Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

འབུམ་རམས་པ་རིག་འཛིན་ལྷུན་གྲུབ་ལགས་སྐབས་ ༡༧ པའི་དབུས་གཙང་སྤྱི་འཐུས་སུ་འོས་པའི་རྒྱུ་མཚན་དྲུག

Posted on 2021-03-26 By ཁ་བརྡ No Comments on འབུམ་རམས་པ་རིག་འཛིན་ལྷུན་གྲུབ་ལགས་སྐབས་ ༡༧ པའི་དབུས་གཙང་སྤྱི་འཐུས་སུ་འོས་པའི་རྒྱུ་མཚན་དྲུག

དགེ་བཤེས་གྲགས་པ་དོན་ལྡན།

འབུམ་རམས་པ་རིག་འཛིན་ལྷུན་གྲུབ་ལགས་ནི་སྐབས་བཅུ་བདུན་པའི་དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁའི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མིར་འོས་གྲངས་ཚད་མཐོ་པོས་ཚུད་པའི་གནའ་དེང་ཤེས་ཡོན་ཟུང་ལྡན་གྱི་འབུམ་རམས་པ་གཅིག་པོ་དེ་ཡིན་ལ།   ཁོང་ནི་ཤེས་སྤྱོད་གང་ལ་གཞིགས་ཀྱང་ད་རེས་དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁའི་སྤྱི་འཐུས་ཀྱི་འོས་ཆོས་ཡོངས་སུ་ཚང་པའི་གཞོན་སྐྱེས་ཤེས་ལྡན་པ་ཞིག་ཡིན་པས་ད་རེས་ཕྲན་གྱིས་ཁོང་སྤྱི་འཐུས་སུ་འོས་པའི་རྒྱུ་མཚན་དྲུག་གཤམ་དུ་འགོད་རྒྱུ་ཡིན།

༡༽ཁོང་ནི་གནའ་དེང་གི་ཤེས་ཡོན་གྱིས་ཕྱུག་པས་ད་བར་ཆེད་རྩོམ་དང་འགྱུར་རྩོམ་སོགས་མི་ཉུང་བ་ཞིག་བཙན་བྱོལ་སྤྱི་ཚོགས་ཀྱི་དུས་དེབ་དང་ཚགས་ཤོག་ཁག་ལ་སྤེལ་ཡོད་ལ།<<བདེན་པ་དང་འཚེ་བ་མེད་པའི་སྦྱོར་བ་ཕྱག་བཞེས>>ཞེས་པའི་༧རྒྱལ་བའི་མཛད་པ་དང་འབྲེལ་བའི་དཔེ་དེབ་གྲགས་ཅན་ཞིག་ཀྱང་དབྱིན་ཡིག་ནས་བོད་སྒྱུར་གནང་ཡོད་པས་ཁོང་ནི་རྩོམ་པ་པོ་ཞིག་ཡིན་ལ་ལོ་ཙཱ་བ་ཞིག་ཀྱང་ཡིན།ཁོང་གིསའདས་པའི་མི་ལོ་བཅོ་ལྔ་ལྷག་ནང་དོན་རིག་པ་གཙོ་འགྱུར་གྱི་སྲོལ་རྒྱུན་རིག་གནས་ཆེ་ཁག་ལ་སློབ་སྦྱོང་མཐར་ཕྱིན་གནང་ཡོད་ལ། མ་ཟད་ཁོང་ནི་སྲིད་དོན་ཚན་རིག་གི་སློབ་མཐར་ཡང་ཕྱིན་པས་ཆབ་

སྲིད་ཀྱི་འགོ་ཁྲིད་བྱེད་རྒྱུའི་ཤེས་འཇོན་ནུས་གསུམ་འཛོམས་པའི་གཞོན་སྐྱེས་ཞིག་ཡིན་པར་བརྟེན་ད་རེས་བོད་མི་མང་སྤྱི་འཐུས་ནང་ཁོང་ལྟ་བུ་ངེས་པར་དུ་ཕེབས་དགོས་འདུག།

༢༽ཁོང་ནི་བོད་པའི་ཆབ་སྲིད་ཐོག་ཡུན་རིང་ནས་དོ་སྣང་ཡོད་ཁར་ད་བར་རྩ་དོན་ལ་སྨན་པའི་ལས་འགུལ་སྣ་མང་སྤེལ་མྱོང་བས་ལས་འགུལ་བ་ཞིག་ཡིན་ལ།ཆབ་སྲིད་ལྟ་གྲུབ་དབུ་མ་དང་རང་བཙན་མེ་སྤུ་བཞིན་དུ་མི་འཛིན་པར་ལོ་རྒྱུས་ཀྱི་བདེན་དཔང་དང་བཅས་བོད་རང་བཙན་རྩོད་དགོས་པ་དང་།ཡང་བོད་མི་རིགས་དང་རིག་གཞུང་བསྟན་སྲིད་བཅས་འཕྲལ་མར་སྐྱོབ་སླད་དབུ་མའི་ལམ་གྱི་སྲིད་བྱུས་ལ་ཁ་ཞེད་གཉིས་མེད་ཀྱིས་ཡིད་ཆེས་བློ་འགེལ་གྱིས་ཆར་པ་ཆུ་གྲོགས་དང་ཉི་མ་མེ་གྲོགས་སུ་འགྱུར་ཐབས་ཡོད་དགུ་བཏོན་ཏེ་ཆོལ་གསུམ་ཆོས་བརྒྱུད་དང་བཅས་པ་དམ་ཚིག་གོང་བུ་ཆིག་སྒྲིལ་ཡོང་བར་འབད་སྤུང་རང་ནུས་གང་ལྕོགས་གནང་དང་གནང་མུས་ལགས་པས་ཁོང་སྤྱི་འཐུས་ནང་ངེས་པར་དུ་སླེབས་དགོས་འདུག

༣༽ཁོང་ནི་༧རྒྱལ་བའི་བཀའ་དགོངས་ཐོག་ཁ་ཞེ་གཉིས་མེད་ཀྱིས་ཤར་སྐྱོད་བྱེད་མཁན་ཞིག་ཡིན་ལ།ལྷག་དོན་༧རྒྱལ་བའི་བཀའ་དང་དགོངས་པ་ལོག་འགྲེལ་བྱེད་མཁན་སུ་ཡིན་ཡང་དེ་དག་ལ་གདོང་ལེན་མཐའ་གཅིག་ཏུ་གནང་རྒྱུའི་ཆོད་སེམས་རི་ལྟར་བརྟན་པ་མ་ཟད་དེ་ལྟར་གནང་ཐུབ་པའི་བློ་སྟོབས་དང་ཤེས་ཡོན་ལྡབ་གཤོག་གཉིས་ལྡན་ཞིག་ཀྱང་ཡིན་པས་དབུས་གཙང་ཆོལ་ཁའི་སྤྱི་འཐུས་ནང་ཁོང་ད་རེས་མེད་ཐབས་མེད་པ་ཞིག་ཡིན།

༤༽ཁོང་གིས་༸གོང་ས་མཆོག་གིས་གནང་བའི་བླང་དོར་ལམ་སྟོན་དང་བོད་པའི་སྤྱི་ཚོགས་གནས་བབ་དབར་ལ་སྟོང་ཆ་ཆེན་པོ་ལུས་ཡོད་པ་གཟིགས་ཤིང་།ལྷག་པ་མི་རབས་གསར་པ་ཚོས་ད་ལྟའི་ཆར་སྤྱི་ཚོགས་ཀྱི་འགན་འཁུར་བྱེད་ཕྱོགས་ལ་གནའ་དེང་ཟུང་འབྲེལ་གྱི་ལེགས་ཆ་ཤེས་པར་བྱེད་དུ་བཅུག་ཏེ་བོད་པའི་ཐུན་མིན་གྱི་རིག་གཞུང་སྔར་ལས་ལྷག་པའི་སྒོ་ནས་འཛིན་སྐྱོང་སྤེལ་གསུམ་དང་སྦྲགས་དེང་རབས་གཞོན་སྐྱེས་ཚོར་དེང་དུས་དང་འཚམ་པའི་སྒོ་ནས་རང་གི་རིག་གཞུང་ལ་སྤྲོ་བ་དང་བཅས་བའི་སྒོ་ནས་འགན་འཁུར་རྒྱུར་གོ་རྟོགས་སྤེལ་རྒྱུའི་ལས་འཆར་ཚད་ལྡན་ཡོད་པའི་སྤྱི་འཐུས་འོས་མི་ཞིག་ཡིན་པའི་ཆ་ནས་ཁོང་སྤྱི་འཐུས་སུ་འདེམས་རོགས།

༥༽བཙན་བྱོལ་སྤྱི་ཚོགས་ནང་དབུས་གཙང་ཆོལ་ཁ་ནི་མི་འབོར་མང་ཤོས་ཡིན་པ་དང་སྔོན་བྱོན་མེས་པོ་གོང་མ་ཚོས་དཀའ་སྡུག་བཟོད་བསྲན་གྱིས་རྒྱལ་བའི་བཀའ་དགོངས་ལྷག་བསམ་རྣམ་དག་བསྒྲུབས་སྟེ་རྒྱལ་བ་དགྱེས་པའི་མཆོད་པར་ཕུལ་ཡོད་པར་ངོས་འཛིན་གཙང་མ་ཞུ་མཁན་ཞིག་ཡིན་ལ།ད་ལྟའི་སྐབས་ལའང་རྒྱལ་གཅེས་མི་མང་ཚོས་མི་འབོར་ལ་གཞིགས་པའི་འགན་ཆེ་བ་ཞིག་མེས་པོ་གོང་མ་ཚོ་ནང་བཞིན་འཁུར་དགོས་པ་དང།འགན་འཁུར་དེ་དང་འབྲེལ་ནས་བཙན་བྱོལ་སྤྱི་ཚོགས་ཀྱི་ཡོ་ལངས་ཙམ་མ་ཡིན་པ་༸གོང་ས་མཆོག་ལ་མཛད་དཀའ་མི་ཡོང་བ་དང་སྤྱི་ཚོགས་བབ་ལྷིང་བརྟན་གསུམ་ཡོང་ཐབས་སུ་གང་དགའ་ཅི་དྲག་སྔར་ལས་ལྷག་པར་འབད་བརྩོན་བྱེད་དགོས་པའི་དུས་ཚོད་གལ་ཆེ་ཞིག་ལ་ངོས་འཛིན་གྱིས།གནད་དོན་དེ་ཡི་ཐོག་ཤུགས་གནོན་རྒྱག་རྒྱུའི་བསམ་བློ་དང་ཐབས་ཇུས་གྲབ་བསོག་བྱེད་མཁན་ཡིན་པའི་ཆ་ནས་ཁོང་ལ་འོས་ངེས་པར་དུ་འཕེན་རོགས།

༦༽ཁོང་ནི་ཁ་ཙམ་ཚིག་ཙམ་མིན་པར་བོད་པའི་འཐབ་རྩོད་ཀྱི་བརྒྱུད་རིམ་ནང་༸གོང་ས་མཆོག་ནི་འཐབ་རྩོད་ཀྱི་བླ་སྲོག་ལྟ་བུར་ཡིན་པ་ངོས་འཛིན་གཙང་མ་གནང་མཁན་ཞིག་ཡིན་ལ།༧རྒྱལ་བའི་བཀའ་ལ་བརྩི་བཀུར་དང་བཀའ་གང་ཐུབ་སྒྲུབ་རྒྱུ་དེ་བོད་པའི་འཐབ་རྩོད་ནང་ནས་མཆོག་ཏུ་འགྱུར་བ་ཞིག་དང་དགྲ་བོ་རྒྱ་དམར་ལ་རྒོལ་ལན་ཆེ་ཤོས་དང་།བོད་མི་ནང་ཁུལ་མཐུན་ལམ་གྱི་ཟམ་པར་ངོས་འཛིན་གྱིས་མི་དམངས་ཚོ་ཡང་ལམ་དེར་ཁྲིད་ཐབས་ལྷོད་མེད་བྱེད་དགོས་པ་མཐོང་མཁན་རེད་ལ་ཁོང་རང་ཉིད་ཀྱང་འབད་ཐབས་བྱེད་མཁན་ཡིན་པའི་ཆ་ནས་ཁོང་སྤྱི་འཐུས་སུ་ངེས་པར་ཕེབས་དགོས་ངེས་ཤིག་ཡིན་པར་སོང་།དབུས་གཙང་རྒྱལ་གཅེས་མི་མང་གིས་ཁོང་ལ་རྒྱབ་སྐྱོར་ཅི་ནས་ཀྱང་གནང་སྐྱོང་ཡོད་པ་ཞུ།། །།

བསམ་ཚུལ།

Post navigation

Previous Post: རྨི་ལམ་དམར་དམར་པོ།
Next Post: ཨ་རོ་ཡེ་ཤེས་འབྱུང་གནས་དྲན་པའི་ངག་ 《 སྒྱུ་མ་ཆེན་པོ་ 》

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme