་ངོ་མ་ཡང་སེམས་ཀྱི་གནས་སྟངས་དང་། ལྟ་ཚུལ། ཀུན་སློང་། གཞན་ལ་ང་ཚོའི་སེམས་པ་ཅི་ཙམ་བཟང་མིན་ལ་རག་ལས་པར་གདམས་འདུག

ད་ནི་གྲོགས་པོའི་མཛའ་འབྲེལ་སྐོར་རེད། གྲོགས་པོའི་མཛའ་འབྲེལ་སྐོར་ཀློག་སྐབས་ངས་ཡིད་ལ་ཚན་རིག་གི་ལྟ་གྲུབ་སྨྲ་བ་Einstein་ལགས་ཀྱི་ལེགས་བཤད་ཅིག་སྟེ། “འཇིག་རྟེན་སྟེང་གི་བདེ་སྐྱིད་ཆེ་ཤོས་ནི་ལྷག་བསམ་དང་བློ་རིག་གསལ་བའི་གྲོགས་མཆོག་འགའ་ཞིག་ཡོད་པ་དེ་ཡིན་”ཞེས་པ་དེ་རེད། ལེགས་བཤད་དེའི་བརྗོད་དོན་ངའི་མི་ཚེ་དང་འབྲེལ་བ་དམ་པོར་ཡོད་པས་ངས་ཆུང་དུས་ནས་བློ་ལ་བཟུང་བ་ཡིན། མ་ཟད་ལེགས་བཤད་དེས་ང་ལ་བག་ཆགས་ཟབ་མོ་ཞིག་བཞག་ཡོད་པ་འདྲ། ཚན་པ་འདི་ཀློག་སྐབས་ངའི་ཡིད་ལ་ཤར་སེ་བསླེབས་སོང་། གང་ལྟར་བཅོས་མིན་གྱི་གྲོགས་པོའི་མཛའ་འབྲེལ་ནི་འུ་ཅག་གི་བདེ་སྐྱིད་ལ་འབྲེལ་བ་དམ་པོ་ཡོད་པ་ང་ཚོས་མྱོང་བས་གྲུབ་པ་ཞིག་རེད། འདི་ལྟར་ཕྱི་མིག་ཅིག་བྱས་དུས་ང་ལ་གྲོགས་པོ་ཚོས་སྤྲད་པའི་བདེ་སྐྱིད་ནི་རྫོགས་མཐའ་མེད་པ་ཞིག་རེད། ངས་ཁོ་ཚོ་ལ་བཅོས་མིན་གྱི་མཛའ་བརྩེ་་བཅིངས་པས་ཡིན་ནམ། ངའི་མི་ཚེ་འདིར་འཕྲད་པའི་གྲོགས་པོ་ཚང་མས་ང་ལ་བཅོས་མིན་གྱི་མཛའ་བརྩེ་བཅིངས་པ་ལས་སུ་གཅིག་གིས་ང་ལ་བསླུ་བྲིད་དང་བསམ་བཞིན་གནོད་འཚེ་བྱས་པ་ཞིག་ཡིད་ལ་དྲན་རྒྱུ་མེད། དེ་ནི་ང་རང་གི་ཚེ་འདིའི་བསོད་ནམས་རླབས་པོ་ཞིག་རྩི་ཆོག འོན་ན་བཅོས་མི་མཛའ་འབྲེལ་ནི་ཇི་ལྟར་བྱུང་ངམ་ཟེར་ན། དེ་ནི་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཚན་པ་འདིེར་གསུངས་པ་བཞིན། “ཡིད་ཆེས་དང་བརྩེ་བ་རྨང་གཞིར་བྱས་ནས་ཡོང་ཐུབ་པའི་གནད་དོན་གསལ་པོ་ཞིག་ཡིན་ཞིང་། ཕན་ཚུན་གཉིས་མོས་ཀྱི་སེམས་ཁུར་དང་གུས་བརྩིའི་ཚོར་བ་ཞིག་ཡོད་པའི་སྐབས་འབའ་ཞིག་ལ་མངོན་དུ་འགྱུར་ཐུབ་”པ་ཞིག་ཡིན། དེའི་ཕྱིར། བཅོས་མིན་གྱི་མཛའ་འབྲེལ་ནི་ཕྱིའི་རྣམ་པ་ཙམ་ལ་བརྟེན་ནས་འབྱུང་བ་མིན་པར། ནང་སེམས་ཀྱི་འཛིན་ཚུལ་ལ་རག་ལས་པ་ཁ་གསལ་གོ་བདེའི་ངང་ནས་གསུང་པ་འདི་ལ་ལན་གཅིག་གཟིགས་རྒྱུ་གལ་འགངས་ཤིན་ཏུ་ཆེའོ་སྙམ།

2021/5/31 བློ་བཟང་རིན་ཆེན་གྱིས་རང་ཤག་ཏུ་བྲིས།

བསམ་ཚུལ།

Post navigation

Previous Post: ཤོག་བུ་གློའུ་ལྡིང་འགའ།
Next Post: མེ་ལྕེའི་བཀྲག་མདངས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme