Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཟུར་པ་ཟུར་ལ་བཞུགས་རོགས་ཨེ།

Posted on 2021-05-04 By ཁ་བརྡ No Comments on ཟུར་པ་ཟུར་ལ་བཞུགས་རོགས་ཨེ།

རྟ་རྫི་ཚང་ཚེ་རིང་།

ཉེ་བའི་ཆར་སྤྱི་ཟུར་ལི་ཐང་འཇམ་བཟོད་སོགས། སྲིད་སྐྱོང་བློ་བཟང་སེང་གེའི་ཕྱོགས་གཏོགས་པ་དག་གིས་བོད་དང་བོད་མི་སྒྲིག་འཛུག་ལ་ལྷག་བསམ་དག་ཅིང་མཛད་རྗེས་ཧ་ཅང་ཆེ་བའི་བཀའ་ཟུར་དང་། ཁྲིམས་ཟུར། བཙོན་ཟུར། གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་སྒྲིག་འཛུག་ཁག་གི་ལས་བྱེད་ཟུར་པ་དག་ལ་ཟུར་པ་ཁ་ཁར་སྡོད་ཅིག་སྡིག་ར་སྐུལ་བ་ལྟ་བུའི་བྱ་སྤྱོད་མང་དག་ཅིག་མཐོང་དུས་ལས་འབྲས་གཙུག་ཏུ་བཀུར་ཞིང་། བོད་མིའི་ཐུན་མོང་མ་ཡིན་པའི་ཡ་རབས་བཟང་སྤྱོད་གཅེས་འཛིན་བྱེད་མཁན་དང་། གཟུར་བོར་གནས་པའི་མི་མང་གིས་ཟུར་པ་དག་གི་བཀའ་དྲིན་ཡིད་ལ་ལྷག་ཏུ་དྲན་འོས་ལ་དྲན་དགོས་པ་ནི། བོད་མི་བཙན་བྱོར་དུ་འབྱོར་ནས་ད་ལྟའི་བར་དུ་༸གོང་ས་མཆོག་གི་བཀའ་དགོངས་ཚུལ་བཞིན་སྒྲུབ་མཁན་གྱི་ཟུར་པ་དག་གི་དཀའ་བསྐྱེད་ཧུར་བཙོན་ལས་བྱུང་བའི་དམངས་གཙོའི་ཀ་བ་གསུམ་གྱི་ཆ་ལག་ཡོངས་སུ་ཚང་ཞིང་། མི་སྨོན་རང་སྐྱིད་སྒྲིག་འཛུག་སྟེ། ༸གོང་ས་མཆོག་གིས་ཀྱང་ལན་རེ་གཉིས་ཙམ་མིན་པར། ཡང་ནས་ཡང་དུ་ང་ཚོ་བཙན་བྱོར་བ་འདྲ་འདྲའི་ནང་ནས་མི་འདྲ་བ་ཡིན་ཞེས་གསུངས་མྱོང་ཡོད་ལ། ལྷག་པར་དུ་༢༠༡༡ ལོར་རིང་ནས་

སྙིང་དུ་བརྣགས་པའི་འདོད་པའི་དོན་དེ་རིང་གྲུབ་སོང་ཞེས་ཐུགས་དགྱེས་ཚོར་ཆེན་པོའི་སྒོ་ནས་སྲིད་སྐྱོང་སེང་གེ་ལ་རྩིས་སྤྲོད་གནང་ཐུབ་པ་བྱུང་ཡོད། སྟབས་མ་ལེགས་པ་ཞིག་ལ། བོད་པའི་ངག་རྒྱུན་དུ་བློ་གྲོད་པར་བཀལ། གྲོད་པས་ཆུ་གློད་ཅེས་པ་ལྟར། འདས་པའི་ལོ་ངོ་དྲུག་ཅུའི་རིང་ལ་༸གོང་ས་མཆོག་གི་ལམ་སྟོན་དང་བཀའ་དགོངས་འོག་ཏུ་ཟུར་པ་དག་གིས་བསྐྱངས་པའི་བོད་མིའི་སྒྲིག་འཛུག་དེ་བཞིན་ཉེ་བའི་ལོ་བཅུའི་རིང་དུ་གནས་དང་མི་གནས་ཀྱི་མཚམས་སུ་བསྐྱལ་ཡོད་པ་དེ་ཡང་གཤམ་གསལ་དོན་ཚན་གསུམ་གྱི་ཐོག་ནས་བཤད་ན། དང་པོ་གཅིག་སྒྲིལ་གྱི་ཐད་ནས་ཆོལ་ཁ་གསུམ་གྱི་མི་དང་མིའི་བར་དུ་བསམ་བློའི་ཁ་བྲལ། གཉིས་པ་གཞུང་དམངས་བར་གྱི་འགལ་ཟླ། གསུམ་པ་ཆབ་སྲིད་ཀྱི་ཐད་ནས་དགྲ་བོའི་མིག་སྔར་ཛོར་རྟགས་བསྟན་པ་དང་གསུམ་ལས། དང་པོ་ཆོལ་གསུམ་བོད་མིའི་བསམ་བློའི་ཁ་བྲལ་དེ་ཡང་ཕྱོགས་གང་གི་ཐད་ནས་འགྲེལ་བཤད་ཅི་ཞིག་རྒྱག་ཀྱང་དྲང་བདེན་མིན་པའི་སྒོ་ནས་ཨ་རིའི་དོན་གཅོད་གནས་དབྱུངས་བཏང་བ་དང་འབྲེལ་བའི་དངོས་བདེན་མིན་པའི་བྱ་སྤྱོད་མང་དག་ཅིག་མི་མང་གིས་ཤེས་རྟོགས་བྱུང་བས་མི་མང་གིས་གཞུང་དང་སྲིད་སྐྱོང་ལ་མང་གཙོའི་ཁེར་དབང་ལོངས་སུ་སྤྱོད་དེ་བོད་རིགས་གནས་ཡུལ་གྱི་ས་ཕྱོགས་མང་པོ་ནས་ངོ་རྒོལ་དང་། རྣམ་འགྱུར་བསྟན་པ་ལ་སྲིད་སྐྱོང་གིས་གཙོས་བྱས་ནས་ཕྱོགས་གཏོགས་པ་ཨ་རོ་དག་གིས་ངོས་ལེན་ཞུ་རྒྱུའི་ཚབ་ཏུ་མ་ཉེས་ཁག་གཡོག་ཆོལ་ཁ་གཞན་ལ་བྱས་པས་མི་རབས་ཁ་ཤས་རིང་དུ་མཐུན་ཐབས་དཀའ་བའི་བསམ་བློའི་ཁ་བྲལ་ཞིག་བཏང་སོང་། གཉིས་པ་གཞུང་དམངས་བར་གྱི་འགལ་བའང་ཧ་ཅང་ཆེན་པོ་ཞིག་བྱུང་ཡོད་པ་ནི། འདས་པའི་ལོ་ཤས་རིང་དུ་སྲིད་སྐྱོང་གི་བྱ་སྤྱོད་འདྲ་མིན་ལས་གཙོ་ཆེར་འདི་ལོའི་གྲོས་ཚོགས་སྐབས་བཅུ་དྲུག་པའི་ནང་དུ་ཆོལ་ཁ་བྱེ་བྲག་པ་ལ་དམིགས་ཏེ་གཏམ་བཤད་སྤེལ་བ་དང་། ལོ་ངོ་བཅུའི་རིང་དུ་མ་འགྲིགས་པ་གང་ཞིག་བྱུང་ན་ཁོ་ཁོ་དང་ཁོས་ཁོས། འགྲིགས་པ་གང་ཞིག་བྱུང་ན་ང་ང་དང་ངས་ངས་མང་སོང་བ་དང་། ཡོང་སྒོས་ཕོ་བྲང་དཀར་པོའི་ནང་འགྲོ་མཁན་བོད་མིའི་ཆབ་སྲིད་ཀྱི་འགོ་ཁྲིད་ཐེངས་དང་པོ་དེ་ང་རང་ཡིན་པ་ལས་༸གོང་ས་མཆོག་མིན་རབས་སོགས་བསྙོན་འདིང་མང་སོང་བས་དྲང་བདེན་ལ་དགའ་བའི་མི་མང་པོའི་སེམས་པར་དོག་ཕོག་བྱས། ནད་ཡམས་ཀྱི་སྐབས་སུ་རྒྱ་གར་ནང་དུ་ཉམས་ཐག་མང་པོ་ཞིག་ཐོན་པར་བརྟེན་ནས་བོད་མི་དག་གིས་དངུལ་དངོས་ཞལ་འདེབས་ཀྱི་རོགས་རམ་ཕོན་ཆེར་བྱས་པ་ལ་བཀའ་ཤག་དང་། བཀའ་ཤག་གིས་བཀོད་ཁྱབ་བཏང་སྟེ་ཉམས་ཐག་དག་ལ་སྡིགས་ར་སྐུལ་བ་བཅས་ཀྱི་བྱ་སྤྱོད་གཅིག་རྗེས་གཉིས་མཐུད་ཀྱིས་ཐོན་པ་ལས་མི་མང་གི་སེམས་པར་རྨ་ཁ་ཆེན་པོ་བཟོས་ཡོད། གསུམ་པ་ཆབ་སྲིད་ཀྱི་ཐད་ནས་ཛོར་རྟགས། འོས་བསྡུའི་དྲིལ་སྒྲགས་ཀྱི་སྐབས་སུ་༸གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་རྒྱུ་དང་། བོད་རྒྱ་འབྲེལ་མོལ་བྱེད་རྒྱུའི་མཚོན་པའི་ཁས་ལེན་དམ་བཅའ་མང་པོ་ཞིག་ཞུས་ཀྱང་མཐར་དེ་དག་གང་ཡང་བྱུང་མེད་ལ། མང་ཚོགས་ཀྱིས་ཀྱང་དེའི་སྐོར་དེ་ཙམ་ཡིད་ཆེས་དང་རེ་བ་བྱས་མེད་ལ་དྲི་བ་འདོན་མཁན་ཡང་ཉུང་ཤས་ལས་བྱུང་མེད་པས། སྲིད་སྐྱོང་རང་ཉིད་ཀྱིས་ཀྱང་དེའི་སྐོར་གསལ་བཤད་མ་བྱས་ཀྱང་ཉེན་ཁ་ཅན་ཞིག་མིན་ནའང་འདི་ལོའི་གྲོས་ཚོགས་སུ་རྒྱ་ནག་དེ་བཞིན་རྒྱལ་སྤྱིའི་ཐོག་ཏུ་སྟོབས་ཤུགས་ཆེན་པོ་ཡིན་པ་དང་། ང་ཚོ་ལ་རེ་བ་དང་ནུས་པ་མེད་ཚུལ་སོགས་ཝ་སྐད་གནམ་སའི་བར་དུ་ཤོང་དཀའ་བ་ཞིག་འདོན་པ་ནི་ཆབ་སྲིད་རིག་པའི་ཐོག་ནས་བཤད་ན་ཀླད་གོར་ངོ་མ་དེ་ཆགས་པ་རེད། སྐད་ཆ་དེ་དག་གིས་ཆབ་སྲིད་གོ་རྟོག་ཞན་པའི་བོད་རིགས་དག་གི་སེམས་ཤུགས་གཅོག་གིན་ཡོད་པ་ཙམ་དུ་མ་ཟད། དམར་པོའི་སྲིད་གཞུང་ལའང་སྤོབས་པ་དང་ང་རྒྱལ་འཕེལ་བའི་རྒྱུ་རྐྱེན་དུ་གྱུར་ཡོད། རྒྱ་ནག་གི་སྟོབས་ཤུགས་ཇི་ཙམ་ཡོད་མིན་འབྲེལ་ཡོད་ཚང་མས་དོ་སྣང་རྟག་ཏུ་བྱེད་བཞིན་ཡོད་ལ། ཤེས་ཀྱང་ཤེས་ཀྱིན་ཡོད། ཡང་ན་སྲིད་སྐྱོང་གིས་ཝ་སྐད་རྒྱག་དོན་གང་ཡིན་ནམ། ངས་བསམ་པར་འོས་བསྡུའི་དྲིལ་སྒྲགས་སྐབས་སུ་ཁས་ལེན་མང་པོ་ཞིག་བྱས་པ་དེ་དག་ད་ལྟར་མི་འགྲུབ་པར་ཤེས་ཏེ་ངན་ཁག་གཡོག་སྟངས་དང་ལག་པ་ཕྱིས་སྟངས་ཤིག་ཡིན་པ་འདྲ། ཡིན་ཡང་སྐད་ཆ་ཤོད་སྟངས་དང་རྣམ་འགྱུར་སྟོན་སྟངས་གཞན་ཞིག་བརྒྱུད་ནས་མ་འགྲུབ་པའི་གནད་དོན་ཁག་གསལ་བཤད་དོན་སྙིང་ཅན་རེ་བྱས་ཡོད་ན་དོན་དངོས་ཡིན་ལ་མ་བལྟོས་པར་མིའི་སྔོན་ནས་ཞབས་འདྲེན་ཞུ་མ་དགོས་པ་ཞིག་གཏན་གཏན་ཡོང་བར་ངེས། མདོར་ན་ལོ་ངོ་དྲུག་ཅུའི་རིང་དུ་ཟུར་པ་དག་གིས་བསྐྱངས་ནས་ཡོང་བའི་བཙན་བྱོའི་སྒྲིག་འཛུག་འདི་བཞིན་ད་ལྟ་སྦོ་ལུག་པའི་མཚམས་སུ་སླེབས་སོང་ལ། འདིའི་འབྱུང་རྩ་ངོ་མའང་གཙོ་བོ་དེ་ནི་ཆབ་སྲིད་ཀྱི་དབུ་ཁྲིད་ལ་ནུས་པ་མེད་པ་དང་། ཉམས་མྱོང་མེད་པ། མི་མང་སྣེ་ཁྲིད་སྟངས་ཀྱིས་མ་འདངས་པ། ཁྲིམས་སྒྲིག་ལ་གོ་རྟོག་དམན་པ། རྣམ་དཔྱོད་དང་ཀུན་སྤྱོད་ཀྱི་ཐད་ནས་ཀྱང་མ་འདངས་པ་བཅས་ཀྱི་དཀའ་ཁག་དང་ཐད་ཀར་འབྲེལ་བ་ཡོད། ད་དུང་ཆོབ་ཚ་བའི་བཀའ་མོལ་ཞིག་ལ། ཁ་སྔོན་ཨེ་ཤི་ཡའི་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པའི་མང་གཙོ་ཀ་བའི་གཅིག་སྦོབ་ལུག་པའི་སྐོར་དང་འཕྲོས་ནས་དྲི་བར་དྲིས་ལན་དུ། བཀའ་ཤག་ནི་ཧྲ་ཐག་ཐག་ཡིན་ཞེས་ལན་བཏབ་སོང་། དོན་དངོས་སྐད་ཆ་དེའི་ཤུགས་ལ་སྲིད་སྐྱོང་ནི་བཀའ་ཤག་གི་ལྷན་ཁང་བདུན་པོ་དེའི་འགོ་ཁྲིད་ཙམ་ལས་བཙན་བྱོར་བོད་མིའི་སྒྲིག་འཛུགས་སྤྱི་ལ་ཁྱབ་པའི་འགོ་ཁྲིད་མིན་པ་ལྟ་བུ་གོ་བ་སྟེར་གྱི་འདུག་ཀྱང་། བཀའ་ལན་གནང་མ་ཤེས་པ་དང་། ཡང་ན་ཚ་བེ་ཚུབ་པེས་དབང་གིས་དེ་འདྲ་ཁ་ནས་ཤོར་བ་ཡིན་པ་ལས་སེམས་ལ་དེ་འདྲ་རང་ཨེ་ཡོད་ན། ཡང་གནད་དོན་དོན་གཞན་ཞིག་ནི་ཉེ་ཆར་ལྷོ་ཕྱོགས་སུ་སྐོར་སྐྱོད་སྐབས་གྲོས་ཚོགས་ཀྱིས་ཁྲིམས་ཞིབ་པ་དག་འཕོར་འགྱུར་དང་འབྲེལ་བའི་དྲི་བར་དྲིས་ལན་ཞིག་གི་ནང་དུ། བཀའ་ཤག་གིས་ཁ་མ་གྲག་པ་ནི་ཁྲིམས་ཞིབ་ཁང་ནས་བཀའ་ཤག་གི་རེ་བ་ལ་ཉན་འཇོག་བྱས་མེད་རབས་དང་། ཁ་མཆུ་ཨང་༢༠ པ་དྲང་བདེན་བྱུང་མེད་རབས་སོགས་ལས་འཕྲོས་ཏེ་ལན་འདེབས་བྱས་པར་མི་མང་ནང་གླེང་གཞི་ཆེན་པོར་གྱུར། བདུན་ཕྲག་ཁ་ཤས་ལས་མ་ཕྱིན་པར་བོད་ཀྱི་བརྙན་འཕྲིན་ནང་དུ་ཁྲིམས་ཞིབ་པ་དག་འཕོར་འགྱུར་སྐབས་སུ་ཆ་ཤས་ལེན་པའི་གོ་སྐབས་མ་བྱུང་བ་དང་། གྲོས་འཆར་དེ་འགྲོ་གི་མ་རེད་བསམས་ཀྱང་རྒྱབ་སྐྱོར་ཐོབ་རྗེས་ཧ་འདྲ་ལས་སོང་ཞེས་ལྷོ་ཕྱོགས་ནས་བཤད་པའི་སྐད་ཆ་དེ་དག་ཁ་ཕྱོགས་གཞན་དུ་བསྒྱུར་ཐབས་བྱས་པ་སོགས། འཁྲབ་སྟོན་གྱི་རྣམ་གྲངས་ཧ་ཅང་མང་མོད་གནས་སྐབས་འབྲི་འདོད་མེད། མདོར་ན་ཟུར་པ་དག་གིས་བཀའ་དྲིན་བསམ་ཤེས་མེད་པའི་མི་དེ་དག་དོན་དངོས་གང་འདྲ་ཡིན་མིན་འགྲེལ་བཤད་མི་དགོས་པར་ཚང་མའི་དགོངས་པར་མངའ་བར་གཞིར་བཅས། ད་ལྟ་བཀའ་ཤག་གསར་པ་ལ་རྩིས་ལེན་རྒྱུ་ནི་གངས་སྐྱིད་ཀྱི་ལས་ཁུང་གསར་པ་ཁ་ཤས་ལས། དོན་དངོས་རྩ་དོན་ལ་ཕན་པའི་དངོས་པོ་གང་ཡང་ལེན་རྒྱུར་བསྡད་མེད་ལ། དེ་ལས་ཟློག་སྟེ་ཆིག་སྒྲིལ་གྱི་ནུས་པ་དང་། ཡིད་བརྟན་འཕེལ་བའི་ཁྲིམས་ལུགས་རྩ་འཛིན་གཉིས་ཀ་བསླར་གསོ་ཐུབ་དགོས་པ་སོགས་སྔར་མེད་པའི་དཀའ་ངལ་གསར་པ་དུ་མ་ཞིག་མི་འདོད་བཞིན་དུ་རྩིས་ལེན་དགོས་ཀྱི་ཡོད་པ་བཅས་བསམ་ཚུལ་སྙིང་བསྡུས་འདི་བཞིན་རྟ་རྫི་ཚང་ཚེ་རིང་གིས་2021 ཟླ་ 4 ཚེས་ 2 ལ་སྤེལ།

བསམ་ཚུལ།

Post navigation

Previous Post: མང་གཙོ་དང་མེ་རཱ་ཐོན་རྒྱུགས་འགྲན།
Next Post: སྲིད་སྐྱོང་གིས་རྒྱལ་བ་རིན་པོ་ཆེ་ལ་འཇིགས་སྐུལ་བྱེད་པ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (76)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (2)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme