Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མང་གཙོ་ཁྲིམས་ཀྱི་དབང་བསྒྱུར་ནས་གྲལ་རིམ་དམངས་གཙོ་ལ་ཁ་ཕྱོགས་པ་མ་རེད་དམ།

Posted on 2021-05-242021-05-29 By ཁ་བརྡ No Comments on མང་གཙོ་ཁྲིམས་ཀྱི་དབང་བསྒྱུར་ནས་གྲལ་རིམ་དམངས་གཙོ་ལ་ཁ་ཕྱོགས་པ་མ་རེད་དམ།

གཞུང་པ་ཚེ་དབང་བསོད་ནམས་།

ཉེ་ལམ་སྤྱི་ཟླ་ལྔ་པའི་ཚེས་ཉི་ཤུ་རྩ་ལྔ་ཉིན་སྐབས་བཅུ་དྲུག་པའི་་སྤྱི་འཐུས་གྲོས་ཚོགས་ནས་བཅའ་ཁྲིམས་དོན་ཚན་དྲུག་བཅུ་རེ་གསུམ་པའི་ནང་གསེས་བཞི་པའི་འོག་ཏུ་འགན་ཁུར་ནས་གཞུང་འབྲེལ་གྲོས་འཆར་ཡིག་ཆ་ཨང་གསུམ་བཅུ་སོ་དགུ་ཟེར་བའི་འོག་ནས་གསང་བའི་འོས་བསྡུའི་ལམ་ནས་ཆེས་མཐོའི་ཁྲིམས་ཞིབ་པ་ཆ་ཚང་དུས་ཐུང་ནང་འཕོ་འགྱུར་འམ་གནས་དབྱུང་བཏང་བ་དེ་བཅའ་ཁྲིམས་དོན་ཚན་ལྔ་བཅུ་ང་བཞི་དང་མ་མཐུན་པ་ནས་ཡིག་ཆ་ཨང་གསུམ་བཅུ་སོ་དགུ་དེ་ལོ་རྒྱུས་རང་བཞིན་གྱིས་ཁྲིམས་འགལ་གྱི་ཡིག་ཆ་ཞིག་ཡིན་པ་བཅའ་ཁྲིམས་དོན་ཚན་ལྔ་པ་ནས་ངོ་སྤྲད་པ་འདི་ལྟར།
བཅའ་ཁྲིམས་དོན་ཚན་ལྔ་པ་།
༡ ཁྲིམས་ལུགས་དང་། ཆབ་སྲིད་དབང་འཛིན་གྱི་བཀའ། སྒྲིག་གཞི་བཅས་གང་ཡང་བཅའ་ཁྲིམས་འདིའི་དོན་ཚན་གང་རུང་དང་འགལ་ཚེ་འགལ་བའི་ཆ་དེ་རྩ་འཛིན་མེད་པ་བྱ་རྒྱུ།


༢ གོང་གསལ་རྣམས་ཀྱི་དོན་གནད་བཅའ་ཁྲིམས་འདིའི་དོན་ཚན་ཁག་དང་འགལ་མིན་རྩོད་གླེང་བྱུང་ཚེ་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཐག་གཅོད་བྱ་རྒྱུ།
( ཅེས་གསལ་བ་ནས་བཅའ་ཁྲིམས་ཀྱི་དོན་ཚན་ཁག་དང་འགལ་མིན་རྩོད་གླེང་བྱུང་ཚེ་ཐག་གཅོད་གནང་མཁན་གྱི་ཆེས་མཐོའི་ཁྲིམས་ཞིབ་པ་ཆ་ཚང་མེད་པ་བཟོས་པ་དེ་ཁྲིམས་འགལ་གྱི་ནག་ཉེས་ཚབ་ཆེན་ཞིག་ལ་ངོས་འཛིན་ཞུ་གི་ཡོད་ )

བཅའ་ཁྲིམས་དོན་ཚན་དྲུག་བཅུ་རེ་གསུམ་། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ། ནང་གསེས་བཞི་པ། སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་འཐུས་རྩ་འབོར་གྱི་གསུམ་ཆ་གཉིས་ཡན་གྱིས་ཁྲིམས་ཞིབ་པ་ཆེ་བ་དང་། ཁྲིམས་ཞིབ་པ་གཞན་གཉིས་བཅས་སུ་རུང་འཕོ་འགྱུར་དགོས་པའི་གྲོས་ཆོད་བཞག་སྟེ་འཕོ་འགྱུར་བྱེད་དགོས་བྱུང་ན་ལས་དེ་མིན་ཁྲིམས་ཞིབ་པ་ཆེ་བའི་ལས་རྒྱུན་ལོ་ལྔ་འམ་རང་ལོ་དྲུག་བཅུ་རེ་ལྔ་ཧྲིལ་པོ་ལོན་པ་གང་སྔའི་བར་ཡིན། ཁྲིམས་ཞིབ་པ་གཞན་གཉིས་རང་ལོ་དྲུག་བཅུ་རེ་ལྔ་ཧྲིལ་པོ་མ་ལོན་བར་ལས་འཁུར་རྒྱུན་འཛིན་བྱ་རྒྱུ།

( ཅེས་གསལ་བ་ནས་དོན་ཚན་འདིའི་གོ་དོན་ནི་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་དང་། ཁྲིམས་ཞིབ་པ་གཞན་གཉིས་བཅས་སུ་རུང་འཕོ་འགྱུར་གཏོང་དགོས་བྱུང་ན་ལས་དེ་མིན་ཁྲིམས་ཞིབ་པ་ཆེ་བ་དང་ཁྲིམས་ཞིབ་པ་གཞན་གཉིས་བཅས་ཀྱི་ལས་རྒྱུན་ལོ་ཚད་སྐོར་ཡིན་པ་ལས་འཕོ་འགྱུར་གཏོང་རྒྱུའི་དོན་ཚན་ཞིག་མིན་པ་དབང་པོ་ནུས་མེད་ཞིག་ཡིན་ན་ལས་དེ་མིན་དབང་པོ་ནུས་ལྡན་ཚང་མས་ཤེས་ཐུབ་པ་དང་། )

བཅའ་ཁྲིམས་དོན་ཚན་ང་བཞི་པ་། གྲོོས་བསྡུར་བཀག་སྡོམ་།
ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང་། ཁྲིམས་ཞིབ་པ་གཞན་གཉིས་གང་རུང་འཕོ་འགྱུར་བྱ་རྒྱུའི་སྐོར་དང་། སྤྱི་འཐུས་ལྷན་ཚོགས་ནས་ཚོགས་ཆུང་ཟུར་འཛུགས་ཀྱིས་རྟོག་ཞིབ་ཐོག་སྤྱི་འཐུས་ལྷན་ཚོགས་སུ་སྙན་ཐོ་འབྱོར་བའི་སྐབས་སུ་མ་གཏོགས་དེ་མིན་ཁྲིམས་ཞིབ་པའི་ལས་དོན་བྱེད་ཕྱོགས་སྐོར་སྤྱི་འཐུས་ལྷན་ཚོགས་སུ་གླེང་སློང་དང་གྲོས་བསྡུར་བྱེད་མི་ཆོག་།

( ཅེས་གསལ་བ་ནས་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་འམ་ཁྲིམས་ཞིབ་པ་གཞན་པ་གཉིས་བཅས་གང་རུང་འཕོ་འགྱུར་གཏོང་རྒྱུའི་ཆ་རྐྱེན་དེ་བཅའ་ཁྲིམས་དོན་ཚན་ལྔ་བཅུ་ང་བཞི་པ་འདི་ཡིན་པ་དང་དེ་ཡང་ཁྲིམས་ཞིབ་པ་ཆེ་བ་འམ་ཁྲིམས་ཞིབ་པ་གཞན་གཉིས་བཅས་གང་རུང་ལས་ཁྲིམས་ཞིབ་པ་ཆ་ཚང་གསལ་མེད་པ་ནས་དབང་པོ་ནུས་ལྡན་ཚང་མས་ཤེས་ཐུབ་པ་དང་། )

ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་སྤྱི་མང་གཏུགས་བཤེར་གྱི་དོན་ཚན་དྲུག་བཅུ་རེ་དགུ་པའི་ཏ་པའི་འོག་ཁྲིམས་ཀྱི་ངོས་བཞེས་གསར་འཇུག་གནང་བ་དེ་བཅའ་ཁྲིམས་དོན་ཚན་དྲུག་བཅུ་རེ་དྲུག་པ་། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་དབང་ཚད་། བཅའ་ཁྲིམས་དོན་ཚན་དྲུག་བཅུ་རེ་བདུན་པ་། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཡིག་རྩ་འཛིན་དང་སྒྲིག་གཞི་། དོན་ཚན་འདི་གཉིས་ལ་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་འགན་ཁུར་ནས་གཏན་འབེབས་གནང་བ་དེ་བཅའ་ཁྲིམས་ནས་བསྐུར་བའི་འགན་དབང་སྒྲུབ་པ་དང་གལ་སྲིད་བཅའ་ཁྲིམས་དོན་ཚན་དྲུག་བཅུ་རེ་དྲུག་དང་། བཅའ་ཁྲིམས་དོན་ཚན་དྲུག་བཅུ་རེ་བདུན་དེ་གཉིས་ནོར་ཡོད་ན་དེའི་འགན་དེ་བཅའ་ཁྲིམས་གཏན་འབེབས་གནང་མཁན་ཁྲིམས་བཟོ་སྤྱི་འཐུས་གྲོས་ཚོགས་ལ་ཡོད་པ་ལས་ཆེས་མཐོའི་ཁྲིམ།ས་ཁང་ལ་ནམ་ཡང་མེད་པ་ནི་བཅའ་ཁྲིམས་དོན་ཚན་དྲུག་བཅུ་རེ་དྲུག་དང་དྲུག་བཅུ་རེ་བདུན་གཉིས་ཀློག་ན་དེ་ནས་ངོ་འཕྲོད་ཐུབ་རྒྱུ་དང་།

བཅའ་ཁྲིམས་དོན་ཚན་ང་བརྒྱད་པ་། སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་ལ་ཁྲིམས་ཞིབ་རྩད་གཅོད་མི་ཆོག་པ་།

༡ སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་གང་ཞིག་ཚད་ལྡན་ཡིན་མིན་དང་ཐག་གཅོད་བྱེད་ཕྱོགས་ལྷན་ཚོགས་ཀྱི་སྒྲིག་གཞི་དང་མཐུན་མིན་ལ་བསྙད་དེ་ཁྲིམས་ཞིབ་ཁང་ནས་རྩད་གཅོད་མི་ཆོག་།

༢ ལྷན་ཚོགས་ཀྱི་འགྲོ་ལུགས་དང་། སྒྲིག་གཞི་བཟོ་འགོད་བཅས་ཀྱི་ཆེད་བཅའ་ཁྲིམས་འདི་ཐོག་ནས་སྤྲད་པའི་དབང་ཚད་ལག་བསྟར་བྱེད་ཕྱོགས་ལ་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་མི་སུ་ཡང་ཁྲིམས་ཞིབ་ཁང་གང་གི་འང་ཁྱབ་ཁོངས་སུ་མེད་།

བཅའ་ཁྲིམས་དོད་ཚན་ཞེ་གཉིས་པ་། སྤྱི་འཐུས་ཀྱི་རྒྱུན་ལས་།

༡ སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུ་མ་ཚོགས་པའི་སྐབས་རྒྱུན་ལས་ཚོགས་ཆུང་ཞིག་དགོས་པར་ཆོལ་ཁ་རེ་ནས་སྤྱི་འཐུས་གཉིས་རེ་དང་། ཆོས་བརྒྱུད་རེ་ནས་སྤྱི་འཐུས་རེ་བཅས་གོང་གསལ་ཁུངས་སོ་སོས་འོས་བསྡུ་འམ་ཡང་ན་དམིགས་འཛུགས་གང་འོས་སྐབས་བསྟུན་བྱ་རྒྱུ་དང་། ལོ་རེའི་མཚམས་ནས་བསྐྱར་འདེམས་བྱ་རྒྱུ་།

༢ རྒྱུན་ལས་ཀྱི་ལས་དོན་བྱེད་ཕྱོགས་དང་། དབང་ཚད་སྤྱི་འཐུས་ལྷན་ཚོགས་ནས་གཏན་འབེབས་བྱས་པའི་ཁྲིམས་ལུགས་སམ་སྒྲིག་གཞི་ལྟར་ལག་ལེན་བསྟར་རྒྱུ་།

( ཅེས་གསལ་བ་ནས་སྤྱི་འཐུས་ལྷན་ཚོགས་དང་སྤྱི་འཐུས་རྒྱུན་ལས་གཉིས་དོན་གཅིག་མིང་གི་རྣམ་གྲངས་མིན་པ་བཅའ་ཁྲིམས་དོན་ཚན་ ༥༨ དང་དོན་ཚན་ ༤༢ གཉིས་ནས་ངོ་འཕྲོད་ཐུབ་པ་དང་སྔ་ལོ་སྤྱི་འཐུས་གྲོས་ཚོགས་ཟླ་དྲུག་འཕར་འགྱངས་གནང་མཁན་དེ་སྤྱི་འཐུས་རྒྱུན་ལས་ཡིན་པ་ལས་སྤྱི་འཐུས་ལྷན་ཚོགས་མིན་པ་དེ་ཡང་གསལ་པོ་ཤེས་དགོས་པ་དང་། )

སྔ་ལོ་སྤྱི་འཐུས་རྒྱུན་ལས་ནས་བཅའ་ཁྲིམས་དོན་ཚན་དྲུག་པ་དང་།དོན་ཚན་བཞི་བཅུ་ཐམ་པ་། དོན་ཚན་བཞི་བཅུ་ཞེ་དགུ་པའི་ནང་གསེས་གཉིས་པ་བཅས་ལ་འགན་ཁུར་ནས་གྲོས་ཚོགས་ཟླ་དྲུག་འཕར་འགྱངས་གནང་བ་དེ་ཁྲིམས་མཐུན་ཡིན་དང་ཁྲིམས་འགལ་ཡིན་བཅའ་ཁྲིམས་ཀྱི་དོན་ཚན་དེ་དག་ཀློག་ན་གསལ་ཤེས་ཐུབ་པ་ནི་།

༡ བཅའ་ཁྲིམས་དོན་ཚན་དྲུག་པ་། རྒྱལ་སྤྱིའི་ཁྲིམས་ལུགས་དང་། ཡུལ་ཁྲིམས་ལ་བརྩི་སྲུང་།

བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ལུགས་དང་། ཆབ་སྲིད་དབང་འཛིན་གྱི་བཀའ་། སྒྲིག་གཞི་བཅས་རྒྱལ་སྤྱིའི་ཁྲིམས་ལུགས་དང་། ལྷག་དོན་བོད་མིའི་གནས་ཡུལ་རྒྱལ་ཁབ་ཁག་གི་ཡུལ་ཁྲིམས་དང་མི་འགལ་བ་བྱ་རྒྱུ་།

( ཅེས་གསལ་བ་ནས་དབུས་བོད་མིའི་སྒྲིག་་འཛུགས་ཀྱི་ཁྲིམས་ལུགས་དང་། ཆབ་སྲིད་དབང་འཛིན་གྱི་བཀའ་། སྒྲིག་གཞི་སོགས་ག་འདྲ་ཞིག་གཏན་འབེབས་གནང་གི་ཡོད་རུང་དེ་དག་རྒྱལ་སྤྱིའི་ཁྲིམས་དང་མ་འགགལ་བ་། གནས་ཡུལ་རྒྱལ་ཁབ་ཀྱི་ཡུལ་ཁྲིམས་དང་མ་འགལ་བ་ཞིག་དགོས་པའི་སྐོར་ལས་གྲོས་ཚོགས་ཚུགས་གྲོལ་འཕར་འགྱངས་སོགས་དང་འབྲེལ་བ་མེད་པ་ཟུར་བལྟས་ལེབ་མཐོང་དང་། )

༢ བཅའ་ཁྲིམས་དོན་ཚན་བཞི་བཅུ་པ་། སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུ་།

འཆར་ཅན་སྤྱི་འཐུས་ལྷད་ཚོགས་ཀྱི་ཚོགས་འདུའི་ཚོགས་ཚེས་དང་། དུས་ཡུན་། ས་གནས་བཅས་སྤྱི་འཐུས་རྒྱུན་ལས་དང་གོ་བསྡུར་ཐོག་སྤྱི་འཐུས་ཚོགས་གཙོ་ལྷན་རྒྱས་ཀྱིས་གཏན་ལ་ཕབ་པ་ལྟར་ཚོགས་དྲུང་ལས་ཁུངས་ནས་སྤྱི་འཐུས་སོ་སོར་ཚོགས་བསྐོང་བརྡ་ཁྱབ་གཏོང་རྒྱུ་དང་། ཚོགས་འདུ་སྔོན་མ་གྲོལ་བ་ནས་ཟླ་དྲུག་ནང་ཚུན་ཚོགས་འདུ་རྗེས་མ་དབུ་ཚུགས་ཟིན་པ་དགོས་རྒྱུ་།

( ཅེས་གསལ་བ་ནས་ལོ་འཁོར་གཅིག་ནང་སྤྱི་འཐུས་གྲོས་ཚོགས་ཐེངས་གཉིས་ཚོགས་དགོས་པ་དབྱར་ཚོགས་དང་དགུན་ཚོགས་དེ་གཉིས་ཡིན་པ་དང་ཚོགས་འདུ་སྔོན་མ་གྲོལ་ནས་ཟླ་དྲུག་ནང་ཚུན་ཚོགས་འདུ་རྗེས་མ་དབུ་འཛུགས་དགོས་པའི་སྐོར་ཡིན་པ་ལས་དོན་ཚན་འདི་གྲོས་ཚོགས་འཕར་འགྱངས་དང་འབྲེལ་བ་མེད་པ་གསལ་པོ་ཤེས་ཐུབ་པ་དང་། )

༣ བཅའ་ཁྲིམས་དོན་ཚན་ཞེ་དགུ་པ་། སྤྱི་འཐུས་ལྷན་ཚོགས་སུ་སྤྱི་འཐུས་ཀྱི་ཉུང་ཚད་།

ནང་གསེས་གཉིས་པ་། སྤྱི་འཐུས་ཉུང་མཐའི་གྲངས་ཚད་མ་ལོངས་པར་ཚོགས་འདུ་ཉིན་གྲངས་བདུན་ལྷག་འཕར་འགྱངས་བྱེད་དགོས་བྱུང་ན་ཚོགས་གཙོ་སྦྲེལ་པོས་ཚོགས་འདུ་འཕར་འགྱངས་ཀྱི་ཐག་གཅོད་བྱ་རྒྱུ་།

( ཅེས་གསལ་བ་ནས་སྤྱི་འཐུས་གྲོས་ཚོགས་བཚོགས་ནས་འཐུས་མིའི་ཉུང་མཐའི་གྲངས་ཚད་མ་ལོན་ན་ཚོགས་གཙོ་སྦྲེལ་པོའི་ཉིན་གྲངས་བདུན་ལྷག་ཚོགས་འདུ་འཕར་འགྱངས་ཆོག་པའི་གོ་དོན་ཙམ་ལས་ཟླ་དྲུག་འཕར་འགྱངས་གསལ་མེད་པ་ནས་གྲོས་ཚོགས་ཟླ་དྲུག་འཕར་འགྱངས་དང་འབྲེལ་བ་མེད་པ་གསལ་པོ་ཤེས་ཐུབ་པ་དང་། )

བཅའ་ཁྲིམས་དོན་ཚན་ཞེ་གཅིག་པ་། སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུ་འཕར་མ་།

བཀའ་ཤག་དང་། སྤྱི་འཐུས་ལྷན་ཚོགས་། རྒྱུན་ལས་བཅས་སོ་སོའི་ཚོགས་མིའི་བརྒྱ་ཆ་ལྔ་བཅུ་ཡན་གྱིས་ཞུ་བསྐུལ་བྱུང་ན་ཚོགས་གཙོ་ལྷན་རྒྱས་ཀྱི་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུ་འཕར་མ་བསྡུ་བསྐོང་བྱེད་འཐུས་།

( ཅེས་གསལ་བ་ནས་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུ་འཕར་མ་ཚོགས་བསྐོང་གནང་རྒྱུ་དེ་གོང་གི་དོན་ཚན་དང་ཕྱོགས་མཐུན་བྱུང་ཡོད་མེད་ཟུར་གནས་མཁས་པ་ཚོའི་དཔྱད་ཞིབ་གནང་ན་མཁྱེན་ཐུབ་པ་དང་། )

ཉེ་ལམ་སྤྱི་འཐུས་གྲོས་ཚོགས་ཀྱི་ཁྲིམས་འགལ་གྱི་ཡིག་ཆ་ཨང་ ༣༩ གི་ཤུགས་རྐྱེན་འོག་ནས་བཅའ་ཁྲིམས་ལ་བསྐྱར་བཅོས་སོང་བ་རྣམས་བཅའ་ཁྲིམས་དོན་ཚན་ལྔ་པའི་འོག་ཏུ་འགན་ཁུར་ནས་ཁྲིམས་འགལ་དང་སྒྲིག་འགལ་ལ་ངོས་འཛིན་གནང་ནས་རྩིས་མེད་གཏོང་དགོས་པ་དང་།

བཅའ་ཁྲིམས་དོན་ཚན་དྲུག་བཅུ་རེ་གསུམ་པ་། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་།

ནང་གསེས་གཉིས་པ་། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང་། ཁྲིམས་ཞིབ་པ་གཞན་གཉིས་བཅས་ནི་།
ཀ བོད་ཀྱི་ཡུལ་མི་ཡིན་པ་།
ཁ རང་ལོ་ལྔ་བཅུ་ཧྲིལ་པོ་ལོན་པ་ཡན་།
ག ཁྲིམས་ཁང་ཞིག་ནང་ལོ་ལྔའི་རིང་མུ་མཐུད་ཁྲིམས་དཔོན་གྱི་ལས་འཁུར་བྱས་མྱོང་བའམ་། ཡང་ན་ཉུང་མཐར་ལོ་བཅུའི་རིང་ཁྲིམས་རྩོད་མཁས་པའི་གྲས་སུ་ཚུད་པ་བཅས་ལ་མ་གཏོགས་འོས་བབ་ཡོད་པ་མ་ཡིན་། འོན་ཀྱང་བཅའ་ཁྲིམས་འདི་ཉིད་ལག་ལེན་འགོ་འཛུགས་བྱས་པ་ནས་བཟུང་ལོ་གསུམ་བཅུ་རིང་ཁྲིམས་ཞིབ་ཆེ་བ་དང་། ཁྲིམས་ཞིབ་པ་གཞན་གཉིས་བཅས་བསྐོ་གཞག་དགོས་རིགས་དོན་ཚན་འདིའི་ནང་གསེས་དགོས་དོན་ཁག་ལ་བསྟུན་གནང་མི་དགོས་།

( ཅེས་གསལ་བ་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་འབེབས་ ( ༡༩༩༡ ནས་ ༢༠༢༡ འདི་ལོ་བར་ལོ་གསུམ་བཅུ་ཧྲིལ་པོ་འཁོར་བ་ནས་ཆེས་མཐོའི་ཁྲིམས་པ་བསྐོ་བཞག་གནང་རྒྱུ་དེ་དག་གོང་གི་བཅའ་ཁྲིམས་དོན་ཚན་དྲུག་བཅུ་རེ་གསུམ་པའི་ནང་གསེས་གཉིས་པའི་། ( ག ) པའི་འོག་ཏུ་འགན་ཁུར་དགོས་པ་མ་རེད་དམ་།

འཇུག་བསྡུ་བའི་བསམ་ཚུལ་ཞུ་རྒྱུར་ད་ལྟའི་དཀའ་སྙོགས་འདི་སེལ་བའི་ཐབས་ལམ་བཟང་ཤོས་དེ་བཅའ་ཁྲིམས་དོན་ཚན་ལྔ་བཅུ་ང་དགུའི་འོག་ཏུ་འགན་ཁུར་ནས་དམིགས་བསལ་ཚོགས་ཆེན་བསྐོང་ནས་ཚོགས་ཆེན་ནས་མི་མང་གི་བཅའ་ཁྲིམས་། ( PEOPLES CHARTER ) གསར་དུ་བཟོ་དགོས་པ་དེ་ད་ལྟའི་དཀའ་སྙོགས་སེལ་རྒྱུའི་ཐབས་ལམ་དེ་ལས་ལྷག་པ་ཞིག་མཐོང་གི་མེད་པ་བཅས་བཅའ་ཁྲིམས་དོན་ཚན་བཅུ་གསུམ་ནང་གསལ་བའི་བོད་ཀྱི་ཡུལ་མིའི་ལས་འགན་སྒྲུབ་ནས་གང་ཟག་སྒེར་གྱིས་བསམ་ཚུལ་གླེང་པ་འདིའི་ཀྱང་བཙན་བྱོལ་བོད་མིའི་མང་གཙོའི་སྒྲིག་འཛུགས་་དེ་ཁྲིམས་ཀྱི་དབང་བསྒྱུར་འོག་རྒྱུན་རིང་འཚོ་ཐུབ་པའི་སྨོན་པ་བཟང་པོའི་རྒྱན་ཏེ་རེ་ཞིག་འདིར་འཇུག་བསྡུས་སོ་། ༢༠༢༢ / ༥ /༢༣
་

བསམ་ཚུལ།

Post navigation

Previous Post: ཐའེ་བཞུགས་དགེ་འདུན་པས་ཧིན་སྒོར་ས་ཡ་གསུམ་ལ་ཉེ་བའི་རོགས་སྐྱོར།
Next Post: སྤྱི་མཐུས་ཀྱིས་བྲོ་འཁྲབ། བཀའ་ཤག་གིས་ལྟད་མོ་བལྟས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme