Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བརྩམས་སྒྲུང་ཐུང་ངུ་ཞིག

Posted on 2021-05-06 By ཁ་བརྡ No Comments on བརྩམས་སྒྲུང་ཐུང་ངུ་ཞིག

ཆབ་མདོ་ངག་ཕུན།

སྔོན་གླེང་ཐུང་ངུ་།

དངོས་སྒྲུང་འདི་ནི་རྒྱ་གར་འཕགས་པའི་ཞིང་དུ་སླར་ཡང་ཏོག་དབྱིབས་ནད་དུག་འགོས་ཁྱབ་ཀྱིས་མིའི་ཚེ་སྲོག་འཕྲོག་བཞིན་ཡོད་ལ། ནད་པ་མང་པོར་ཉལ་ཁྲི་མི་རག་པ་དང་། སྲོག་རླུང་གི་མི་འདང་བ་སོགས་དཀའ་ངལ་བསམ་ཡུལ་ལས་འདས་པ་མྱོང་བཞིན་ཡོད། གནས་སྟངས་དེ་དག་གི་འོག་ནས་ནད་པ་དུ་མ་འདས་གྲོངས་སུ་གྱུར་གྱི་ཡོད། དུར་ཁྲོད་དུ་ཕུང་པོ་མེར་བསྲེགས་ས་མི་རག་པ་དཀའ་ངལ་འཕྲད་པ་དེ་འདྲའི་ནད་པ་འདས་གྲོངས་སུ་གྱུར་གྱི་ཡོད། ཧ་ཅང་གནས་སྟངས་ཛ་དྲག་གྱུར་ནས་ནད་པ་སྲོག་མགོ་མཐོན་ཐབས་ཀྱིས་ནུས་པ་གང་ཡོད་སྟོན་བཞིན་ཡོད། དེ་འདྲའི་ཛ་དྲག་གི་དུས་སྐབས་འདིར་འགའ་རེས་བློས་བཏང་ཆེན་པོས་མི་ཡི་ཚེ་སྲོག་སྐྱོབ་མཁན་དུ་མ་ཞིག་ཀྱང་ཡོང་བཞིན་ཡོད། དགའ་འོས་པ་དང་ཡི་རངས་ཞུ་དགོས་པའི་གནས་སྟངས་ཤིག་རེད། དེ་འདྲའི་ལས་དོན་ནང་མཁན་མང་པོ་ཡོད་པའི་ནང་

ནས་ང་ལ་སེམས་མགུ་ཐེབ་པའི་བགྲེས་སོང་ཞིག་གིས་བློས་བཏང་ཆེན་པོའི་རང་ཉིད་སྲོག་རླུང་དེ་གཞན་ལ་སྤྲད་པ་དང་།་དེ་བཞིན་བུད་མེད་ཉེན་རྟོག་པས་ཕྲུ་གུ་དྭ་ཕྲུག་གསོ་སྐྱོང་གནང་བའི་གསར་འགྱུར་དེ་གཉིས་ཡིན་ཞིང་། རང་ལས་གཞན་གཅེས་ཟེར་བ་ནི་དེ་འདྲ་ཞིག་ཡིན་རྒྱུ་ཡིན་རེད་སྙམ་པའི་ཚོར་སྣང་ཞིག་སྐྱེས་བྱུང་བ་དང་འབྲེལ་དངོས་སྒྲུང་ལ་བཅོས་ནས་བྲིས་པ་ཞིག་ཡིན།

ལྷག་པར་བགྲེས་སོང་ཁོང་གིས་ཚེ་སྲོག་བློས་བཏང་གིས་གཞན་སྲོག་སྐྱབས་པ་ནི་དེ་འདྲའི་མཛད་པ་རླབས་ཆེན་ཞིག་མ་རེད་དམ། དངོས་གནས་བགྲེས་སོང་ཁོང་གི་བློས་གཏོང་ལ་ཡིད་སྨོན་མི་བྱེད་མཁན་སུ་ཞིག་ཡོད། རྒྱུ་མཚན་དེ་དག་ལ་བརྟེན་ནས་ཐེངས་གཅིག་ཀློག་ན་ཕན་ཐོགས་ལས་གནོད་པ་གང་ཡང་མེད། མཐའ་དོན་ནད་ཡམས་འདི་ཉིད་མྱུར་དུ་ཞི་ཞིང་། འགྲོ་རྣམས་བདེ་སྐྱིད་གནས་སུ་འཁོད་པར་ཤོག། །

བགྲེས་སོང་ཞིག་གི་གཏམ་རྒྱུད།

༄༅། །སྐབས་འཕགས་ཡུལ་གྱི་གྲོང་ཁྱེར་ཆེ་ཁག་ཏུ་ཏོག་དབྱིབས་ནད་དུག་བཅུ་དགུ་པ་ཁྱབ་གདབ་ཀྱིས་མི་རྒྱུ་གཉིས་ལ་གྱོང་གུད་ཆེན་པོ་ཞིག་འཕྲད་བཞིན་ཡོད། དེ་བཞིན་གྲོང་ཁྱེར་གྱི་སྨན་ཁང་ཕལ་ཆེ་བར་ནད་པས་ཁེངས་ཤིང་། ནད་པ་རྣམས་སྨན་ཁང་དུ་ཉལ་ས་མི་རག་པའི་དཀའ་ངལ་ཚད་མེད་འཕྲད་བཞིན་ཡོད་ལ། གལ་སྲིད་ནད་པ་གཅིག་ཉལ་ས་རག་པའི་དབང་དུ་བཏང་ནའང་སྲོག་རླུང་མི་རགས་པའི་དཀའ་ངལ་འཕྲད་ཅིང་ནད་པ་དུ་མ་ཞིག་འདས་གྲོངས་སུ་གྱུར་གྱི་ཡོད།

དེ་འདྲ་ཞིག་འོག་ཏུ་དགུང་ལོ་གྱ་ལྔ་གསོན་པའི་བགྲེས་སོང་ཞིག་ལ་ཏོག་དབྱིབས་ནད་དུག་འཕོག་པ་ཤེས་འཕྲལ་ལམ་སང་ནང་མི་རྣམས་ཀྱིས་ཐབས་ཤེས་སྣ་ཚོགས་ཤིག་བྱས་ཏེ་སྨན་ཁང་དུ་ཉལ་ས་རག་པ་རེད། བགྲེས་སོང་བསྡད་སའི་སྨན་ཁང་དེར་ཏོག་དབྱིབས་ནད་ཡམས་འཕོག་པའི་ནད་པ་རྒྱབ་ཕྲག་བརྒལ་བ་ཡོད་ཅིང་། མང་ཆེ་བར་སྲོག་རླུང་རག་གི་མེད། དེ་འདྲའི་གནས་སྟངས་ཛ་དྲག་འོག་ཏུ་མི་མང་པོ་འདས་གྲོངས་སུ་གྱུར། བགྲེས་སོང་ནད་པ་སྡོད་སའི་འགྲམ་དེར་ལོ་ན་བཞི་བཅུ་མ་ཟིན་ཙམ་སྐྱེས་པ་ཞིག་དབུགས་རྒྱུན་གཏོང་ལེན་དཀའ་ངལ་འཕྲད་ནས་བཟའ་ཟླས་སྨན་པ་དང་སྨན་ཞབས་པ་རྣམས་ལ་ལག་གཉིས་ཀྱིས་ཐལ་མོ་སྙིང་ཁར་སྦྱར་ཏེ། ངའི་བཟའ་ཟླའི་ཚེ་སྲོག་སྐྱོབ་རོགས་ཞེས་ཞུ་བ་འཐེན་ནའང་སྨན་པས་ང་ཚོ་ལ་ནི་སྲོག་རླུང་ཡོད་པ་ཚང་མ་ནད་པར་སྤྲད་ཟིན་པ་རེད། ད་ནི་སྨན་ཁང་དུ་སྲོག་རླུང་རྐང་གཅིག་རྐྱང་ལྷག་མེད་ཚུལ་བརྗོད། བུད་མེད་དེས་སྤང་དུ་བུ་ཕྲུག་དམར་དབྱར་ཞིག་བཟུང་ནས་ཡར་མར་འདུ་རྒྱུག་བྱས་རུང་སྲོག་རླུང་ཞིག་རྩ་བ་རང་ནས་མ་རགས།

མཐར་བཟའ་ཟླ་སྲོག་དབུགས་ཆད་ལ་ཉེ་བའི་སྐབས་དེར། ནད་པ་བགྲེས་སོང་གི་དེ་དག་མིག་མདུན་མཐོང་བཞིན་ཡོད་པས། སྙིང་རྗེ་ཚད་མེད་སྐྱེས་ནས་སྨན་ཞབས་སྐད་བཏང་སྟེ་ངས་སྲོག་རླུང་འདི་ཁོང་ལ་སྤྲད་རོགས་བྱོས་ཞེས་བརྗོད་པ་དང་། སྨན་པས་དེ་འདྲ་བྱས་ན་ཁྱོད་རང་གི་ཚེ་སྲོག་ལ་ཉེས་ཁ་ཡོད་རབས་བཤད་པ་མ་ཟད། ང་ཚོའི་ཁས་ལེན་བྱེད་ཐུབ་ཀྱི་མ་རེད་ཟེར། བགྲེས་སོང་དེས་ང་ནི་ལོ་ན་ཚོད་འདི་ཙམ་ཞིག་སླེབས་ཟིན་པ་རེད། འཇིག་རྟེན་གྱི་ཁམས་འདིར་དགའ་སྡུག་གི་ཚོར་བ་མྱོང་ཟིན་པ་རེད། ད་ལོ་གཅིག་གཉིས་ཀྱི་མི་རེད། དེ་ལས་ཁོང་ནི་ལོ་ན་ཆུང་ཆུང་རེད་འདུག་ལ། དེ་བཞིན་བུ་ཕྲུག་ཀྱང་ཆུང་ཆུང་ཞིག་གསོ་སྐྱོང་བྱ་རྒྱུ་འདུག་ཟེར། སྨན་པས་དེ་འདྲ་ཡིན་ན་ཁྱེད་རང་གི་ནང་མི་སྐད་སྐད་གཏོང་དགོས་ཟེར། སྨན་པས་བགྲེས་སོང་གི་བུ་སྐད་བཏང་སྟེ་གནས་ཚུལ་ཆ་ཚང་བཤད་པ་དང་། བུས་ཨ་ཕ་ཁྱེད་ཀྱི་གང་ཞིག་གསུང་གི་ཡོད། ང་ཚོར་ཨ་ཕ་མེད་ན་ང་ཚོའི་བུ་ཕྲུག་རྣམས་མི་ཚེའི་ཚོར་བ་གང་འདྲའི་བསྐྱལ་དགོས་རེད་དམ་ཟེར།

ནད་པ་བགྲེས་སོང་དེས་བུའི་ངོ་གདོང་ལ་ལྟ་བཞིན་འཛུམ་ཙམ་ཞིག་བྱས་ནས་ངའི་སྙིང་ནས་བརྩེ་བའི་བུ་ལགས། ང་ནི་ལོ་ན་ཚོད་འདི་ཙམ་ཞིག་སླེབས་ཟིན་པ་རེད། མི་ཚེ་ནང་དགའ་སྡུག་གི་གནས་སྟངས་ཚང་མ་མྱང་ཟིན་པའི་རྒན་འཁོགས་ཤིག་རེད། ཁོང་ནི་ད་ལྟ་ལོ་ན་ཆུང་ཆུང་རེད་འདུག་ལ། འཇིག་རྟེན་གྱི་ཁམས་འདིར་དགའ་སྡུག་ཚང་མ་མྱོང་རྒྱུ་ལྷག་ཡོད་པ་རེད། ལྷག་དོན་བུ་ཁྱོད་ཀྱི་ལྟོས་དང་བཟའ་ཟླ་འདི་མདང་དགོང་མཚན་གང་ཉལ་མ་སོང་། མ་བུ་འདི་གཉིས་ཀྱི་བློ་གཏད་བཅོལ་ས་ཁྱོ་ག་ཁོང་ལས་ཡོད་ས་མ་རེད། ཁྱོ་ག་འདི་མེད་པ་འགྱུར་ཚེ་མ་བུ་འདི་གཉིས་ཀྱི་མི་ཚེའི་ནང་དུ་དཀའ་ངལ་ག་ཚད་འཕྲད་ཀྱི་མ་རེད་དམ། ངའི་སྙིང་ནས་བརྩེ་བའི་བུ་ལགས་བསམ་ཤེས་གནང་དང་ཟེར་བ་དང་། བུས་ཀྱང་བཟའ་མི་གཉིས་མཐོང་བ་དང་། ལྷག་དོན་ཕྲུག་གུ་ཆུང་ཆུང་དེ་མཐོང་རྗེས་སྙིང་རྗེ་ཚད་མེད་སྐྱེས་ཤིང་མིག་ཆུ་རང་དབང་མེད་པ་ཤོར། སྲོག་རླུང་དེ་སྐྱེས་པ་དེར་སྟེར་རྒྱུ་ཡིག་ཆ་བཟོས་ཏེ་ས་རྟགས་བརྒྱབ་པ་རེད། དེ་ནས་ནད་པ་བགྲེས་སོང་དེས་དབུགས་རིང་ཞིག་བཏང་ནས་ང་སྨན་ཁང་དུ་བསྡད་ཀྱི་མིན། ནང་དུ་ལོག་འགྲོ་རྒྱུ་ཡིན་ཟེར། བུས་སྨན་ཁང་དུ་ཉལ་ན་ལེགས་ཚུལ་གྱི་ཨུ་ཚུགས་ག་ཚད་བརྒྱབ་རུང་ཉན་འཇོག་ཁྱོན་ནས་མ་གནང་ནས་ནང་དུ་ལོག་ཕྱིན། ནང་དུ་སླེབས་རྗེས་བགྲེས་སོང་ཁོང་ཁང་པ་གཞན་ཞིག་ཏུ་ཟུར་བཀག་ཏུ་བཞག་ཅིང་། ནང་མི་རྣམས་ཀྱིས་ལྟ་རྟོག་གང་ཡོང་བྱེད་ཀྱི་ཡོད།

སྲོག་རླུང་སྤྲད་སའི་ནད་པ་དེ་ནི་བདུན་གཅིག་ལྷག་ཙམ་རྗེས་དྲག་སྐྱེད་ཀྱིས་ནང་ལོག་ཏུ་ལོག་ཐུབ་པ་བྱུང་བ་རེད། སྲོག་རླུང་སྤྲད་སའི་ནད་པ་དེ་དྲག་སྐྱེད་བྱུང་བ་ནད་པ་བགྲེས་སོང་ཁོང་གི་ཤེས་རྗེས་སེམས་ནང་དུ་དགའ་སྣང་དཔག་མེད་དུ་སྐྱེས། འོན་ཀྱང་སྟབས་མ་ལེགས་པ་ཞིག་ལ་ནད་པ་བགྲེས་སོང་ཁོང་སྐུ་ཚེ་མ་ཟིན་པ་རེད། བགྲེས་སོང་ཁོང་ལ་ནང་མི་རྣམས་ཀྱིས་སྨན་བཅོས་ལ་སོགས་གང་ཡོང་བྱས་རུང་ཕན་ཐོགས་མེད་པ་ཕྱི་མའི་ལམ་དུ་གཤེགས་པ་རེད།

བགྲེས་སོང་ཁོང་གི་བུ་ཕྲུག་རྣམས་ལ་ཞལ་ཆེམས་ཤིག་བཞག་ཡོད་པས། དེའི་ནང་དུ་འཁོད་དོན་ལས། ངའི་སྙིང་ནས་བརྩེ་བའི་ནང་མི་བུ་ཕྲུག་རྣམ་པ་ཚོ། ཁྱོད་ཚོ་ངའི་དོན་དུ་སེམས་སྡུག་གཏན་ནས་བྱེད་མི་རུང་། ངའི་མི་ཚེ་ནང་དུ་སེམས་པ་ད་རེས་ལས་སྐྱིད་པ་ཞིག་བྱུང་མྱོང་མེད། ངའི་མི་ཚེ་གང་པོ་སོ་སོའི་དོན་དག་རྐྱང་མ་གཏོགས་གཞན་ལ་ཕན་ཐོགས་པའི་ལས་ཀ་སྣེ་གཅིག་བྱ་མྱོང་མེད་ལ། བྱེད་དགོས་བསམ་པ་སེམས་ནང་དྲན་མྱོང་ཡང་གཏན་ནས་མེད། གཞན་ལ་རོགས་པ་བྱས་པ་ཡིན་ན་སེམས་ནང་དུ་བདེ་སྐྱིད་འདི་འདྲ་ཞིག་ཡོང་གི་ཡོད་པ་དྲན་མྱོང་ཡང་མེད། བུ་ལགས་ཁྱེད་ལ་ཚིག་གཅིག་ལབ་རྒྱུ་ཡོད་པ་ནི། གཞན་ལ་ཕན་མ་ཐོག་ན་གནོད་པ་གཏན་ནས་མ་བྱེད། དེ་ཕ་རྒས་ངས་ཆེས་མཐའ་མཇུག་རེ་བ་དེ་ཡིན་ཞེས་ཞལ་ཆེམས་བཞག་ཡོད། དེ་དག་བུས་མཐོང་དུས་ཨ་ཕའི་ཞལ་ཆེམས་བྲང་སྟེང་དུ་སྦྱར་ནས་ངས་གཞན་ལ་རོགས་པ་བྱེད་མ་ཐུབ་ན་ཡང་གནོད་པ་མི་བྱེད་པའི་དམ་བཅས། དུས་དེ་ནས་བཟུང་སྟེ་མི་ཚོས་བགྲེས་སོང་ཁོང་གི་གནང་སྟངས་ལ་ཡིད་སྨོན་དང་། མིག་དཔེ་ལྟ་ས་ཞིག་ཏུ་གྱུར་བ་རེད་དོ། །

སྨྲས་པ།

སེམས་བཟང་ཅན་གྱི་བགྲེས་སོང་གིས།། བློས་བཏང་གཏམ་རྒྱུད་ཐོས་དུས་སུ།།
རང་ཉིད་སེམས་ཀྱི་སྙིང་དབུས་སུ།། གསོན་དབུགས་གསར་པ་སྦྱིན་ནས་བྱུང་།།

ཡངས་པའི་འཇིག་རྟེན་ཞིང་ཁམས་འདིར།། མི་གཤིས་འདྲ་མིན་སྣ་ཚོགས་མཆིས།།
འགའ་རེས་དཔལ་འབྱོར་དོན་དུ་བརྔམས།། འགའ་རེས་སྙན་གྲགས་དོན་དུ་བརྔམས།།

འོན་ཀྱང་དེ་ལྡོག་བགྲེས་སོང་ཁོང་།། རང་ཉིད་བློས་བཏང་གཞན་དོན་ཆེད།།
རིན་ཆེན་ཚེ་སྲོག་བློས་བཏང་འདིར།། དེ་འདྲའི་ངོ་མཚར་ཅི་མི་ཆེ།།

ཉེན་རྟོག་པ་བུད་མེད་སེམས་བཟང་ཅན་ཞིག་གི་གཏམ་རྒྱུད།།

༄༅། །དེ་རིང་ངས་དངོས་སྒྲུང་ཞིག་འབྲི་བར་འདོད་ཅིང་། དེ་ཡང་དེང་སྐབས་ཏོག་དབྱིབས་བཅུ་དགུ་པས་སའི་གོ་ལའི་ཐོག་ཏུ་གནས་པའི་འགྲོ་བ་མི་རྣམས་ལ་དཀའ་སྡུག་ཚད་ལས་འདས་པ་མྱང་མྱོང་བཞིན་ཡོད་པ་ལྟར་ང་ཚོའི་གནས་ཚང་བཀའ་དྲིན་ཅན་གྱི་རྒྱལ་ཁབ་ཆེན་པོ་རྒྱ་གར་ལའང་དེ་མཚུངས་ཀྱི་དཀའ་ངལ་འཕྲད་བཞིན་ཡོད། རྒྱ་གར་གྱི་མངའ་སྡེ་མ་ཧ་ར་ཤི་ཊའི་མངའ་སྡེ་དེ་མཚུངས་ནད་པ་ཉལ་ཁྲི་དང་། སྲོག་རླུང་མི་འདང་བའི་དཀའ་ངལ་ཚད་མེད་འཕྲད་བཞིན་ཡོད། མ་ཧ་ར་ཤི་ཊ་མངའ་སྡེའི་གྲོང་ཁྱེར་པུ་ནེའི་ཉེ་འགྲམ་གྲོང་ཚོ་ཞིག་ནང་དུའང་ཏོག་དབྱིབས་ནད་དུག་དེས་འགོས་ཁྱབ་ཀྱིས་སྐྱེ་བོ་དུ་མ་ཞིག་ཚེ་སྲོག་འཕྲོག་བཞིན་ཡོད། དུད་ཚང་ཞིག་གི་ནང་དུ་བུད་མེད་ཁེར་རྐྱང་སྡོད་མཁན་ཞིག་ཡོད་ཅིང་། བུད་མེད་དེ་ཕྲུ་གུ་བུ་མོ་ཟླ་བ་བཞི་མ་ཙམ་གྱིས་ཕྲུ་གུ་དམར་དབྱར་ཞིག་ལས་མེད། སྟབས་མ་ལེགས་པ་ཞིག་ལ་ཕྲུ་གུའི་ཨ་མ་དེར་ཏོག་དབྱིབས་ནད་དུག་འགོས། གཡས་གཡོན་གྱི་གྲོང་པ་ཚོས་ཤེས་རྗེས་ཏོག་དབྱིབས་ནད་དུག་འགོས་དོགས་ཀྱིས་སུ་ཞིག་རོགས་པར་འགྲོ་མ་ནུས། མཚན་མོ་བུད་མེད་དེ་ན་ཚ་སྡུག་ཏུ་ཕྱིན་རུང་རོགས་པ་བྱེད་མཁན་སུ་ཞིག་མ་རགས་པ་རེད། མཐར་མཚན་ཕྱེད་ཙམ་དུ་ཕྲུ་གུའི་ཨ་མ་དེ་ཕྱི་མའི་ལམ་དུ་གཤེགས། ཕྲུ་གུས་ཨ་མ་ཞེས་མཚན་གང་ངུ་ནས་བསྡད།

གྲོང་པ་རོགས་པ་བྱེད་དགོས་དྲན་ནའང་ནད་དུག་ལ་ཞེད་ནས་སུ་ཞིག་རོགས་པ་བྱེད་མ་ནུས། མཐར་གྲོང་པ་ཚོས་ཉེས་རྟོག་པ་ཁ་དཔར་བཏང་བ་དང་། ཉེས་རྟོག་པ་སླེབས་ནས་སྒོ་ཕྱེས་ནས་བལྟས་པ་དང་། ཕྲུ་གུ་དམར་དབྱར་ཞིག་ཨ་མའི་ཕུང་པོ་ལ་འཐམ་ནས་ངུ་ཆེ་བའི་ཐང་ཆད་ནས་དྲན་པ་འཐོར་ཡོད། དེ་དག་ཉེས་རྟོགས་པ་བུད་མེད་དེས་མཐོང་དུས་སེམས་ནང་དུ་བཟོད་ཐབས་མེད་པའི་སྙིང་རྗེ་ཚད་མེད་སྐྱེས།

ཨ་མའི་བྲང་སྟེང་གི་ཕྲུ་གུ་ཉེན་རྟོག་པ་བུད་མེད་དེས་ལམ་སང་ཕྲུ་གུ་ཚུར་འཐེན་པ་དང་། ཨ་མ་དེ་གྲོངས་ཟིན་ནའང་ཕྲུ་གུ་སྲོག་དབུགས་བསྡད་ཡོད་པ་ཤེས་ཕྲལ་ཉེན་རྟོག་པ་བུད་མེད་དེས་ལམ་སང་སྨན་ཁང་གི་རླངས་འཁོར་སྐད་བཏང་ནས་བུ་ཕྲུག་སྨན་ཁང་དུ་བསྐྱལ། སྨན་པ་ཚོས་ལམ་སང་སྲོག་རླུང་བཏང་ཞིང་། རིམ་གྱིས་ཕྲུ་གུ་དེ་དྲན་པ་གསོ་རྗེས་བརྟག་དཔྱད་བྱེད་དུས་ནད་དུག་འགོས་མེད་པ་ཤེས་རྟོག་བྱུང་། དུས་དེ་ནས་བཟུང་སྟེ་ཕྲུ་གུ་དེ་ནི་ཕ་མ་མེད་པའི་དྭ་ཕྲུག་ཏུ་གྱུར་བ་རེད། འོན་ཀྱང་ཉེན་རྟོག་པ་བུད་མེད་སེམས་བཟང་ཅན་དེས་ཕྲུ་གུ་བུ་ཚབ་ཏུ་ཉར་ནས་བལྟ་རྟོག་རང་ཉིད་ལྟ་རྟོག་བྱ་རྒྱུ་བྱས། དེ་ནས་བཟུང་སྟེ་རང་ཉིད་ཀྱི་བུ་ཕྲུག་དང་ཁྱད་པར་མེད་པ་ལྟ་སྐྱོང་བྱ་རྒྱུ་བྱས་པ་རེད། ཉེན་རྟོག་པ་བུད་མེད་དེ་ཉིད་སེམས་བཟང་ལ་མི་རྣམས་ཡིད་དབང་འཕྲོག་ནས་བསྔགས་བརྗོད་ཀྱི་མེ་ཏོག་ཡང་ཡང་འཐོར་གྱི་ཡོད་པ་རེད།

སྨྲས་པ།

རྒྱ་གར་འཕགས་པའི་ཞིང་ཁམས་སུ།།
ནད་ཡམས་ངན་པ་དེ་ཉིད་ཀྱིས།།
མི་མང་ཚེ་སྲོག་བཅོམ་བཞིན་འདུག།།
བླ་མ་ཡི་དམ་མཁའ་འགྲོའི་ཚོགས།།
ཐུགས་རྗེས་སྤྱན་གྱིས་གཟིགས་པར་མཛོད།།
རིན་ཆེན་ཚེ་སྲོག་སྐྱབས་པའི་ཐབས།།
སྨན་ཁང་གང་དུ་ཕྱིན་ཡང་རུང་།།
སྨན་ཁང་ཐམས་ཅད་ནད་པས་ཁེངས།།
ནང་མི་རྣམས་ཀྱིས་སྨན་ཞབས་མདུན།།
ཐལ་མོ་སྦྱར་ཞིང་མི་ཡི་སྲོག །
སྐྱོབ་རོགས་ངུ་འབོད་ཡང་ཡང་འཐེན།།
ཚེ་སྲོག་སྐྱོབ་ཐབས་འབད་ན་ཡང་།།
སྙིང་རྗེ་མེད་པའི་ནད་ངན་དེས།།
སྐད་ཅིག་ཉིད་ལ་སྲོག་དབུགས་འཕྲོག།།
དེ་འདྲའི་ཡིད་སེམས་སྐྱོ་བ་ཨང་།།
དུར་ཁྲོད་ཐམས་ཅད་ཕུང་པོས་ཁེངས།།
མེ་ལྕེ་ལྷབ་ལྷུབ་རབ་ཏུ་འབར།།
སྐད་ཅིག་ཉིད་དུ་ཐལ་རྡུལ་གྱུར།།
དེ་འདྲའི་ཡིད་སེམས་སྐྱོ་བ་ཨང་།།
རི་ལུང་ཐམས་ཅད་གསུར་དྲིས་ཁེངས།།
འགའ་རེས་ཕ་མ་འབོད་བཞིན་ངུ་།།
འགའ་རེས་སྤོ་རྨོ་འབོད་བཞིན་ངུ་།།
འགའ་རེས་བཟའ་ཟླ་འབོད་བཞིན་ངུ་།།
འགའ་རེས་སྤུན་མཆེད་འབོད་བཞིན་ངུ་།།
འགའ་རེས་སྲིང་མོ་འབོད་བཞིན་ངུ་།།
སྙིང་ལ་གཟན་པས་ངུ་ངག་གིས།།
སྲིན་པོ་ཡིན་ཡང་མིག་མཐའ་རུ།།
མིག་ཆུ་མི་འཁོར་ག་ལ་སྲིད།།
ཕ་མ་སྤུན་མཆེད་མཐའ་ནས་སྐོར།།
རི་ལུང་ཐམས་ཅད་ངུ་ངག་ཁེངས།།
དེ་འདྲའི་ཡིད་སེམས་སྐྱོ་བ་ཨང་།།
ནད་ཡམས་ངན་པ་མ་འགོས་ཐབས།།
ནང་མི་རྒྱང་ཙམ་སྡོད་པ་ལས།།
མདུན་དུ་བཅར་བ་མི་ནུས་ཤིང་།།
དེ་འདྲའི་ཡིད་སེམས་སྐྱོ་བ་ལ།།
བླ་མ་ཡི་དམ་མཁའ་འགྲོ་ཚོགས།།
འགྲོ་བ་ནད་ཡམས་འདི་ཉིད་ལས།།
མྱུར་དུ་ཐར་བའི་སྤྱན་གྱིས་གཟིགས།།

ཕྱི་ལོ་ ༢༠༢༡ ཟླ་ ༥ ཚེས་ ༦ ཉིན་མོར་ཕུལ།

བརྩམས་སྒྲུང་།

Post navigation

Previous Post: ཆོག་གི
Next Post: ཆེས་མཐོའི་ཁྲིམས་ཞིབ་པ་གསུམ་འཕོ་འགྱུར་ལ་བརྟེན་ནས་བྱུང་བའི་དཀའ་རྙོག་དེ་སེལ་ཐབས་ཤིག་ཡོད་དམ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (93)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (62)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme