Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཨ་རིའི་ལོ་རྒྱུས་ནི་མི་རིགས་དབྱེ་འབྱེད་ནས་འགོ་ཚུགས་པ་ཡིན།

Posted on 2021-03-182021-03-18 By ཁ་བརྡ 1 Comment on ཨ་རིའི་ལོ་རྒྱུས་ནི་མི་རིགས་དབྱེ་འབྱེད་ནས་འགོ་ཚུགས་པ་ཡིན།

བཞག་ལྡོམ་ལྗང་ལོ། 

ཨ་རི་ནི་འཛམ་གླིང་དམག་འཁྲུག་གཉིས་པའི་རྗེས་སུ་རྒྱལ་ཁབ་གཞན་པའི་བསྟུན་མཁས་བྱེད་དགོས་ས་ཞིག་ཡིན་ཞིང་། འགྲོ་བ་ཡོངས་ཀྱིས་ཡིད་སྨོན་ཤོར་སའི་མང་གཙོ་དང་འབྱོར་བ་ལྡན་པའི་རྒྱལ་ཁབ་ཅིག་རེད། འོན་ཀྱང་། ཞིབ་དུ་ཨ་རི་བའི་ལོ་རྒྱུས་སུ་སློབ་སྦྱོང་བྱེད་པ་ཡིན་ན་དེའི་ལོ་རྒྱུས་ཀྱི་ཟུང་ཁྲག་རྒྱུ་བའི་བའི་འགོ་ཚུགས་པ་ནས་བཟུང་དེ་རིང་བར་དུ་མི་རིགས་དབྱེ་འབྱེད་ཀྱི་འཁོན་སེམས་ནི་ནམ་ཡང་ཡལ་མེད།

དཔེར་ན། ཡོ་རོབ་པ་ཚོར་ཨ་རི་ནས་གཏན་དུ་ཁྱིམ་གཞི་རྙེད་རྗེས་སུ་མི་དཀར་ཚོས་ཡུལ་དེ་གདོད་མའི་མི་རིགས་ཀྱི་འཚོ་བའི་གོམས་གཤིས་དང་སྐད་ཡིག་གི་རང་དབང་འཕྲོག་ཅིང་། མཐའ་ན་རང་གི་ཕ་གཞིས་ནས་སྡོད་དབང་མེད་པར་ཨ་རིའི་སྲིད་འཛིན་བདུན་པ་Andrew Jackson གྱིས་ཁོང་ཚོ་རྒྱང་འཕུད་བཏང་སྟེ་དགུན་ཀྱི་ཁ་བ་དང་ལྷགས་རླུང་གི་ཁྲོད་ནས། རྒན་དར་གཞོན་གསུམ་རྣམས་གྲང་ལྟོགས་གིས་མནར་ནས་ཤི་ཞིང་མིག་ཆུའི་འགྲུལ་གཞུད་རིང་མོ་(Trail of Tears)ཞེས་བཟོད་དཀའ་བའི་སྡུག་གི་ལས་དབང་སྐྱུར་མོ་ཞིག་ཨ་རིའི་གདོད་མའི་མི་རིགས་ཀྱིས་སྟེང་ལ་ཡོང་བ་རེད།

སྤྱི་ལོ་༡༨༦༠ ཙམ་གྱི་ནང་དུ་རྒྱ་ཡུལ་ནས་ཡོང་བའི་རྒྱ་ནག་བ་ཚོ་ཨ་རིའི་མེ་འཁོར་ལྕགས་ལམ་བཟོ་གྲྭའི་ངལ་རྩོལ་ལས་དཀའི་ནང་དུ་ཞུགས་ཤིང། ཧ་ཅང་ཉེན་ཁ་ཆེ་བའི་རིགས་ཁོང་ཚོར་བྱས་དུ་བཅུག་པ་རེད་མོད། འོན་ཀྱང་། ཁོའི་ཚོའི་ལས་གླ་ནི་མི་དཀར་ལས་ཉུང་བ་མ་ཟད། སྐབས་རེ་ལྕགས་ལམ་བཟོས་ཚར་རྗེས་སུ་སྦྱིན་བདག་གིས་ལས་གླ་སྤྲད་པའི་ཚབ་དུ་རྒྱའི་ངལ་རྩོལ་བ་ཚོ་བསད་དེ་བེམ་པོ་རྣམས་གནས་དེ་ནས་ས་འོག་ལ་བསྡུས་བའི་ལོ་རྒྱུས་ཡོད་པ་རེད། 

འཛམ་གླིང་དམག་འཕྲུག་གཉིས་པའི་སྐབས་ཨ་རི་ནས་སྐྱེས་ཤིང་ཨ་རི་ནས་རྒས་བའི་ཉི་ཧོང་བ་རྣམས། ཨ་གཞུང་གིས་མི་རིགས་གཞན་པ་ལས་ལོགས་སུ་བཀར་ཏེ་ངལ་རྩོལ་(concentration camps )བསྒྱུར་བཀོད་རྭ་བ་བའི་ནང་ནག་ཉེས་ཅན་གྱི་བཙོན་མ་བཞིན་བསྡུས་ནས་འགྲོ་འདུག་གི་རང་དབང་འཕྲོག་པ་མ་ཟད། དམག་མིས་མེ་མདའི་སོ་ཁ་ཁོང་ཚོར་ཉིན་མཚན་ཀུན་དུ་གཏད་ནས་བསྡད་ཡོད་པ། ཨ་རིའི་རྟོག་བཟོ་འམ་འཆར་ཡན་རིང་ལུགས་ཀྱི་གློག་བརྙན་<<Star Trek>>ནང་གི་མི་སྣ་ Hikaru Sulu་ཁྲབ་མཁན་ཉི་ཧོང་བ་George Takei ཡིས་སྐབས་དེའི་ཁོའི་ཉམས་མྱོང་གཞིར་བཞག་ནས་རི་མོའི་དེབ་<<They Called Us Enemy>> Google Books ཞེས་བ་བྲིས་ནས་འཛམ་གླིང་ལ་ཨ་རིའི་ཉི་ཧོང་བའི་དཀའ་སྡུག་བཤད་ཡོད་པ་རེད། 

དེ་རིང་རྒྱ་ནག་ནས་བྱུང་བའི་རིམས་ནད(COVID-19)་ཀྱིས་རྐྱེན་བྱས་ནས་ཨ་རིའི་རིགས་རུས་དབྱེ་འབྱེད་རིང་ལུགས་བ་ཚོ། ཨེ་ཤ་ཡའི་མི་རིགས་ལ་སྔར་ལས་འཁོན་སེམས་ཆེར་རུ་སོང་ནས་ཨ་རིའི་གྲོང་ཁྱེར་མང་ཆེ་བའི་ནང་ཨེ་ཤ་ཡའི་རྒན་གཞོན་དང་། ཕོ་མོ་དབྱེ་བ་མེད་པའི་སྟེང་ལ་བརྙས་བཅོས་སྣ་ཚོགས་བྱས་དང་བྱེད་ཀྱིན་ཡོད་པ་རྒྱུན་ལྡན་ལྟ་བུར་ཆགས་ཡོད་པ་དང་་། རྒྱུན་ལྡན་དུ་ཆགས་པའི་རྒྱུ་མཚན་གཙོ་བོ་ཞིག་ནི་ཨ་རིའི་སྲིད་འཛིན་ཟུར་བ་Trump དང་ཁོའི་ཕྱོགས་གཏོགས་བ་ཚོས་མི་རིགས་དབྱེ་འབྱེད་ཀྱི་ཆབ་སྲིད་དྲིལ་བསྒྲགས་ལ་བརྟེན་ནས་ཡིན་པ་ཆབ་སྲིད་དཔྱད་བརྗོད་ཀུན་ཀྱིས་བཤད་ཀྱི་འདུག   

 STOP AAPI HATE  དྲྭ་བ་ལྟར་ན་ཨེ་ཤ་ཡའི་མི་རིགས་སྟེང་ལ་སྡང་ཟུག་དང་དྲག་རྒོལ་བྱས་བ་༥༠༠༠ཙམ་ཟིན་ཡོད་པ་དང་། དེ་དག་ལ་བརྟེན་ནས་ཨེ་ཤ་ཡའི་མི་རིགས་འགའི་ཚེ་སྲོག་ཀྱང་ཤོར་བ་རེད། ཡང་ཨ་རིའི་མངའ་སྡེ་California སློབ་ཆེན་(CSUSB)གྱིས་འཁོན་འཛིན་མཐར་ལྷུང་རིང་ལུགས་བའི་སྐོར་ལ་ཞིབ་འཇུག་བྱས་བའི་(Hate and Extremism)སྙན་ཞུ་ལྟར་ན། སྤྱིར་སྟངས་འཁོན་འཛིན་ལ་བརྟེན་ནས་ཁྲིམས་འགལ་རིགས་རྒྱ་ཆ་༧%མར་ཆགས་ཡོད་ཀྱང་ཨེ་ཤ་ཡའི་མི་རིགས་སྟེང་ལ་སྡང་ཟུག་བྱེད་ཀྱི་ཡོད་པ་ཨ་རིའི་གྲོང་ཁྱེར་ཆེ་བ་བཅུ་དྲུག་ནང་རྒྱ་ཆ་༡༥༠%ཙམ་ཡར་འཕར་ཡོད་པ་བྲིས་བ་དེ་དག  ཨ་རིའི་VOA དབྱིན་ཡིག་སྡེ་མཚན་གཙོའི་གསར་ཁང་ཚད་ལྡན་མང་ཆེ་བའི་ལུང་འདྲེན་ཀྱི་འདུག

གཞན་ཁ་སང་ཨ་རིའི་མངའ་སྡེ་Georgia་ནས་ལོ་ན་༢༡ ཡིན་པའི་མི་དཀར་ཞིག་གིས་ཨེ་ཤ་ཡའི་མི་རིགས་ཀྱིས་གཉེར་བའི་སྐུ་མཉེ་ཁང་གསུམ་དུ་དྲག་རྒོལ་བྱས་ནས་ཨེ་ཤ་ཡའི་བུ་མེད་དྲུག་དང་མི་རིགས་གཞན་པ་གཉིས་བཅས་དམར་བསོད་བྱས་འདུག། ལག་དམར་མའི་ལྟ་བའི་སྐོར་ལ་བཤད་ཚུལ་སྣ་ཚོགས་ཡོད་ཀྱང་དྲང་མོ་བཤད་ན་རིགས་རུས་དབྱེ་འབྱེད་ཀྱིས་འཁོན་འཛིན་བརྟེན་ནས་ཡིན་པ་ཆུ་ཤེལ་བཞིན་གསལ་བོ་རེད། རྒྱུ་མཚན་ནི་། དེ་ན་གྲངས་ལས་འདས་བའི་སྐུ་མཉེ་ཁང་ཡོད་པ་ལས་དེ་དག་ཁོ་ན་ཁོས་བདམ་ཡོད་པས་ཡིན། 

 མཐའ་མ། མི་རིགས་དབྱེ་འབྱེད་པ་ནི་དཀོན་མཆོག་གི་ཞིང་ས་སྙེག་པའི་ཆོས་བ་ཚོ་དང་། འཇིག་རྟེན་པའི་ཁྱིམ་ཐབས་སྐྱོང་བའི་ཚོང་བ་རྣམས་དང་། གཡོ་སྒྱུ་ཆེ་བའི་ཆབ་སྲིད་པའི་ནང་ན་ཡོད་པ་དང་། ད་དུང་ཁྲང་ལམ་ན་ཞོགས་ཇ་རོགས་ན་ནུབ་ཇ་མི་རྙེད་པའི་སྤྲང་འཆམ་པའི་ནང་ནའང་ཡོད་པའི། དེ་ནི་ཨ་རིའི་ལོ་རྒྱུས་འགོ་ཚུགས་པ་ནས་མཇུག་མ་བསྡུས་བར་དུ་ལོ་རྒྱུས་ཀྱི་ཟུང་ཁྲག་ནང་སྙིང་གི་འཕར་རྩ་དང་ལྷན་དུ་གནས་ངེས་་ཡིན་བས་གྲངས་ཉུང་མི་རིགས་སོ་སོས་རང་གི་བདེ་སྐྱིད་ཆེད་དུ་རང་དབང་རྩོད་དགོས་བ་རེད། དེ་བྱེད་མ་ཐུབ་ན་རང་ཉིད་ནམ་ཡང་གཞན་པས་བརྙེས་བཅོས་བྱེད་ཡུལ་དུ་གྱུར་བ་ནང་བཞིན་མ་འོངས་བའང་མུ་མཐུད་ནས་འགྱུར་ངེས་ཡིན། 

https://www.voanews.com/usa/race-america/hate-crimes-targeting-asian-americans-spiked-150-major-us-cities

https://www.cnn.com/videos/us/2021/03/14/anti-asian-american-violence-margaret-cho-nr-sot-vpx.cnn

Original Reports on Hate and Terrorism from Center Staff | Center for the Study of Hate and Extremism | CSUSB

གསར་འགྱུར།, བསམ་ཚུལ།

Post navigation

Previous Post: ༧རྒྱལ་བའི་སྐུ་ཕྱྭ་དང་བསྟན་སྲིད། སྐྱེ་འགྲོ་ཡོངས་བདེ་བའི་ཞབས་རིམ།
Next Post: བོད་རྒྱལ་ལོ་སྐོར་ལ་འཆད་ཁྲིད་ཐེངས་གཅིག

Comment (1) on “ཨ་རིའི་ལོ་རྒྱུས་ནི་མི་རིགས་དབྱེ་འབྱེད་ནས་འགོ་ཚུགས་པ་ཡིན།”

  1. བསྟན་འཛིན་སྤེན་པ says:
    2021-04-28 at 3:26 pm

    གསོད་དགོས་རྒྱུ་དེ་གསོད་དགོས། ཚར་དགོས་རྒྱུ་དེ་ཚར་དགོས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme