Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཚོང་པ་རྒན་པོ།

Posted on 2021-02-19 By ཁ་བརྡ 1 Comment on ཚོང་པ་རྒན་པོ།

རྔ་བ་ཀུན་བཟང་།

མྱུར་དུ་ལས་ལ་ཆས་རྒྱུ་ནི་འཚོ་བ་གང་ལ་གྲུབ་འབྲས་ཐོབ་པའི་རྐྱེན་ཐོག་མ་དེ་ཡིན་བ་ངས་ནར་སོན་གྱི་ལོ་ཟླའི་ཁྲོད་ནས་གོ་མྱོང་། རྒས་རྒྱུ་མེད་པའི་སེམས་པ་ཞིག་ཡོད་པའང་འཚོ་བ་དེ་དང་དེའི་ཁྲོད་ཀྱི་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་རྨི་ལམ་གཉིས་ཀྱིས་མཚོན།

དེ་རིང་ཞོགས་པ་འུར་འུར་ཟང་ཟིང་གི་སྲང་ལམ་ནས་ངས་ཚོང་པ་རྒན་པོ་ཞིག་མཐོང་། དེས་ང་འགྲོ་སའི་ལམ་གྱི་གཡས་ཕྱོགས་ས་ཐོག་ན་ལྷམ་དང་། དོར་མ། སྟོད་ཐུང་། ཞྭ་མོ་སོགས་རས་དཀར་ཆེན་པོ་ཞིག་གི་ཐོག་ལ་རེ་རེ་བཞིན་གཙང་མ་བཟོ་བཞིན་འདུག སྐབས་དེར་ངས་རྐང་འཁོར་ཁ་བཀག་ནས་སྐར་མ་འགར་བལྟས་སྡད་པ་ཡིན། འོན་ཀྱང་ཚོང་པ་རྒན་པོ་དེས་ངས་འདི་ལྟར་དོ་སྣང་བྱེད་ཀྱིན་ཡོད་མེད་ག་ལ་ཤེས། ད་དུང་ཁོང་གིས་ཉིན་གཅིག་གི་ཚོང་རྫས་རྣམས་གཙང་མ་བཟོས་ནས་སུ་ལ་ཡང་ལྟ་ཁོམ་མེད།

རེད་དེ། ཚོང་པ་རྒན་པོ་དེ་གོ་རྟོགས་མཐོ་བའི་མི་ཞིག་ཡིན་པ་ཧ་ཅང་གསལ། ཚོང་རྗས་ཉུང་ཡང་བཙོང་ཡུལ་ཧ་ཅང་མང་ལ་ད་དུང་ཡར་མར་གྱི་འགྲོན་པོ་མང་བའི་ལམ་དཀྱིལ་ནས་གདོང་འཛུམ་དམུལ་དམུལ་གྱི་ངང་དུ་གནས།

ཡང་ཅིག་བཤད་ན། ཁོང་རང་གི་ཁྱིམ་གྱི་ཆ་རྐྱེན་ཞན་ཙམ་ཡོད་པ་དང་། ནང་ལ་བྱིས་པ་དང་ལས་མེད་ཀྱི་མནའ་མ་ཞིག་ཀྱང་ཡོད་ནོ་ཁོ་ཐག་རེད། རྒྱུ་མཚན་ནི་ཁོང་རང་གི་གདོང་ལ་བཅོས་མའི་འཛུམ་མདངས་ཙམ་ལས། སྤྲོ་སྐྱིད་དང་སྟོབས་ཤུགས་བཅས་ཀྱི་རྣམ་པ་གང་ཡང་མཐོང་དཀའ།

ད་དུང་། ཁོང་རང་གི་ལག་པ་གཡས་གཡོན་གཉིས་ཀའི་ཐོད་སེར་ཁ་གས་བས། སེམས་བཟང་གི་མི་ཞིག་གིས་མཐོང་ན་བཟོད་དཀའ་བའི་ན་ཟུག་སྐྱེས་ངེས། གལ་ཏེ་ཁོང་གི་བྱིས་པ་དང་མནའ་མ་ཚོས་མཐོང་ན་དེ་བས་ཀྱང་སྙིང་རྗེ་ནི་ཞིག་རེད། སྐུ་གཟུགས་ཐུང་ལ་ཁ་སྤུའི་གཡས་གཡོན་ན་ཟས་སྙིག་ཀྱང་འགོས་འདུག གང་ལྟར་ཁ་སྤུ་ལ་གཅེས་སྤྲས་གནང་མེད་ནོ་ཧ་ཅང་གསལ། རེད་ཡ། ཁྱིམ་ཚང་གི་འཚོ་བ་དང་བདེ་སྐྱིད་ལ་བརྩོད་ལེན་བྱེད་དུས། གནམ་འོག་གི་ཕ་མ་རྣམས་ཀྱིས་རང་ཉིད་འཇིག་རྟེན་ན་ཡོད་མེད་ཀྱང་བརྗེད་མཁན་མང་། ཀུན་ལས་དམིགས་བསམ་ཆེ་བ་ཞིག་ཡོད་པ་ནི། ཁོང་ཚོའི་བློ་དང་འབད་པ་རེད།

མཚམས་དེར་ངས་སྣང་མེད་ངང་རྐང་འཁོར་བཏང་ནས་ཡོང་བ་ཡིན། འོན་ཀྱང་། ད་ལྟ་བསམས་ན་སྲང་ལམ་གཡས་གཡོན་གྱི་ཚོང་པ་ཆུང་ཆུང་རིགས། མི་མང་དཀྱུས་མའི་ཁྲོད་ཀྱི་དཔའ་བོ་རེད་ལ། ཁོང་ཚོའི་བསམ་བློའི་གོ་རྟོགས་མཐོ་བ་དང་། གཞན་ལས་ལྷག་པའི་གུས་བཀུར་དང་མོས་སེམས་བསྐྱེད་དགོས་པའི་རྣམ་པ་མངོན་ནོ།།

2021/2/18
སྲང་ལམ་གྱི་ཟ་ཁང་ནས་བྲིས།

ལྷུག་རྩོམ།

Post navigation

Previous Post: ང་ཚོས་མཉམ་དུ་བོད་ཡིག་འབྲི་བཞིན་ལྷག་དཀར་བསུ།
Next Post: བོད་མི་གསུམ་འཛིན་བཟུང་བྱས་ཏེ་གར་སོང་ཆ་མེད་དུ་གྱུར།

Comment (1) on “ཚོང་པ་རྒན་པོ།”

  1. དོན་གྲུབ་བཀྲ་ཤིས says:
    2021-02-21 at 9:39 am

    ཡག་པོ་བྲིས་འདུག་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme