Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཁྱོད་ཀྱི་བཀའ་དྲིན།

Posted on 2010-07-182010-07-18 By བེ་རི་འཇིགས་མེད 24 Comments on ཁྱོད་ཀྱི་བཀའ་དྲིན།

གཞས་ཚིག___བེ་རི་འཇིགས་མེད།
གདངས།____྾྾
གཏོང་མཁན།___ཟློས་གར

ཡ་ཀི་ནམ་མཁའ་སྔོན་པོ།།
ཁ་རྒྱ་གཞན་ལས་ཆེ་བ།།
༸གོང་ས་སྐྱབས་མགོན་ཆེན་པོའི།།
བཀའ་དྲིན་དེ་ལས་ཆེ་སོང་།།
མ་ཀི་རྒྱ་མཚོ་སྔོན་པོ།།
གཏིང་མཐའ་གཞན་ལས་ཟབ་པ།།
༸གོང་ས་སྐྱབས་མགོན་ཆེན་པོའི།།
བཀའ་དྲིན་དེ་ལས་ཟབ་པ།།
སྟོད་ཀྱི་གངས་དཀར་ལྷུན་པོ།།
རི་བོ་གཞན་ལས་མཐོ་བ།།
༸གོང་ས་སྐྱབས་མགོན་ཆེན་པོའི།།
དབུ་ཕང་དེ་ལས་མཐོ་སོང་།།
སྨད་ཀྱི་གཙང་ཆབ་སྔོན་པོ།།
གཞུར་རྒྱུན་གཞན་ལས་རིང་བ།།
༸གོང་ས་སྐྱབས་མགོན་ཆེན་པོའི།།
མཛད་འཕྲིན་དེ་ལས་རིང་སོང་།།
མི་ལོ་ལྔ་བཅུ་ཐམ་པ།།
མི་ཡུལ་སྡོད་དགོས་ཐུག་ཀྱང་།།
མི་སྨོན་རང་སྐྱིད་བྱུང་བ།།
མི་མཆོག་དམ་པའི་བཀའ་དྲིན།།
མི་ཡུལ་ས་མཐའ་འདི་ནས།།
ཆོས་ཀྱི་རྩ་བ་ཚུགས་སོང་།།
རིག་གཞུང་ལོ་འདབས་བཀྲ་སོང་།།
སྲིད་ཀྱི་འབྲས་བཟང་སྨིན་སོང་།།
ས་འདི་ཤོག་གུར་བསྒྱུར་ཏེ།།
རྒྱ་མཚོ་སྣག་ཚ་བྱས་ནས།།
༸གོང་ས་མཆོག་གི་བཀའ་དྲིན།།
བྲིས་ན་ཚར་ས་མ་རེད།།
༢༠༡༠།༧།༡༣།ལྡི་ལི་མཎྜལ་མགྲོན་ཁང་དུ་བྲིས།

གླུ་གཞས།

Post navigation

Previous Post: གཞིས་བྱེས་གཉིས་ཀྱི་སྙིང་སྟོབས་དང་བར་ཐག
Next Post: བོད་ཀྱི་སྐད་ཡིག་ལ་བཀས་བཅད་བཞི་བ་དགོས་རན་འདུག

Comments (24) on “ཁྱོད་ཀྱི་བཀའ་དྲིན།”

  1. གཅན་བཟོད་རྒྱམ། says:
    2010-07-18 at 3:17 am

    མེ་ལོང་མའི་གཞས་ཚིག་རྩོམ་སྟངས་རེད་འདུག་གཱ ཚོར་བ་ཅི་སྤྲད་མ་སོང་ལགས།

  2. མེ་ཏོག་དཀར་པོ། says:
    2010-07-18 at 6:27 am

    གཅན་བཟོད་རྒྱམ། མེ་ལོང་མའི་རྩོམ་སྟངས་ཡིན་པའི་རྒྱུ་མཚན་གྱིས་ཚོར་བ་མ་སྤྲད་པ་རེད་དམ། ཡང་ན་བེ་རིས་མཇོན་པ་རེད། གཅིག་གསུངས་དང་།

  3. གཅན་བཟོད་རྒྱམ། says:
    2010-07-18 at 6:52 am

    ངས་བཤད་པ་དེ་མ་རེད། བེ་རི་འཇོན་མི་འཇོན་དེ་བས་ཀྱང་མ་རེད། ཕལ་ཆེར་ཚིག་སྡེབས་སམ་ཡང་ན་ངས་གཞས་ཚིག་འདི་བཀླགས་སྐབས་ཀྱི་ཚོར་བ་ཡིན་ནམ། མཛད་འཕྲིན་ཆུ་བོ་ལས་རིང་བ་དང་རྒྱ་མཚོ་ལས་ཟབ་པའི་དཔེ་འདི་ཚོ་མེ་ལོང་མའི་རྩོལ་ཚུལ་ལམ་གང་ལྟར་བོད་ཀྱི་མཁས་བླུན་ཚོས་སྔོན་མ་ནས་ད་བར་དུ་ཐེངས་མ་ཁྲི་འབུམ་ལ་བྲིས་ཟིན་པས་ཁ་བྱང་སྣ་བྱང་ལ་སོང་འདུག་པས་ཡིན་ནམ། གང་ལྟར་ཚོར་བ་ཅང་སྤྲད་མ་སོང་ཟེར་བ་ཡིན། གཞན་ཅང་བཤད་འདོད་མེད་ལགས། ཁ་ལ་མ་ཕོག་གོང་ནས་སྣ་ལ་ཕོག་སོང་ན་དགོངས་ཞུ་ཡ།

  4. མེ་ཏོག་དཀར་པོ། says:
    2010-07-18 at 7:11 am

    གྲོགས་པོས་ལན་བཟང་པོ་གནང་བྱུང་། ང་ལ་ཕོག་ཐུག་གང་ཡང་མ་བྱུང་སོང་སྟེ། དེང་དུས་རང་གི་སྙན་ངག་མ་ཤེས་པས་སྡུག་ཡུས་མེ་ལོང་མར་དཀྲིས་བཞིན་འདུག་པར་ཁྱེད་ཀྱང་དེ་འདྲ་ཞིག་མིན་ནམ་དྲན་སོང་།

    འདིར་ངེད་གཉིས་བསམ་ཚུལ་གྱི་རྒྱུ་ཆུ་གཙང་པོ་གཅིག་གི་ནང་འདྲེས་སོང་ངོ་།

  5. སྐྱིད་ཉལ་རྒྱག་མཁན། says:
    2010-07-18 at 8:44 am

    ངོ་མས་༸ གོང་ས་མཆོག་བཀའ་དྲིན་ཆེ་བ་ཤེས་ཀྱི་ཡོད་ན་ཕྱིན་ཆད་སྔོན་མ་ནང་བཞིན་༸གོང་ས་མཆོག་གི་ཐུགས་མི་དཀྲུགས་རྒྱུ་གལ་ཆེ། སྔོན་མ་ནང་བཞིན་རྒྱ་མའི་ལག་ཆར་མི་འགྱུར་རྒྱུ་གལ་ཆེ། དེ་ཙམ་ཡིན།

  6. མདོ་ལྷ་ཁམས་པ། says:
    2010-07-18 at 10:39 am

    ད་མི་ཤེས།
    མཚམས་མཚམས་ལ་དཔའ་སྐད་འཐེན་ནས་གྲོས་ཚོགས་ནང་རྒྱ་མཚོའི་གཏིང་ནས་དཀྲུགས།
    མཚམས་མཚམས་ལ་བསྟོད་པ་འཐེན་ནས་༧ཐུགས་དགོངས་རྒྱ་མཚོ་ལས་ཀྱང་ཟབ་ཟེར་བཤད།
    ད་ཞུ་ཚོད་ཐུག་པ་མི་འདུག དཀོན་མཆོག་གིས་མཁྱེན།

  7. བོད་ཀྱི་བུ says:
    2010-07-18 at 3:06 pm

    དཀོན་ཅ་གསམ།
    ད་མང་མང་བཤད་མ་ཐེ།

  8. མེ་ཏོག་དཀར་པོ། says:
    2010-07-18 at 3:40 pm

    ན་ནིང་ལོ་ཡི་རྩོད་གཞི་གཅིག་གིས། །
    ད་ལྟའི་བར་དུ་སྤྱི་འཐུས་ཁོང་ཚོར། །
    ཐ་ཤལ་ཚིག་གིས་སྤྱོས་རང་དྲག་ན། །
    ཏ་ལའི་བླ་མའི་ཐུགས་ལ་ཨེ་བབས། །ང་དང་རྩམ་གཟན་གཉིས་ནུབ་ཕྱོགས་བདེ་ལྡན་ཞིང་གི་མཐོང་ཐོས་ཞེས་པའི་རྩོམ་བྱང་འོག་རྩོད་པའི་སྐབས་ང་འདི་ལྟར་བྲིས་པ་འདི་སླར་མདོ་ལྷ་ཁམས་པ་ལ་ཕུལ་ལོ།།

  9. མདོ་ལྷ་ཁམས་པ། says:
    2010-07-18 at 5:47 pm

    ལྷག་བསམ་བཅོས་མའི་སྤྱི་འཐུས་དག་ནི། །
    གྲོས་ཚོགས་ནང་དུ་སྡོད་ཡུན་རིང་ན། །
    གཞུང་སྒེར་གཉིས་ཀ་ཕུང་ལ་སྦྱོར་བས། །
    དངོས་པོའི་ཚིག་དེ་བརྗོད་ན་ཅི་སྐྱོན། །

    མེ་ཏོག་དཀར་པོ་སེམས་པ་དཀར་ན། །
    རང་གཞུང་གྲོས་ཚོགས་སྤྱི་ལ་དཀར་དགོས། །
    ཕུང་དཀྲུགས་སྣ་འདྲེན་གཅིག་ལ་དཀར་ན། །
    རྐུན་རྒྱབ་ཇག་ལངས་དཔེ་རུ་མཚུངས་སོ། །

  10. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    2010-07-18 at 5:49 pm

    རྒན་བེ་རི་འཇིགས་མེད་ལགས་ཀྱི་གཞས་ཚིག་འདི་ལ་བསམ་ཚུལ་ཐུང་ཐུང་ཞིག་ཞུ་གི་ཡིན།
    དང་པོ།
    མི་ཡུལ་ས་མཐའ་འདི་རུ། ཆོས་ཀྱི་རྩ་བ་ཚུགས་ཡོད་མེད་མི་ཤེས། འོན་ཀྱང་། ནང་ཆོས་དར་སྤེལ་གྱི་ལས་གཞི་མང་པོ་བརྩམས་ཡོད་ལ་གྲུབ་འབྲས་ཀྱང་གང་འཚམས་བྱུང་ཡོད།
    ད་ཕན་བཙན་བྱོལ་བོད་གཞུང་གིས། ཁ་ནས་ཆབ་སྲིད་བཤད་། ལག་ནས་ཆོས་ཀྱི་ལས་ཀ་སྒྲུབ་ནས་བསྡད་འདུག
    གཉིས་པ།
    རིག་གཞུང་ལོ་འདབས་བཀྲ་མི་འདུག་དྲན། བཙན་བྱོལ་དུ་རིག་གཞུང་གི་ལོ་འདབས་སྐམ་འདུག
    སྐམ་སྟངས་དེ་ཡང་གཞུང་གི་བཀའ་བློན་ནས་མི་མང་དཀྱུས་བའི་དབར་དུ་སྐམ་འདུག
    གསུམ།
    སྲིད་ཀྱི་འབྲས་བཟང་ཡང་སྨིན་མི་འདུག་དྲན། ད་དུང་ཡང་བོད་རྒྱའི་གནད་དོན་འདི་ཐག་མ་ཆོད་ནས་ཡོད།
    ང་ཚོའི་གཞུང་གི་ངོས་ནས་རྒྱ་ནག་གཞུང་ལ་རེ་བ་འདྲ་ཞིག་བརྒྱབ་ནས་བསྡད་ཡོད། དེ་ཡང་འབྲས་བཟང་སྨིན་རྟགས་ཤིག་མ་རེད་དྲན།
    གནས་སྐབས་ལ་དེ་ཙམ་ཡིན།

  11. མེ་ཏོག་དཀར་པོ། says:
    2010-07-18 at 6:05 pm

    མེ་ཏོག་དཀར་པོ་སེམས་པ་དཀར་ཡུལ། །
    རང་གཞུང་གྲོས་ཚོགས་སྤྱི་ལ་ཡིན་ན། །
    སྤྱི་འཐུས་རེ་རེ་བསལ་བའི་ཤུལ་ན། །
    གྲོས་ཚོགས་ཞེས་པ་ཁང་སྟོང་ཙམ་རེད། །

    བེ་རི་ཕུ་དཀྲུག་སྣ་འདྲེན་ཡིན་དང་། །
    དེ་ལས་གཞན་ཡིན་ང་ཡི་མི་ཤེས། །
    འདྲ་པར་ཞིག་ལས་མཐོང་མྱོང་མེད་པས། །
    རྐུན་རྒྱབ་ཇག་ལངས་བྱ་དགོས་མེད་དོ། །

    གྲོས་ཚོགས་ཁང་ནང་འཁྲུག་ཆ་མེད་ཅིང་། །
    གང་གསུངས་བཀའ་ལ་ལགས་སོ་ཙམ་གྱིས། །
    གྲོས་ཚོགས་འགྲོ་ལུགས་དེ་འདྲ་ཡིན་ན། །
    གུང་ཁྲན་ཏང་གི་ཚོགས་ཆེན་འདྲ་དོགས། །

  12. མེ་ཏོག་དཀར་པོ། says:
    2010-07-18 at 6:09 pm

    ཡང་ངས་གཅིག་བཤད་སྙིང་འདོད། རྐུན་རྒྱབ་ཇག་ལངས་ཟེར་དོགས་ཀྱིས་མི་བདེ་ཅུང་འདུག་རུང་རིག་འབྱུང་ལ་ཞུ་རྒྱུར། གོང་གི་བེ་རྩོམ་དེ་གཞས་ཚིག་ཅིག་རེད་འདུག་པས་བཟང་ཆ་ནས་བསྟོད་པ་ཙམ་ལས་གནསལུགས་གཏན་ལ་འབེབས་པའི་གཞུང་ལུགས་མིན་སྟབས། ཉིད་ཀྱི་དཔྱད་པ་ཞིབ་ཞིབ་མོ་འདི་འཇའ་ལ་གྲི་བཏབ་པ་དང་འདྲ་འདུག

  13. མདོ་ལྷ་ཁམས་པ། says:
    2010-07-18 at 7:17 pm

    གྲོས་ཚོགས་ནང་དུ་འཁྲུག་ཆ་དགོས་ན། །
    རང་གཞུང་མང་གཙོའི་གཞུང་ལ་བསྒྱུར་ཡོད། །
    རྒྱུ་མཚན་གནས་ལུགས་ཤོད་པར་འདོད་ན། །
    ཤོད་པའི་རང་དབང་བརྒྱ་ཆའི་བརྒྱ་ཡོད། །

    འོན་ཀྱང་གྲོས་ཚོགས་རྭ་བའི་ནང་དུ། །
    ལག་པའི་ཁུར་ཚུར་དམ་དུ་བཅིང་ནས། །
    སུ་ལ་གུས་མེད་སྐད་ཆ་སྦོམ་པོ། །
    བུང་བུའི་ངུ་སྐད་འདོན་དོན་ཅི་ཡིན། །

  14. ཁ་རུ་ཁ་ཐུག says:
    2010-07-19 at 2:52 am

    ཁ་རྒྱག་འདི་ཚོས་ག་རེ་བཤད་ཀྱི་འདུག
    རྒན་བེ་རིའི་གཞས་ཚིག་དེ་ནི་སྤྱིའི་ཆ་ནས་བཤད་ན་ནང་དོན་དང་ཚིག་སྦྱོར་གྱི་ཆ་ནས་མ་རེད་ཟེར་རྒྱུ་མི་འདུག མེ་ལོང་མའི་འགྲོས་ཡིན་ཡང་སྡུག་རྒྱུ་ཅི་ཡོད། དེང་རབས་སྙན་ངག་ཡིན་ཟེར་ནས་ཚིག་རྐང་ཡ་མ་ཆ་འཐོར་དེ་འདྲ་བྲིས་ནས་གཅིག་ཡིན་བསམ་ནས་འདུག་མཁན་ཚོས་ཅང་འཇོན་གྱི་མི་འདུག དེ་ལས་དེ་སྔོན་གྱི་མཁས་པ་མེ་ལོང་མའི་འགྲོས་བཞིན་བྲིས་པ་དེ་ཚོར་བྲོ་བ་ག་འདྲ་འདུག དེ་ཚོ་དངོས་ཡོད་གནས་ཚུལ་རེད།
    འོ་་གཞས་དེ་ཟློས་གར་ཚོགས་པས་བཏང་ཡོད་ན། འཕྲོག་བརླག་བཏང་ཚར་བ་རེད། ཟློས་གར་ཚོགས་པས་དེང་དུས་ཀྱི་གཞས་གསར་རྩོམ་བྱེད་ཤེས་ཀྱི་མ་རེད། དེ་ཡང་དངོས་ཡོད་གནས་ཚུལ་རེད། གཞས་གདངས་དེ་ཚོར་ཅིག་ལྟོས་དང་སྙན་རྒྱུ་ཞིག་ག་པར་འདུག ད་དུང་གཞས་པའི་སྐད་དང་སྒྱུ་རྩལ་གྱི་རྣམ་འགྱུར་དེ་ཚོ་་་་ཨ་ཙ་མ། བོད་གཞུང་ཟློས་གར་ཚོགས་པ་ཞེས་མིང་ཆེན་པོ་ཞིག་ཁྱེར་ནས་་་་་་་་་་་་་་ཡ་ཡ་ད་མང་པོ་མི་བཤད། ཉོབ་སྤྱད་རེད།

  15. སེ་ཚང་བུ་གཞོན་ནས། says:
    2010-07-19 at 3:20 am

    གཞས་ཚིག་བ་ལགས།
    མི་ལོ་ལྔ་བཅུ་ཐམ་པ།།
    མི་ཡུལ་སྡོད་དགོས་ཐུག་ཀྱང་།།
    མི་སྨོན་རང་སྐྱིད་བྱུང་སོང་ཟེར་བ་དེ། ཡང་ང་ཚོ་བོད་རིགས་རྣམས་ལ་རྩ་བ་ནས་བྱུང་མ་སོང་ཡ། མི་ལོ་ལྔ་བཅུའི་རིང་བཀའ་ངལ་དང་སྡུག་བསྔལ་ལས་མི་སྨོན་དང་བདེ་སྐྱེད་ཞིག་མཐོང་མ་སོང་ཞེས།
    ཡང་་་ སྲིད་ཀྱི་འབྲས་བཟང་སྨིན་སོང་།།་་་ཟེར་བ་དེ་ཅི་ཕྱིར་བརྗོད་པ་ཡིན་ནམ། གར་སྲིད་དེ་འདྲ་ཡིན་ན་ང་ཚོས་རྒྱ་དར་རྒྱལ་ས་ལྷ་ས་རུ་ཅི་ཕྱིར་མི་བསྒྲིངས་བ་ཡིན་ནམ། རང་བཙན་ཟེར་ཡོངས་ཁྱབས་གསར་བསྒྲགས་གང་བྱས་མི་བྱེད་པ་ཡིན་ནམ། ཡང་ན་མི་འདོད་པ་ཡིན་ནམ་ཕ་ཆེར་ཡིན་ཚོད་མིན།

  16. ཀརྡོ་རབ་འབྱམས་པ་ says:
    2010-07-19 at 5:32 am

    གཞས་ཀྱི་སྐད་མདངས་ཡག་པོ་བཟོ་ཐུབ་ན། ཚིག་དོན་གྱིས་འཕྱུགས་ཆང་མི་ཡོང་། དང་པོ་གཅིག་གི་གཏོང་དང་དེ་ནས་ཤེས།

  17. ཀརྡོ་རབ་འབྱམས་པ་ says:
    2010-07-19 at 5:33 am

    གཞས་ཀྱི་སྐད་མདངས་ཡག་པོ་བཟོ་ཐུབ་ན། ཚིག་དོན་གྱིས་འཕྱུགས་ང་མི་ཡོང་། དང་པོ་གཅིག་གི་གཏོང་དང་དེ་ནས་ཤེས།

  18. ཀརྡོ་རབ་འབྱམས་པ་ says:
    2010-07-19 at 5:34 am

    གཞས་ཀྱི་སྐད་མདངས་ཡག་པོ་བཟོ་ཐུབ་ན། ཚིག་དོན་གྱིས་འཕྱུགས་པ་ཅང་མི་ཡོང་། དང་པོ་གཅིག་གིས་གཏོང་དང་དེ་ནས་ཤེས།

  19. མེ་ཏོག་དཀར་པོ། says:
    2010-07-19 at 7:11 am

    ལགས་སོ་ལགས་སོ་མདོ་ལྷ་ཁམས་པ། །
    ཁུ་ཚུར་འགྲེང་ཞིང་་གུས་མེད་བྱས་པས། །
    བསྟན་སྲིད་གཉིས་ལ་གཏན་ནས་གནོད་མེད། །
    དེ་བས་སེམས་པ་བརྣལ་དུ་ཕོབ་ཅིག །

  20. མེ་ཏོག་དཀར་པོ། says:
    2010-07-19 at 7:14 am

    མདོ་ལྷ་ལགས། ངས་གཤམ་གྱི་ཉིད་རྩོམ་འདི་སྣང་བར་འགྲོ་ཡོད།

    སྤྱི་ལོ་ ༢༠༡༠ ཟླ་ ༦ ཚེས་ ༧ གི་ཆུ་ཚོད་ ༡༧ སྐར་མ་ ༥༦
    ཁ་བརྡ་མཁན་པོས་ཁ་བརྡ་བཙུགས་པ་ནི། །
    ཁ་བའི་ལྗོངས་ལ་ཕན་ན་སྙམ་པ་ལས། །
    ཁ་བ་ཅན་གྱི་ཕུ་ནུ་མིང་སྲིང་དབར། །
    ཁ་རྩོད་གླེང་བའི་དོན་དུ་མིན་ལས་ཆེ། །

    ཁ་བརྡ་ནང་དུ་ཁ་ཚོད་མ་བཟུང་ན། །
    ཁ་བྱང་མེད་པའི་ཁ་ནག་སྐོར་ཅིག་གིས། །
    ཁ་ཕྱོགས་མེད་པར་ཁ་ཕོ་ཆེ་དྲགས་ནས། །
    ཁ་བརྡའི་ཁ་བརྡ་ཁ་ཐོར་གཏོང་ཉེན་འདུག །

    ཁ་སང་དེ་རིང་ཁ་ཞིག་ཐོགས་ཡོད་ན། །
    ཁ་སྟོང་ཚིག་གི་ཁ་ཤགས་མི་འགྱེད་པར། །
    ཁ་བ་རི་བའི་ཁ་གཏད་གང་ཡིན་དེར། །
    ཁ་ཏ་བསླབ་བྱ་ཁ་ཚ་དགོས་གཏུགས་རེད། །

  21. མདོ་ལྷ་ཁམས་པ། says:
    2010-07-19 at 1:05 pm

    མེ་ཏོག་དཀར་པོས་དེ་སྔོན་ངས་དེ་འདྲ་ཞིག་བྲིས་པར་དོ་སྣང་བྱུང་བར་ཐུགས་རྗེ་ཆེ་ཞུ།
    འོན་ཀྱང་།
    བླ་ན་མེད་པའི་ཁྲིམས་བཟོ་ལྷན་ཁང་དུ། །
    ཁུར་ཚུར་འཕྱར་ཞིང་ངར་སྐད་སྒྲོག་པ་དེས། །
    བསྟན་ལ་མི་ཕན་སྲིད་ལ་གནོད་ཆེ་བའི། །
    ལས་དེ་མ་ཞུས་ན་ཡང་ཀུན་གྱིས་མཁྱེན། །

  22. མེ་ཏོག་དཀར་པོ། says:
    2010-07-19 at 1:11 pm

    བྱ་སྟངས་དེ་ལ་དགའ་བསུ་ངས་མ་ཞུས། །
    བྱ་དགོས་རྒྱུ་མཚན་བོད་དོན་ཡིན་གྱུར་ན། །
    ཉིང་བཅུད་ལེན་ནས་སྙིགས་དེ་དོར་འོས་པ། །
    འདོད་ལྷ་ཁམས་པའི་ཐུགས་ལ་དེ་ལྟར་ཞོག །

  23. ཨོ་རྒྱན།(ཝཱ་ཎ) says:
    2010-07-20 at 2:58 am

    ལོངས་ཤོག__བོད་རིགས་སྤུན་ཟླ།
    གཟིགས་དང་རྒྱལ་སྤྱིའི་ལྷན་ཚོགས༎
    རྒྱལ་རབས་ལོ་རྒྱུས་གཟིགས་དང༌༎
    བདེན་པ་བོད་ལ་ཡོད་ཀྱང༌༎
    ཕམ་ཁ་བོད་པར་བྱུང་སོང༌༎

    གསན་དང་རྒྱལ་སྤྱིའིོ་ལྷན་ཚོགས༎
    རྒྱ་མིའི་རྒྱང་བསྒྲགས་གསན་དང༌༎
    རྫུན་པ་རྒྱ་མིས་བཤད་ཀྱང༌༎
    རྒྱལ་ཁ་རྒྱ་མིར་ཐོབ་སོང༌༎

    སོམས་དང་འཛམ་གླིང་མི་མང༌༎
    བདེན་པའི་གཏམ་ལ་གསན་ནས༎
    བདེན་པའི་དཔང་པོར་ཕེབས་ཤོག།
    རྫུན་པའི་དཔང་པོར་གྱིས་ཤོག།

    ལོངས་ཤོག་བོད་རིགས་སྤུན་ཟླ༎
    རང་དབང་ལེན་དུ་ལོངས་ཤོག།
    རང་བཙན་ལེན་དུ་ལང་ཤོག།
    རང་ཡུལ་ལེན་དུ་ལང་ཤོག།

    ཀི་ཧི་ཧི་བོད་རྒྱལ་ལོ།

  24. གཙང་ཁའི་བུ says:
    2010-07-21 at 6:16 am

    འཕན་ ཟེལ་རིན་ཆེན་ལ་བལྟ་ཡི། མགལ་དུམ་ལ་ནི་སུ་ཞིག་དཔྱོད། །ཅེས་པ་ལྟར་དངོས་གནས་བེ་རིཚང་གི་གཞས་ཚིག་ཙམ་ལའང་འདི་འདྲའི་སེམས་ཚོར་རྣོན་ པོས་མཆན་འདོགས་པ་མཐོང་དུས། བེ་རི་ལགས་ཀུན་གྱི་དོ་སྣང་བྱ་སའི་མི་སྣ་གལ་ཆེན་ཞིག་ཡིན་པར་གོ་བྱུང་། ཡང་གཅིག་བཤད་ན། གཅན་བཟོད་རྒྱམ་ཟེར་བས་་བེ་རིས་༸གོང་ས་མཆོག་གི་མཛད་འཕྲིན་ཆུ་བོ་ལས་རིང་ བ་དང་། རྒྱ་མཚོ་ལས་ཟབ་ཞེས་པ་དེ་ལ་འང་ཟུར་ཟ་བྱས་འདུག་པ་དེ་ནི་རང་གི་དེ་ཉིད་གསལ་ བྱེདལས་ཅི་ཡོད། དེ་ལས་བླ་མ་རིན་པོ་ཆེ་འདི་བ་ཚང་ལ་བསྟོད་རྩོམ་ཕུན་སུམ་ཚོགས་པ་རེ་བྲིས་དང་རང་གི་ཚོགས་བསགས་རེད་ལ། བོད་པ་ཚང་གི་ལ་རྒྱ་རེད། ཡང་ལྷ་ཁམས་པས་བཤད་ཚུལ་ལ་ལྟོས་ན། མི་ལ་དཔའ་ཡོད་ན་། བླ་མ་ལ་གུས་ཞབས་མེད་དགོས་པའི་རྣམ་པ་ཞིག་ཀྱང་བསྟན་འདུག སྙིང་རྗེ་མི་ཁྱོད་ཀྱང་དུས་ཚོད་མ་རྫོགས་པའི་སྡུག་བསྔལ་ཡོད་མཁན་ཞིག་ཡིན་རྒྱུ་ རེད། རེད། ལྷ་ཁམས་པ། དཔའ་སྐད་འཐེན་མཁན་དང་། དཔུང་པ་ངོམས་མཁན། སྤྱི་ཚོགས་ཕུང་དཀྲུགས་སློང་མཁན་སུ་ཡིན་སྤྱི་འཐུས་བརྙན་འཁོར་ལ་གཟིགས་དང་གསལ་ བོར་མཐོང་གིན་རེད། ཡང་གཅིག་བཤད་ན། བསྟོད་རྩོམ་ཤིག་གི་མཆན་ལ། སྤྱི་འཐུས་ནང་གི་རྙོག་གླེང་སོགས་འབྲེལ་མེད་ཐམས་ཅད་སྐྱོ་སྔོགས་བྱེད་མཁན་གྱི་ ཁྱི་རྒན་དེ་ཚོ་ལ་ཕུང་དཀྲུགས་སློང་མཁན་ཟེར་ཀྱང་མི་ཆོག་པ་མེད་སྙམ།
    སེ་ཚང་བུ་མོ་ལགས། བཙན་བྱོལ་ནང་སློབ་གྲྭ་དང་། ཆོས་སྡེ་ཁག དེ་བཞིན་གཞིས་ཆགས་ཐམས་ཅད་ཀྱི་རིག་གཞུང་དང་ཁོར་ཡུག དཔལ་འབྱོར་སོགས་ཕྱོགས་གང་འཐད་ནས་བསམ་ན་༸འཕགས་པ་སྤྱན་རས་གཟིགས་ཀྱིསཐུགས་ བྱིན་གྱིས་སྐྱིད་ཤེས་ན་སྐྱིད་སྣང་འཁོར་ཆོག་པ་ཞིག་ཏུ་གྱུར་ཡོད།
    མདོར་ན། སྐྱེས་སྦྱོང་ཤེས་རབ་རྩལ་གྱིས་འགྲན་ནུས་དབེན། །
    ཕྲག་དོག་ནག་པོ་བརྩེགས་པ་མགྲིན་པར་བསུས། །
    གཡོ་ཅན་ཝ་མོའི་རིས་བརྒྱུད་ཁྱུ་ཞིག་གིས། །
    ཕྱོགས་རིས་ཁ་དམག་རྣོ་བའི་གྲུ་ག་ནས། །
    དྲན་དབང་དགེ་འདུན་ཆོས་འཕེལ་སྨྱོན་པ་དང་། །
    སྨྲ་དབང་དོན་གྲུབ་རྒྱལ་མཆོག་རག་བཟི་ཡི། །
    སྐུ་ཚེ་མཇུག་བསྡུ་དགོས་པའི་ལོ་རྒྱུས་དེ།
    །སླར་ཡང་ཁ་ཏ་ནག་པོས་སྐྲུན་པར་མཐོང་། །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (68)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme