Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མོན་གྷོ་གཞིས་ཆགས་ཀྱིས་ཏོག་དབྱིབས་ནད་ཡམས་སྐབས་གཟེངས་སུ་ཐོན་པའི་ལས་དོན་བསྒྲུབས་པར་རྒྱ་གར་གྱིས་གཟེངས་བསྟོད་ཕྱག་འཁྱེར་གནང་ཡོད་པ།

Posted on 2021-02-20 By ཁ་བརྡ No Comments on མོན་གྷོ་གཞིས་ཆགས་ཀྱིས་ཏོག་དབྱིབས་ནད་ཡམས་སྐབས་གཟེངས་སུ་ཐོན་པའི་ལས་དོན་བསྒྲུབས་པར་རྒྱ་གར་གྱིས་གཟེངས་བསྟོད་ཕྱག་འཁྱེར་གནང་ཡོད་པ།

དོན་འགྲུབ་བཀྲ་ཤིས།

ཉེ་ཆར་ཕྱི་ཟླ་༢ཚེས་༡༨ཉིན་རྒྱ་གར་ལྷོ་ཕྱོགས་ཀར་ལྦར་རྫོང་ཁོངས་སུ་ཏོག་དབྱིབས་ནད་ཡམས་ལ་མཉམ་རུབ་ཀྱི་གདོང་ལེན་གྱི་ལས་དོན་ལེགས་པོ་བསྒྲུབས་གནང་མཁན་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་ཚུད་པའི་ས་གནས་ཁག་བཞི་ནས་མི་བཞི་ལ་གཟེངས་བསྟོད་ཀྱི་མཛད་སྒོ་ཞིག་མོན་གྷོ་ཀར་ལྦར་རྫོང་དུ་ཚོགས་པ་དང་གཞིས་འགོ་ལྷག་པ་ཚེ་རིང་ལ་རྫོང་དཔོན་མཆོག་གི་ཕྱག་ནས་གཟེངས་བསྟོད་ཕྱགས་འཁྱེར་གསོལ་རས་གནང་ཡོད་པ་རེད། གཟེངས་བསྟོད་གནང་དགོས་དོན་དེ་ཡང་འདས་པའི་ལོ་གཅིག་ཙམ་རིང་རྒྱ་ནག་ནས་ཁྱབ་པའི་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་གྱི་ཛ་དྲག་གནས་སྐབས་སུ་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་ཀྱི་ཏོག་དབྱིབས་ནད་ཡམས་ཛ་དྲག་ཚོགས་ཆུང་གིས་གཙོ་བོ་འགན་ཁུར་སྣེ་ཁྲིད་འོག་གཞིས་ཆགས་ནང་གི་དགོན་སྡེ་གྲྭ་ཚང་ཁག་དང་སྡེ་ཚན་ཁག་དང་མང་ཚོགས་ནས་རྒྱ་གར་དབུས་དང་མངའ་སྡེ་གཞུང་གི་ལམ་སྟོན་བཀོད་ཁྱབ་གཞིར་བཟུང་ནད་ཡམས་ལ་གདོང་ལེན་ལེགས་པོ་གནང་བ་དང་ལྷག་དོན་དུ་དབུས་དང་མངའ་སྡེ་སོ་སོར་ཧིན་སྒོར་འབུམ་ཕྲག་མར་མང་པོའི་ཞལ་འདེབས་ཕུལ་བ་རྒྱ་གར་ས་གནས་ཡུལ་མིར་ཟ་ཆས་ཀྱི་རོགས་རམ་རྒྱ་ཆེ་གནང་བཅས་ནད་ཡམས་ཀྱི་ཛ་དྲག་སྐབས་སུ་མཉམ་རུབ་ཀྱི་གཟེངས་སུ་ཐོན་པའི་ལས་དོན་ལེགས་པོ་བསྒྲུབས་པའི་ངོས་འཛིན་དུ་ཀར་ལྦར་རྫོང་དཔོན་ཕྱག་ནས་གཟེངས་བསྟོད་ཕྱག་འཁྱེར་དེ་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་ཀྱི་ཏོག་དབྱིབས་ནད་ཡམས་ཛ་དྲག་ཚོགས་ཆུང་གི་འགན་འཛིན་མོན་གྷོ་འདོད་རྒུ་གླིང་གི་ས་གནས་འགོ་འཛིན་ལྷག་པ་ཚེ་རིང་ལགས་སུ་གནང་ཡོད་པ་དང་སྦྲགས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་འདུག་དེ་ཡང་གཞིས་འགོ་ལྷག་པ་ཚེ་རིང་ལགས་ཀྱིས་འགྲེལ་བརྗོད་གནང་སོང་།

ཕྱོགས་མཚུངས་ས་གནས་གཞིས་འགོའི་ངོས་ནས་ཀྱང་གཟེངས་བསྟོད་དེ་གནང་བར་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་ཀྱི་སྐྱ་སེར་མང་ཚོགས་ཡོངས་ཀྱི་ཚབ་ཞུས་ནས་ཐུགས་རྗེ་ཆེ་ཞུས་པ་དང་ལྷག་དོན་དུ་རྒྱ་གར་དབུས་དང་མངའ་སྡེ་གཞུང་དམངས་གཉིས་ནས་ད་བར་བཙན་བྱོལ་བོད་མིར་མཐུན་འགྱུར་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས་མུ་མཐུད་རོགས་རམ་གནང་སྐྱོང་ཡོང་བའི་འབོད་སྐུལ་དང་ད་དུང་ཏོག་དབྱིབས་ནད་ཡམས་སྐབས་རྫོང་དཔོན་ནས་ས་གནས་ལ་ཆེད་ཕེབས་ཀྱིས་སྔོན་འགོག་ལས་དོན་ལ་རྟོག་ཞིབ་དང་མཐུན་གྱུར་རོགས་རམ་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་སྲུང་བརྩི་གནང་ཕྱོགས་བཅས་ལ་ཡང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་གནང་འདུག་སྒྲ་་་ད་དུང་ཉིན་དེར་ས་གནས་ཀྱི་རྫོང་དཔོན་གསར་རྙིང་འཕོ་འགྱུར་གྱི་ཉིན་མོ་ཡང་ཁེལ་ཡོད་སྟབས་རྫོང་དཔོན་གསར་པར་འཚམས་འདྲི་དང་སྦྲགས་མོན་གྷོ་བོད་མིའི་གཞིས་ཆགས་ངོ་སྤྲོད་དང་རྫོང་དཔོན་གོང་མ་ལྟར་བོད་མིའི་གཞིས་ཆགས་ལ་མུ་མཐུད་མཐུན་གྱུར་རོགས་རམ་དང་རྒྱབ་སྐྱོར་ཡོང་བ་མ་ཟད་ལྷག་དོན་གཞིས་ཆགས་ནང་ད་ཡོད་དཀའ་ངལ་ཆེ་ཤོས་ལམ་ཁ་དང་ས་རྡོ་ལག་འཛིན་གྱི་དཀའ་ངལ་དེ་སེལ་ཐབས་ཡོང་བའི་འབོད་སྐུལ་ཞུས་གནང་འདུག

མཛད་སྒོ་དེ་ནི་གར་གྱི་གསར་ཁང་གྲགས་ཅན་་ཌྲི་ཀེན་ ཧིརལ་ཌྲི་དང་ཀར་ན་ཀྲ་ཀའི་གསར་ཁང་པརཱ་ཇ་ལྦ་ནི་གཉིས་ནས་Decan Herald and Prajavani གོ་སྒྲིག་འོག་ཚོགས་པ་ཞིག་རེད་འདུག ཐེངས་འདིའི་ཏོག་དབྱིབས་ནད་ཡམས་སྔོན་འགོག་གདོང་ལེན་གཟེངས་བསྟོད་དེ་ནི་རྒྱ་གར་གྱིས་བོད་མིར་གནང་བའི་ནད་ཡམས་ལས་དོན་གྱི་གཟེངས་བསྟོད་ཐོག་མ་ལྟ་བུ་ཡིན་པ་རེད་འདུག

དེ་དང་ཆབས་ཅིག་མོན་གྷོ་འདོད་རྒུ་གླིང་དུ་རྟེན་གཞི་བྱས་པའི་གདན་ས་གྲྭ་ཚང་ཁག་གི་དགེ་འདུན་པ་རྣམས་ཏོག་དབྱིབས་ནད་ཡམས་ཁྱབ་པ་ནས་ད་བར་དུས་ཡུན་ལོ་ངོ་གཅིག་ལ་ཉེ་བའི་རིང་དགོན་པའི་ཕྱི་ལ་གཏན་ནས་སྐྱོད་མ་ཆོག་པའི་དམ་དྲག་ནན་པོ་གནང་ཡོད་ཀྱང་གཞིས་ཆགས་ནང་ཞབས་བརྟན་གནང་མཁན་དགེ་འདུན་པ་མ་རགས་པ་སོགས་ཀྱི་དཀའ་ངལ་ལ་དམིགས་ནས་བོད་ཀྱི་ལོ་གསར་གོང་ནས་བཟུང་གདན་ས་དགའ་ལྡན་དང་འབྲས་སྤུངས་ར་སྟོད་གྲྭ་ཚང་ས་སྐྱའི་དགོན་པ་བཙུན་དགོན་བྱང་ཆུབ་ཆོས་གླིང་བཅས་ཀྱི་དགེ་འདུན་པ་རྣམས་གཞིས་གྲོང་ཁག་ནང་ཕེབས་ཆོག་པ་བཟོས་འདུག་འོན་ཀྱང་གྷོ་དང་ཧུབ་ལི་གྲོང་ཁྱེར་ལ་སྔར་བཞིན་ཕེབས་ཆོག་གི་མེད་པའི་རེད་འདུག་དེ་ཡང་འབྲས་སྤུངས་ལ་ཕྱི་ཟླ་དང་པོའི་ཚེས་༢༨ ནས་ལྷུག་ཡངས་སུ་བཏང་དགོས་དོན་སྐོར་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་མཁན་རིན་པོ་ཆེ་བློ་བཟང་བསམ་གཏན་ལགས་ཀྱིས་གསུང་དོན་སྒྲ།།

ཡིན་ན་ཡང་སྦེལ་ཀོབ་བོད་མིའི་གཞིས་སུ་རྟེན་གཞི་བྱས་པའི་གདན་ས་ཆེན་པོ་སེ་ར་ཐེག་ཆེན་གླིང་དང་རྣམ་གྲོལ་གླིང་།བཀྲིས་ལྷུན་པོ་བཅས་སྦེལ་ཀོབ་ཁུལ་གྱི་དགོན་སྡེ་ཁག་དང་ཧུན་སུར་གཞིས་ཆགས་ནང་རྫོང་ཆོས་གྲྭ་ཚང་དང་བརྒྱུད་སྨད་གྲྭ་ཚང་བཅས་གཞིས་ཆགས་གཞན་ཁག་ནང་གནས་ཡོད་པའི་དགོན་སྡེ་གྲྭ་ཚང་ཁག་སྔར་བཞིན་དགོན་པའི་ཕྱི་ལ་སྐྱོད་ཆོག་གི་མེད་པ་རེད་འདུག

རྒྱ་གར་ལྷོ་ཕྱོགས་གསར་འགོད་པ་དོན་གྲུབ་བཀྲིས།

གསར་འགྱུར།

Post navigation

Previous Post: བུ་མོ་བཀྲ་ཤིས་སྒྲོལ་མ།
Next Post: ཚེ་རིང་ནད་མེད་བདེ་བར་གནས་ཐབས་ཀྱི་ལུས་སྦྱོང་སྟབས་བདེ་ཕྱོགས་བསྡུས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme