Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བཙན་བྱོལ་བོད་མིའི་མང་གཙོའི་གཤེད་མ་འཚོལ་ཞིབ།

Posted on 2021-04-03 By ཁ་བརྡ 3 Comments on བཙན་བྱོལ་བོད་མིའི་མང་གཙོའི་གཤེད་མ་འཚོལ་ཞིབ།

གངས་ཕྲུག་ནས།

ཉེ་ལམ་སྤྱི་འཐུས་གྲོས་ཚོགས་ནས་ཆེས་མཐོའི་ཁྲིམས་ཞིབ་པ་གསུམ་ག་འཕོ་འགྱུར་བཏང་རྗེས། ཉུང་མཐར་ཡང་སྤྱི་འཐུས་ ༡༥ ལྷག་གིས་རང་གི་དགའ་ཉེ་ངོ་ཤེས་ཚོར་མནའ་སྐྱེལ་ཐོ་བཙུགས་ཀྱིས། འཕོ་འགྱུར་གྱི་གྲོས་ཆོད་དེར་རྒྱབ་སྐྱོར་བྱས་མེད་ལུགས་དངོས་ཤུགས་བརྒྱུད་གསུམ་ནས་གསུང་གླེང་གནང་བ་གོ་ཐོས་བྱུང་བས། གནད་དོན་འདི་ངེས་པར་གཙང་མ་བཟོ་དགོས་གལ་ཆེན་ཆགས་འདུག

གལ་སྲིད་སྤྱི་འཐུས་ ༡༥ ནས་འཕོ་འགྱུར་གྱི་གྲོས་ཆོད་ལ་རྒྱབ་སྐྱོར་བྱས་མེད་པ་བདེན་པ་ཡིན་ན། མགོ་རྙོག་དེའི་ཡོང་ཁུངས་ནི་འོས་ཤོག་གྲངས་བཤེར་གནང་སྟངས་མ་གཏོགས་དོགས་པ་བྱེད་ས་མི་འདུག  སྤྱི་འཐུས་ཀྱི་གསང་བའི་འོས་བསྡུ་བྱེད་མཁན་སྤྱི་འཐུས་རྣམ་པ་ཡིན་པ་ལས། འོས་བསྡུ་ལས་ཁང་ལ་འབྲེལ་བ་མེད། དངོས་འབྲེལ་བྱས་ན། འོས་བསྡུ་དེའི་རིགས་ལ་འོས་ཤོག་གྲངས་བཤེར་བྱེད་

མཁན་དང་། ལྟ་རྟོག་བྱེད་མཁན། ཟུར་དཔང་བཅས་ལོགས་སུ་བསྐོ་གཞག་དགོས་ཀྱི་ཡོད་ནའང་། དེ་ལྟར་མ་གནང་བར། ལས་བྱེད་གཅིག་གིས་འོས་སྒམ་ནང་གི་འོས་ཤོག་ཁ་ཕྱེས་ཏེ་ཚོགས་གཙོར་སྤྲད། ཚོགས་གཙོས་ལྗགས་ཀློག་གནང་བ་དེ་ཚོགས་དྲུང་གིས་ཐོ་བརྒྱབ་རྗེས། འོས་ཤོག་རྣམས་ཚོགས་གཞོན་ལ་སྤྲད་པའི་བརྒྱུད་རིམ་རྣམས་ང་ཚོ་ཚང་མས་བརྙན་འཕྲིན་ནས་མཐོང་ཡོད།

ཚོགས་གཞོན་གྱིས་ཉར་བའི་འོས་ཤོག་དེ་དག་ལ་བརྟག་ཞིབ་བྱེད་མཁན་སུ་གང་བྱུང་མ་སོང་ལ། ཚོགས་གཙོས་ལྗགས་ཀློག་གནང་བའི་འོས་ཤོག་གི་ངོས་སུ་རྒྱབ་སྐྱོར་ཡོད་པའི་རྟགས་བརྒྱབ་ཡོད་དམ། ཡང་ན་མེད་པའི་རྟགས་བརྒྱབ་ཡོད་མེད་སྤྱི་འཐུས་ཚོར་མིག་སྟོན་ཡང་གནང་མ་སོང་བས། མང་ཚོགས་ནང་འོས་ཤོག་གྲངས་བཤེར་བྱེད་སྟངས་དེའི་ཐོག་ལ་དོགས་པ་མང་པོ་ཞིག་རང་བཞིན་གྱིས་ཡོང་གི་ཡོད།

གལ་སྲིད་སྤྱི་འཐུས་ཚོགས་གཙོ་དང་ཚོགས་གཞོན་གཉིས་ཁ་མཐུན་བྱུང་སྟེ་འོས་ཤོག་གྲངས་བཤེར་ཐོག་མ་དྲང་བའི་ཕྱག་ལས་གནང་ཡོད་ཚེ། ད་ཆ་དེ་ལ་བརྩད་གཅོད་བྱེད་པའི་ཐབས་ལམ་ཡང་མེད་པ་ཆགས་ཡོད། རྒྱུ་མཚན་ནི། འོས་ཤོག་བཟོ་སྐྲུན་བྱེད་མཁན་སུ་ཡིན་དང་། འོས་ཤོག་གྲངས་ག་ཚོད་དཔར་སྐྲུན་བྱས་ཡོད་མེད། འོས་ཤོག་རེ་རེའི་སྟེང་ཐོན་གྲངས་ serial number དང་། དམ་ཕྲུག མཚན་རྟགས་བཀོད་ཡོད་མེད་སུ་གང་གིས་གསལ་བཤད་གནང་མེད་ལ། ལྷག་དོན་འོས་ཤོག་རྣམས་བདག་ཉར་བྱས་ཡོད་མེད་དང་། ཇི་ལྟར་བྱས་ཡོད་མེད། སུས་ཉར་ཡོད་མེད་ཀྱང་ང་ཚོས་ཤེས་རྟོགས་ཐུབ་ཐབས་མེད་པ་ཆགས་ཡོད།

ད་ལྟ་ང་ཚོར་ཐབས་ལམ་གཅིག་ཡོད་པ་ནི། ཁྲིམས་ཞིབ་པ་འཕོ་འགྱུར་ལ་རྒྱབ་སྐྱོར་མེད་པའི་སྤྱི་འཐུས་ ༡༥ དེ་དག་དངོས་སུ་ཐོན་ནས་མང་ཚོགས་ལ་གསལ་བཤད་གནང་རྒྱུ་དེ་ཡིན་པས། བཀུར་འོས་སྤྱི་འཐུས་རྣམ་པས་རང་གི་དགའ་ཉེ་ངོ་ཤེས་ཚོར་གསུངས་པ་ཙམ་ཞིག་མ་ཡིན་པར། མངོན་གསལ་དོད་པོས་སྤྱི་ཚོགས་སྟེང་རང་རང་སོ་སོའི་ལངས་ཕྱོགས་གསལ་སྟོན་གནང་རྒྱུ་དུས་ལ་བབས་འདུག དེ་བཞིན་དུ་ཆེས་མཐོའི་ཁྲིམས་ཞིབ་པ་རྣམ་པས་འཁྱུར་ཁའི་གསལ་བཤད་གནང་སྐབས། ཁྲིམས་ཞིབ་ཁང་རྩ་གཏོར་བཏང་བའི་རྩོད་པ་དེ་ཐག་གཅོད་བྱེད་མཁན་མང་གཙོའི་ཀ་བ་བཞི་པ་རེད་ཅེས་གསུངས་ཟིན་པ་ལྟར། གསར་འགྱུར་བརྒྱུད་ལམ་ཁག་ནས་སྤྱི་འཐུས་རེ་རེ་བཞིན་གནད་དོན་དེའི་ཐོག་དྲི་བ་བཀོད་དགོས་ཀྱི་འདུག

ང་ཚོས་ཕྱི་ཚེས་ ༥ བར་གནས་སྟངས་གསལ་པོ་མ་ཆགས་ཚེ། ང་ཚོས་རྒྱ་བལ་གཉིས་ཀྱི་གཞིས་སྒར་ཁག་ཡོངས་སུ་རྫོགས་པར་བཙན་བྱོལ་བོད་མིའི་མང་གཙོའི་གཤེད་མ་འཚོལ་ཞིབ་ལས་འགུལ་ཚོགས་ཆུང་རེ་འཛུགས་རྒྱུའི་རེ་འདུན་ཞུ་གི་ཡོད་པ་དང་། ལས་འགུལ་འདིར་རྒྱབ་སྐྱོར་ཡོད་མཁན་ཚོས་ད་ལྟ་ནས་རང་རང་གནས་ཡུལ་ས་གནས་སོ་སོར་ཚོགས་ཆུང་རེ་འཛུགས་ཆོག་པ་དང་། ང་ཚོའི་རེ་འདུན་བདག་སྤྲོད་བྱེད་མཁན་མ་བྱུང་ཚེ། ཕྱི་ཚེས་ ༦ ནས་ ༨ བར་གཞི་རྒྱ་ཆེ་བའི་མང་ཚོགས་རང་བཞིན་གྱི་ལས་འགུལ་རྒྱ་ཆེར་སྤེལ་རྒྱུ།

བཙན་བྱོལ་བོད་མིའི་མང་གཙོའི་གཤེད་མ་འཚོལ་ཞིབ་ལས་འགུལ་འདིའི་ནང་། ང་ཚོས་ཚོགས་གཙོ་དབུས་གཙང་སྤྱི་འཐུས་པད་མ་འབྱུང་གནས་དང་། ཚོགས་གཞོན་དབུས་གཙང་སྤྱི་འཐུས་ཡེ་ཤེས་ཕུན་ཚོགས། རྙིང་མའི་སྤྱི་འཐུས་བསོད་ནམས་བསྟན་འཕེལ། བཀའ་བརྒྱུད་སྤྱི་འཐུས་བསྟན་པ་ཡར་འཕེལ། ས་སྐྱའི་སྤྱི་འཐུས་ཀཿབྲག་དངོས་གྲུབ་བསོད་ནམས། དགེ་ལུགས་སྤྱི་འཐུས་གོ་བོ་བློ་བཟང་ཕན་བདེ། བོན་པོ་སྤྱི་འཐུས་སྨོན་ལམ་མཐར་ཕྱིན། མདོ་སྟོད་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས། མདོ་སྟོད་སྤྱི་འཐུས་ངག་དབང་ཐར་པ། མདོ་སྨད་སྤྱི་འཐུས་བློ་བཟང་ཆོས་འབྱོར། མདོ་སྨད་སྤྱི་འཐུས་དོན་གྲུབ་བཀྲ་ཤིས་བཅས་རྒྱུན་ལས་ ༡༡ འདི་དག་བྱེད་གཏེ་གཙོ་བོར་ངོས་འཛིན་བྱས་ཐོག  གཤེད་རོགས་སུ་ལངས་མཁན་སྤྱི་འཐུས་རྣམས་རེ་རེ་བཞིན་ཐེར་འདོན་བྱས་ཏེ། མི་མང་གི་འོས་ཤོག་ལ་བརྟེན་ནས་མང་གཙོ་གཏོར་བཤིག་གཏོང་མཁན་རྣམས་ལོ་རྒྱུས་ཀྱི་གད་སྙིགས་ནང་གཡུག་གི་ཡིན།

ལས་འགུལ་འདིའི་དམིགས་ཡུལ་ནི་མང་གཙོའི་གཤེད་མ་གཞན་ ༢༠ དམར་ཧྲེང་ངེར་བཏོན་ཏེ། སྤྱི་འཐུས་གྲོས་ཚོགས་ནས་ཁྲིམས་ཞིབ་པ་གསུམ་འཕོ་འགྱུར་བཏང་བའི་གྲོས་ཆོད་དེ་ཕྱིར་བསྡུ་བྱེད་དགོས་པའི་དགོས་འདུན་འགྲུབ་ཐུབ་པ་བྱ་རྒྱུ་དེ་ཡིན། །

བསམ་ཚུལ།

Post navigation

Previous Post: ང་ཡི་གློ་བོ།
Next Post: འབོད་སྐུལ།

Comments (3) on “བཙན་བྱོལ་བོད་མིའི་མང་གཙོའི་གཤེད་མ་འཚོལ་ཞིབ།”

  1. གཞུང་པ་ཚེ་དབང་བསོད་ནམས says:
    2021-04-04 at 8:28 pm

    ད་ལམ་སྤྱི་འཐུས་གྲོས་ཚོགས་ནས་ཆེས་མཐོའི་ཁྲིམས་ཞིབ་པ་ཆ་ཚང་གསང་བའི་འོས་བསྡུའི་ལམ་ནས་འཕོ་འགྱུར་བཏང་བ་དེ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་ཕྱོགས་མཐུན་བྱུང་ཡོད་མེད་ཐོག་མི་མང་གི་བསམ་ཚུལ་སླེབས་དགོས་པ་དེ་མང་གཙོ་དང་ཁྲིམས་ཀྱི་དབང་བསྒྱུར་ལ་འགན་ཁུར་ནས་བཅའ་ཁྲིམས་དོན་ཚན་བཅུ་གསུམ་ནང་གསལ་བའི་བོད་ཀྱི་ཡུལ་མིའི་ལས་འགན་སྒྲུབ་དགོས་པ་ནས་རང་དབང་ཅན་གྱི་ཚོགས་ཆུང་བཙུགས་ནས་ཆེས་མཐོའི་ཁྲིམས་ཞིབ་ཁང་དང་སྤྱི་འཐུས་གྲོས་ཚོགས་སུའི་ནོར་ཡོད་མེད་ཐོག་ཞིབ་འཇུག་གནང་དགོས་པ་དེ་གལ་ཆེན་ཞིག་ལ་ངོས་འཛིན་ཞུ་གི་ཡོད་།

  2. མཚོ་པདྨ། says:
    2021-04-05 at 3:00 am

    ཁྲིམས་ཞིབ་པ་རྣམ་པ་གསུམ་འཕོ་འགྱུར་ལ་རྒྱབ་སྐྱོར་མ་བྱེད་མཁན་སྤྱི་འཐུས་བཅོ་ལྔ་པོ་སུ་དང་སུ་ཡིན་མིན་ཁོང་ཅག་ཚོའི་མིང་གསལ་འདོན་བྱེད་རོགས། ཁོང་ཚོར་དགའ་སྤྲོའི་ངང་འོས་འཕེན་གྱི་ཡིན་ལ་རང་གི་དགའ་ཉེ་སྤུན་གྲོགས་ཚང་མ་ལའང་དེ་ལྟར་གནང་དགོས་པའི་འབོད་སྐུལ་ཡང་ཞུ་རྒྱུ་ཡིན།

  3. བོད་ཕྲེང་འཛིན་ཅན། says:
    2021-04-06 at 7:52 am

    སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དབུ་ཁྲིད་འོག་དམངས་གཙོའི་ལམ་ལུགས་ལེགས་པོ་བཙུགས་ཡོད་པ་རེད།
    དེ་གོ་ལ་ཡོངས་ནས་བསྔགས་བརྗོད་ཀྱི་སྐད་འབྲུག་གྲག་གྲག་ཡོད་པ་རེད།
    འོན་ཀྱང་། ཆབ་སྲིད་ཀྱི་དབང་ཤུགས་ཀྱིས་དམངས་གཙོའི་ལམ་ལུགས་ལ་རྡོག་རོལ་བྱས་པ་འདི།
    བོད་ཙམ་མ་ཟད་འཛམ་གླིང་གི་ཁྲིམས་ལུགས་ལོ་རྒྱུས་ཁྲོད་དུའང་རྙེད་དཀའ་བ་ཞིག་རེད།
    འདི་ལ་ངེས་བར་ཏུ་བསམས་གཞིགས་ཞིབ་མོ་གཏང་དགོས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme