Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

འཇིག་རྟེན་ཀུན་སྐྱོབ་ཆེན་པོ།

Posted on 2021-02-02 By ཁ་བརྡ 4 Comments on འཇིག་རྟེན་ཀུན་སྐྱོབ་ཆེན་པོ།

དུར་བྱང་།

གོ་ལའི་སྐྱེ་འཆིའི་འཇིགས་པ་བརྩེ་བས་གཟིགས།།
མགོན་བྲལ་སེམས་ཅན་དག་ནི་ཉེ་བར་བཟུང་།།
སྣོད་བཅུད་གང་ལའང་བྱམས་བརྩེས་མ་ལྷོད་པ།།
འཇིག་རྟེན་ཀུན་སྐྱོབ་ཆེན་པོར་ཕྱག་འཚལ་ལོ།།

ཕན་ཚུན་གཅིག་ཏུ་བརྟེན་པའི་འོ་སྐོལ་ཚོས།།
འབྱུང་བཞིའི་རྒུད་པ་ཞིབ་མོ་བློ་ཡིས་དཔྱད།།
ཉེན་བཟློག་དུས་སུ་བབས་པ་ཡང་དུ་ཡང་།།
འཛམ་གླིང་མཁས་རྒུའི་ཚོགས་ལ་གཏམ་དུ་བྱས།།

འཇིག་རྟེན་རྒུད་པ་མཐའ་དག་རྒྱུ་ལས་བྱུང་།།
རྒྱུ་རྐྱེན་གང་ཡིན་འཚོལ་ལ་འབད་པར་བགྱི།།
རང་གིས་བྱས་པའི་ཉེར་ལེན་ལས་བྱུང་བའི།།
རྐྱེན་ངན་ཐོག་ཏུ་བབས་པ་བསམ་པར་རིགས།།

ཉེན་ཁའི་ཕྱོགས་སུ་ལྷུང་བའི་སྲིད་པའི་ཁམས།།
ཕན་ཚུན་ཁག་འགེལ་བྱེད་པ་བླུན་པོའི་ལུགས།།
དཀའ་བས་དཀའ་བ་དང་དུ་ལེན་ནོ་ཞེས།།
ནུས་པ་གཅིག་བསྡུས་མཛད་པ་ཁྱོད་ལས་སུ།།

སྔོ་ལྗང་རྩི་ཤིང་འདེབས་ལས་ལ་སྐུལ་བ།།
དྭངས་གསལ་གཙང་ཆབ་གྲོན་དུ་སྐུལ་བ་ཀུན།།
མདོར་ན་གཞན་དོན་ཡིན་གྱི་གཞན་གྱིས་མིན།།
སྣོད་ཀྱི་འཇིག་རྟེན་སྐྱོབ་མཛད་ཁྱོད་ལ་འདུད།།

སྣོད་བཅུད་ཟུང་ཡང་རྟེན་འབྲེལ་ཉིད་ལས་བྱུང་།།
བདེན་པའི་གཤིས་སུ་གྲུབ་པ་བསྙོན་དུ་དབེན།།
དེས་ན་ལེགས་ཚོགས་མ་ལུས་འབྱུང་བའི་གནས།།
བརྩེ་བས་རང་རྒྱུད་ཟིན་གལ་ཡང་ཡང་གསུངས།།

ཆོས་ལུགས་གང་ལའང་འབྲེལ་བ་མ་ངེས་པའི།།
ལྷན་སྐྱེས་སེམས་དོན་རིག་པའི་བཟང་སྤྱོད་འདི།།
བསླབ་པའི་ཚན་ཁག་ཅིག་ཏུ་རྒྱུན་ཆགས་ན།།
བྱམས་བརྩེའི་འཇིག་རྟེན་འབྱུང་བ་ཞལ་གྱིས་བཞེས།།

ཡུམ་ཆེན་ལས་བྱུང་བྱམས་བརྩེའི་ས་བོན་ཉིད།།
གཅེས་པར་འོས་པའི་ནོར་གྱི་མཆོག་ཡིན་ཞེས།།
འཛམ་གླིང་སྐྱེ་འགྲོའི་ཚོགས་ལ་གདམས་པ་ཡིས།།
རེ་བའི་འབྱུང་འགྱུར་གནངས་པ་བཀའ་དྲིན་ཆེ།།

ཆོས་དང་མ་འབྲེལ་ཁྲིམས་ལུགས་ཡོད་ཆོག་པ།།
ཆོས་ལུགས་མེད་པར་བཟོ་འདོད་གཏན་མ་ཡིན།།
སྨྲ་བ་སྣ་ཚོགས་བྱུང་བ་སྣ་ཚོགས་པ།།
ཀུན་ཁྱབ་སེམས་ཁུར་བསྔགས་པའི་ཡུལ་དུ་དྲངས།།

ཆོས་འདོད་རྣམས་ལ་ཆོས་ཀྱི་ཆེ་བ་འཆད།།
ཆོས་མིན་རྣམས་ལའང་བཟང་བོ་སྤྱོད་པ་བསླབས།།
ཀུན་གྱི་རྩ་བ་བྱམས་བརྩེའི་འཇིག་རྟེན་ལ།།
རེ་བའི་ཉམས་ལེན་ནམ་མཁའི་མཐའ་རུ་ཁྱབ།།

“གང་ལ་གང་འདོད་དེ་ལ་དེར་སྟོན་པ།།”
འདོད་རྒུ་འབྱུང་གནས་བདག་གི་ལྷ་ཆེན་པོ།།
བྱ་དཀའི་མཛད་འཕྲིན་མིག་གིས་མཐོང་བཞིན་དུ།།
ད་དུང་ངོ་མཚར་མ་བྱུང་བདུད་ཀྱིས་བསླུས།།

དོན་མིན་དོན་དུ་འཁྲུལ་བ་འགའ་ཞིག་གིས།།
མཁས་པའི་ཚོགས་ལ་ནམ་ཡང་ཀྱལ་ཀ་སློང་།།
འདི་འདྲའི་བྱས་པ་ཕྲན་ཚེགས་ལ་བརྟེན་ནས།།
དགེ་བའི་ལམ་སྣ་ཟིན་པར་བྱིན་གྱིས་རློབས།།

གཟིགས་དང་ཉམ་ཐག་འགྲོ་བ་ང་ཅག་ལ།།
སྐྱབས་དང་རེ་ས་ཁྱོད་ལས་གཞན་མེད་ན།།
ཁྱེད་སྐུ་སྐད་ཅིག་ཙམ་ལའང་དྲན་པ་ཡིས།།
བདེ་དགའ་དཔག་མེད་སྦྱིན་ལ་གསོལ་བ་འདེབས།།

ཉེ་བའི་ཆར་༸གོང་ས་མཆོག་གིས་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བའི་བཀའ་སློབ་ཁག་ཅིག་འཛམ་གླིང་ན་སྙན་གྲགས་ཆེ་བའི་ཧར་ཝིར་ཊི་གཙུག་ལག་སློབ་གྲྭའི་དཔལ་འབྱོར་རིག་པའི་སློབ་དཔོན་ཆེན་མོ་དང་སློབ་ཕྲུག་ཚོགས་ལ་བཀའ་སློབ་གནང་བ་ཁག་ཅིག་ལ་མཇལ་རྗེས། སློབ་མའི་གྲལ་ཙམ་དུ་གཏོགས་པ་དུར་བྱང་ཞེས་འབོད་པས་ཨོ་གླིང་གི་མཚོ་འགྲམ་ནས་བརྗེད་ཐོའི་ཚུལ་དུ་བྲིས་པ་དགེའོ།། 2021/2/1 ཉིན།

 

སྙན་ངག

Post navigation

Previous Post: སྐུ་ངོ་སྤེན་ཚེའི་རྒྱབ་སྐྱོར་བ་ཚོར་ཟློ་བ།
Next Post: པན་ཆེཎ་དྲན་གླུ།

Comments (4) on “འཇིག་རྟེན་ཀུན་སྐྱོབ་ཆེན་པོ།”

  1. Jigwang Abharu says:
    2021-02-06 at 6:52 pm

    བསྟོད་དོ་དུར་བྱང་ཆེད་རྩོམ་འདི་ལ་བསྟོད།
    མགོན་པོ་མཆོག་གིས་གོ་ལ་སྤྱི་ཡོངས་ལ།
    བྱམས་དང་བརྩེ་བ་ཅན་གྱི་གདམས་ངག་འདི།
    འགྲོ་བ་སེམས་ཅན་ཀུན་གྱི་བདེ་རྩར་ཕན།
    གོ་ལར་བདག་གཅེས་གནང་རྒྱུ་བརྗེད་མི་རུང།

  2. ཚེ་བརྟན་འགྱུར་མེད། says:
    2021-02-06 at 11:05 pm

    སྤྱི་ནོར་༧ གོང་ས་མཆོག་གི་གདམས་པ་རྣམས་འཛམ་གླིང་སྐྱེ་འགྲོ་ཀུན་གྱི་འདི་ཕྱིའི་འདོད་དོན་ཆེད་གནང་བ་དང་། བཀའ་སློབ་གནང་སའི་གནས་ཡུལ་དང་གནང་སའི་ཞིང་སུ་ཡིན་ལ་ཁྱད་མེད་པས་ཚང་མར་འབྲེལ་ཆགས་ཡོད་ན་ཉམས་སུ་ལེན་ཆོག་པ་དང་ལེན་དགོས་གལ་ཡིན། ལྷག་པར་དུ་ཤ་རྩ་གདོང་དམར་གྱི་བརྒྱུད་པ་རང་རེ་བོད་མི་རྣམས་ནས་ངེས་པར་དུ་བཀའ་བཞིན་བསྒྲུབས་པ་མཆོད་པའི་རབ་གཉེས་པའི་རྟེན་འབུལ་ཞིག་ཞུ་དགོས་གལ་ཡང་། སོ་སོའི་དགོས་དབང་ལས་དེ་ལྟར་མ་ཞུ་མཁན་མི་ཉུང་བ་ཡོད་འདུག དཔེ་ན་། ༧ གོང་ས་མཆོག་གི་བུད་མེད་ཀྱི་དཔལ་ཡོན་ལ་ཆེ་བསྟོད་རྟག་ཏུ་གནང་བ་མ་ཟད་ལྷག་དོན་འཛམ་གླིང་དབུ་ཁྲིད་ནང་བུད་མེད་མང་དག་ཅིག་ཕེབས་ཐུབ་ན་འཛམ་གླིང་བདེ་སྐྱིད་དང་བྱམས་བརྩེ་ལྡན་པའི་གནས་ཞིག་ཀྱང་བསྐྲུན་ཐུབ་པའི་ཐུགས་རེ་ཆེན་པོ་གནང་གི་ཡོད་ཀྱང་། ཁོང་གིས་བཀྲིན་ལས་ཚེ་འདིའི་ལྟོ་གོས་གནས་གསུམ་དང་ཕྱི་མའི་ལམ་སྣ་འདྲེན་པའི་ཞལ་དུ་དཀའ་བའི་བཀྲིན་གྱི་འཚོ་བའི་གང་ཟག་ཞིག་ཡིན་ནའང་ ༢༠༢༡ སྲིད་སྐྱོང་གི་འོས་མི་ནང་འོས་མི་གཞན་ལས་ཁྱད་དུ་འཕགས་པ་མེད་ནའང་གཞན་ལས་དམན་པ་ཅི་ནས་ཀྱང་མེད་པའི་བུད་མེད་ཀྱི་འོས་མི་ལ་མང་པོས་འོས་འདེམས་ཞུས་མེད་པ་མཐོང་ཆོས་དེ་རེད། དེ་ལས་ལྡོག་ཏེ་མང་པོ་ཞིག་ནས་ ༧ ཁོང་ཐུགས་འགལ་གྱི་གནས་ཡུལ་སྤེན་པ་ཚེ་རིང་སྲིད་སྐྱོང་འོས་མིར་འོས་ཞུས་ཡོད། ཤེས་བཞིན་དུ་ཁྱད་གསོད་ཞུས་མ་རེད་དམ། ཆོས་བྱེད་པ་ཡིནནའང་རེད། འཛིག་རྟེན་པ་ཡིན་ནའང་རེད་བཀྲིན་བསམ་ཤེས་མ་ཐུབ་མཁན་རེད་སྙམས།།

  3. གནམ says:
    2021-02-08 at 8:46 pm

    ཕྱོགས་ཚོགས་ཚོང་དོན་ལ་སངས་རྒྱས་ཕམ་པར་བྱེད་པོ།
    རང་དོན་སྙན་གྲགས་ལ་སངས་རྒྱས་ལག་ཆ་བྱེད་པོ།
    འཇིག་རྟེན་མགོ་སྐོར་ལ་སངས་རྒྱས་གདན་ཞུ་བྱེད་པོ།
    འདིའི་མགོ་མཇུག་གི་གཏེ་བོ་གཏེ་མོ་ཚང་མར་སངས་རྒྱས་མ་མཏོགས་གུས་ཞུ་མེད།
    སངས་རྒྱས་སླུ་པའི་ཚོགས་ལ་ནམ་ཡང་མགོ་མ་མཁོར། སྟོད་མ་འཐེན།

  4. དུར་བྱང་། says:
    2021-02-08 at 8:47 pm

    ཚེ་བརྟན་འགྱུར་མེད་ལ་ཞུ་དོན། ཁྱེད་རང་གི་ལྟ་ཚུལ་དང་ངའི་རྩོམ་ཡིག་གཉིས་ཀ་འབྲེལ་བ་ཅི་ཡང་མི་འདུག སྐབས་འདི་འདྲ་ལ་ད་གཟོད་རང་སེམས་ཞི་བར་གནས་པ་གལ་ཆེའོ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme