Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྤུན་ཟླའི་འདུ་ཤེས།

Posted on 2021-01-182021-01-18 By ཁ་བརྡ No Comments on སྤུན་ཟླའི་འདུ་ཤེས།

གངས་དཀར་སེམས།

སྐྱིད་གསུམ་སྡུག་གསུམ་དུས་རབས་ཕྱེད་ལྷག་རིང་།
སྐྱིད་སྡུག་མཉམ་དུ་བྱུང་བའི་སྤུན་ཟླ་ཚོ།
ཕ་ས་མ་གཞིས་བོར་ནས་ཡུལ་འཁྱམས་རྣམས།
སེམས་པ་འཁྱག་ལ་འབྱར་ཡང་སེམས་གསོ་ཡོང་ཁུངས་མེད།

ཐོག་མར་ངའང་ཁུ་སིམ་མེར་བསྡད་ཡོད།
ཕྱི་ནས་ཐན་སྐད་སྣ་ལ་གཟེན་ཡང་སྡུག་སྒོམ་རྒྱག
ནང་ནས་སྡིག་སྐད་རླབས་བཞིན་འཕྱོའང་ལྷོད་དུ་ཕབ།
ནང་རུལ་ཅན་ཚོས་མཐུན་སྒྲིལ་གཏོར་འདོད་ཧ་ཅང་གསལ།

འཐབ་རྩོད་དང་འཁྲུག་འཛིང་ལ་དགའ་མཁན་མིན་པའི་རྐྱེན་གྱིས།
ཞི་བདེ་དང་བྱམས་སེམས་ལ་དུང་བའི་སྟོབས་ཀྱིས།
ངས་ནང་ཁུལ་གྱི་འུར་ཟིང་དེ་ཆེ་སར་སླེབས་ཀྱང་།
མིག་བཙུམ་ཙམ་དང་སྣ་གཉེར་ཙམ་གྱིས་བཞག

དེ་ནས་རྫོགས་རྒྱུ་མེད་པའི་ཁ་བདེ་ཚོར་ཟུར་བལྟས་བྱས།
ད་བལྟས་ཡོང་དུས་ཁ་བདེ་ཚོས་འུར་དོན་གཙོ་བོ་ནི།
ང་ཚོ་མ་གཏོགས་མི་མ་རེད།
ཨོང་མདོར་མ་གཏོགས་ཤ་མི་འདུག་ཅེས་པ་དེ་ཡིན་ཚོད།

བཙུམ་ནས་སྡོད་ན་ལྐུགས་པ་རེད་ཟེར་སྲིད།
གཡོལ་ནས་སོང་ན་འོན་པ་རེད་ཀྱང་ཟེར་སྲིད།
སྣག་ཐོག་བཙག་འཁེལ་བྱུང་སོང་ཟེར་མི་དགོས།
སྣ་བ་གཏད་ཙམ་བྱུང་ན་དེ་གས་འགྲིག

འོ་ན་བཙན་འཛུལ་བས་ཡུལ་ལུང་འབག་པའི་སྐབས།
སེམས་ཐག་རྦད་བཅད་དཔལ་བསྟུལ་ལང་མཁན་སུ་ཡིན་ནམ།
སྙིང་རྗེ་བྲལ་བའི་དགྲ་བོས་ཡུལ་མི་ར་ལུག་ལྟར་བསད་དུས།
ཕོ་ཟད་མོ་ལ་མ་ཐུག་བར་གྱི་དམ་བཅའ་རྡོ་ལ་བརྐོས་མཁན་སུ།

རྒྱུ་ནོར་ལོངས་སྤྱོད་རླུང་ལ་སྤུད་ནས་དམག་ལ་ཆས།
ཆུང་མ་བུ་རྒྱུད་གཞན་ལ་བཅོལ་ནས་དགྲ་ལ་རྒོལ།
ཨ་ཕ་རྒད་པོའི་བཀའ་བཞིན་ཞུས་ནས་སྙིང་སྟོབས་བསྐྱེད།
ཕུག་འདུན་གྱི་སྙིང་ཁྲག་ཐིགས་པ་སར་འཛར་ཡང་།
སེམས་ལ་རུས་པ་བཅུགས་མྱོང་བའི་འདས་དོན་བརྗེད་ཚར་འདུག་གམ།

གཞན་སྤུན་ཡ་དེ་སྤྱང་གྲུང་ང་ལས་འཛོམས་ཆེ་ཟེར།
ཚང་མས་ཁ་གཅིག་གྲགས་ཀྱིས་དེ་ལྟར་བཤད་སྲོལ་ཡོད།
ངའི་ཤ་ཉེ་འདི་ཉམས་ཆུང་ཡ་རབས་ཡིན་ལས་ཆེ།
ཁ་ཞེ་གཉིས་ཀ་མཐུན་ནས་བྱུང་ན་མ་རེད་མི་ཟེར།

ང་རང་སྤོབས་པ་བསྐྱེད་པར་སྤུན་ཡ་ཚོ་དགའ་ན་བསམ།
ང་རང་སེམས་ཤུགས་ཆེ་བར་ཤ་ཉེས་བསྟོད་ན་སྙམ།
དེའང་མ་བྱུང་བློ་ཕམ་ཡང་ཚུར་ལ་གཟབ་ནས་ཉོན།
ངའི་བཤད་པའི་སྐད་ཆར་ནོར་འཆུག་བཟོ་ལེ་མིན།

སྤུན་ཡ་སྤྱང་གྲུང་འཛོམས་ན་ངའང་དགའ་བས་སྒོམ།
ཤ་ཉེ་ཡ་རབས་ཡིན་ན་ངའང་སྙིང་ནས་དེ་བཞིན་སྤྲོ།
དེ་འདྲ་སེམས་ནས་བསམ་ཡང་དོན་དངོས་སུ།
ཁྱོད་ཚོས་ང་ལ་གཤེ་མ་དགྲ་ལྟར་མཐོང་དོན་ཅི།

དགའ་ན་དགོད་སྒྲ་མཉམ་དུ་མི་སྒྲོག་ལྐོགས་ནས་སྐྱོན་འདོགས་མང་།
སྡུག་ན་མདུན་ནས་མི་ངུ་རྒྱབ་ནས་སྒེར་དོན་ཁོག་བཅང་ངན་ཇུས་སྣ་ཚོགས་གཤམ།
ང་མཐོ་སར་འགྲོ་དུས་སྤུན་ཡས་ངའི་རྐང་པ་ནས་ཕྱི་འཐེན་ལན་གསུམ་བྱས།
ང་རླུང་རྟ་དར་དུས་ཤ་ཉེས་ངའི་ཡོངས་རྫོགས་ཐར་པ་གཏོང་བརྩིས་མེད།

སྤུན་ཡ་ཤ་ཉེས་ངའི་བྱས་རྗེས་ལ་མིག་བཙུམ་ནས་ལོང་བའི་བསྟུལ་ཞུགས་བཟུང་།
དུས་རབས་ཕྱེད་ལྷག་ལོ་ཟླའི་གཉེར་རིས་ཐོད་དུ་བརྐོས།
ལོ་རབས་མང་ཙམ་བརྒྱུད་ཀྱང་ད་དུང་ནང་འཁོན་རྩོད་ལ་བརྩོན།
ང་ངོ་མ་སུན་ནས་ཕྱི་མི་ཞིག་ལ་སྐྱབས་བཅོལ་འགྲོ་ན་འདོད།

ཤ་ཉེས་ཕྱི་དགྲ་ཆར་པར་མི་སྐྲག་ཟེར་ནས་ང་ལ་སྤོབས་པ་སྟེར་མ་མྱོང་།
སྤུན་ཡས་ནང་དགྲ་ཟགས་ཐིགས་སྐྱོན་ཆེ་ཟེར་ཡང་འགོག་བརྩིས་མེད།
སྤུན་ཡས་ཕྱིའི་ནམ་མཁའ་མི་སྲུང་ངའི་སྐྱོན་སྲུང་ནས་ལོ་མང་སོང་།
ཤ་ཉེས་ནང་གི་སྒེའུ་ཁུང་སྲུང་ནས་ཕྱི་ནམ་མཁར་ཕྱོགས་རྩིས་མེད།
སྤུན་ཟླ་ཚོས་ཕྱི་ནས་སྦྱིན་བདག་མཐོང་དུས་ངོ་ལ་གཡོ་འཛུམ་ཤིག་ཤིག
ནང་གི་སྤུན་ཡ་མཐོང་དུས་ང་ཆེ་ང་བཙན་ངོ་སོ་སྟོན་མཁས།
དེ་སྔོན་ཁྱོད་ཚོས་ངན་ཇུས་གཤམ་ནས་ང་ཕམ་ཁར་གཡུགས་མྱོང་བའི་ལོ་རྒྱུས་དེ།
ནམ་མཁའི་ཉི་ཤར་སྤར་མོས་མི་ཁེབས་ས་རིས་ཐང་གསལ་རེད།
ད་དུང་ཡང་ང་ལ་རྒྱལ་ཁ་ཐོབ་བཅུག་བརྩིས་མེད་པ་གང་ཡིན།

དེ་སྔོན་ཁྱོད་ཚོས་སྐྱུག་བྲོ་བའི་ལས་ཀ་མང་པོ་ལས་ཚར་ཡང་།
ད་དུང་ལས་ངན་ངོ་གནོང་དགོས་པར་ངོས་ལེན་ཙམ་ཡང་བྱ་རྩིས་མེད་པ་དེས།
ཀླད་རྙིང་མཁྲེགས་བཟུང་གི་སྤུན་ཟླ་དེ་ཚོ་ནི།
བཅོས་ཐབས་མེད་ཅིང་ཤི་ལ་ཁད་ཀྱི་བན་རོའི་དབྱིབས་ཙམ་ཡིན་པ་ཤེས་སུ་བཅུགས།

སྙིང་ལ་ཁྲག་དམར་འཛར་བཞིན་པའི་ངའི་སྙིང་དམར་པོ་དེ།
ཁྱོད་ཀྱིས་དགྲ་བོའི་མདུན་དུ་བཞག་གི་རེད་བསམ་པ་དེ།
རབ་རུབ་མི་གསལ་ཡང་རྒྱུན་དུ་ནས་ཆད་མ་མྱོང་བའི།
ངའི་རྨི་ལམ་གྱི་ཡུལ་ནས་ཀྱང་རྨིས་མ་མྱོང་།

ང་ཚོ་ལྟ་བ་ལང་ཕྱོགས་མི་གཅིག་ཀྱང་ཆོག
ང་ཚོ་འགྲོ་འདུག་སྤྱོད་གསུམ་མི་མཚུངས་ཀྱང་འོས།
ཁྱོད་ཚོས་ངའི་ཤི་མ་གསོན་གྱི་ལ་རྒྱའི་བླ་སྲོག་དེར།
ཡ་ང་མེད་པའི་སྒོ་ནས་རྡོག་བརྫིས་གཏོང་གི་རེད་བསམ་པའི་ཡུལ་ལའང་མེད།

དུས་རབས་ཕྱེད་ལྷག་རིང་།
འཛམ་གླིང་གི་ས་ཁྱོན་འདིར།
མཐོ་སར་འཛེགས་མ་ཐུབ་ང་མུ་མཐུད་རིམ་པ་དགུ་བརྩིགས་འདིར་ལོ་མང་ལུས།
དེ་ངས་མ་འཇོན་མི་ནུས་མིན་པར་སྤུན་ཟླས་རྐང་པ་ནས་འཐེན་འཐེན་ནས།
ང་ད་དུང་ཡང་གོ་རིམ་དེ་རང་སོར་ལྷག་ཡོད་པ་མཐོང་ཨེ་སོང་།

སྤུན་ཟླ་ཞེས་པའི་མིང་རྫུས་འོག་ཡིབ་བསྡད་པའི་གདུག་པ་ཅན་ཁྱོད་ཚོར།
ཚེ་སྲོག་གི་རིན་ཐང་གཞན་ཞིག་སྟོན་ན་འདོད།
ངས་ཁྱོད་ཚོའི་སྐྱུག་བྲོ་བ་དེར་གཤེ་ཚིག་འབྲུག་སྒྲ་བཞིན་ལྡིར་ན་འདོད།
འོན་ཀྱང་ངས་དེ་འདྲ་མ་ཐུབ་ཁྱོད་ཚོ་ཚེ་ཐར་གཏོང་ནས་ཡོད།
ངས་གླན་ལྐུགས་ཀྱི་མིང་དེ་ད་དུང་ཕྲག་པར་འཁུར་བཞིན།
སྲོག་ལྡན་གྱི་གྲལ་མཐར་ཚུད་ཙམ་གྱི་ངའི་སྤུན་ཟླ་རྣམས།
ངས་རྣམ་ཏོག་སྤུ་ཙམ་མེད་པའི་སྒོ་ནས།
ད་དུང་ཡང་ཁྱོད་ཚོར་གུ་ཡངས་དེ་སྤྲོད་ཡོད་པས།
དེ་ཤེས་པར་གྱིས།
དེ་རྟོགས་པ་བྱོས།

ངས་སྤུན་ཟླ་དགྲ་རུ་འཛིན་ནས་ཁ་གཏད་གཅོག་མི་འདོད།
ངས་སྤུན་ཟླར་ངན་སེམས་བཅང་ནས་གཏོར་མ་བསམ།
ངས་སྤུན་ཟླའི་རྐང་པ་འཐེན་ནས་རྗེས་ལུས་ལ་ཕྱོགས་འདོད་མེད།
ཕ་ས་མ་གཞིས་བོར་བའི་སྡུག་གི་འཁུར་པོའི་སྒང་།
མགོ་སེར་ཚོའི་བཟང་པོ་ཤེས་བྱར་བརྩོན་མི་ཤེས་པར།
ཕན་ཚུན་དགྲ་རུ་འཛིན་ནས་འགྲན་རྩོད་དེ་ཁོ་ནར་འབད་ཅིང་།
རྙིགས་དོར་བཅུད་ལེན་ཙམ་ཡང་མི་ཤེས་པར།
ནུབ་ཕྱོགས་པའི་ཡོངས་རྫོགས་གསེར་དུ་མཐོང་སྟེ།
རང་རིགས་ཀྱི་ཡོད་ཚད་མི་གཙང་བར་ལྟ་བཞིན།
སྤུན་ཟླའི་སེམས་ལ་རྨ་ཁ་དང་སྡུག་ངལ་གཞན་ཞིག་བསྐྲུན་ཞིང་།
ནང་ཁུལ་སྤུན་ཟླ་མིང་སྲིང་དབར་དཀྲུགས་ཤིང་གི
གཞི་མ་དེ་ཁྱོད་ཚོས་བཙུགས་ཟིན།

འོན་ཀྱང་ཕྱི་ནང་གསང་གསུམ་གང་གི་ཁེ་ཕན་ལ་གཞིགས་ཀྱང་།
ངས་ནམ་ཡང་སྤུན་ཟླ་ཚོ་དགྲ་རུ་འཛིན་ནས་ཕམ་ཁར་མི་གཡུག་པའི་ཁེས་ལེན་ཡོད།
ངས་ནམ་ཡང་རང་རིགས་ཀྱི་ལ་རྒྱ་དེ་ཆུ་ལ་མི་བསྐུར་རྒྱུའི་དམ་བཅའ་ཡོད།

ཐབས་ཟད་འུ་ཐུག་པའི་གནས་སྟངས་མཚམས་རེ་ཤར་དུས།
ངས་ཁྱོད་ཚོར་མེས་པོའི་བདེན་པའི་གཏམ་སྟེ།
( གལ་ཏེ་བཅོས་སུ་ཡོད་ན་ནི།
དེ་ལ་མི་དགའ་སུ་ཞིག་ཡོད།
གལ་ཏེ་བཅོས་སུ་མེད་ན་ནི།
དེ་ལ་མི་དགའ་བྱས་ཅི་ཕན། )
བསླབ་བྱ་འདི་ཉམས་ལེན་བྱེད་རྒྱུ་ལས།
གཞན་སུ་ལའང་རེ་ས་མེད་པར་ཤེས།
སྤུན་ཟླ་ཚོས་རིགས་མཐུན་གྱི་ལ་རྒྱ་བཟང་པོ་དང་།
ལྷག་བསམ་ལྡན་པའི་མཉམ་འདུས་ཀྱི་ནུས་པར་ངེས་ཤེས་མ་རྙེད་བར།
ནང་གི་མཐུན་སྒྲིལ་ལ་རྨ་ཁ་བཟོས་ཟིན་པའི་ཤུལ་ལུས་དེར།
ངས་ཀྱང་འཁང་ར་བྱེད་རྒྱུ་ཡོངས་མཚམས་བཞག་སྟེ།
རྙོགས་ཟིང་གི་ཤུལ་ནས་རེ་བའི་ཐག་སྣེ་ཞིག་འཚོལ་ཐབས་བྱེད།
བདེན་པར་ཕྱོགས་ཅིང་དྲང་ངེས་ཀྱི་རྩམ་པ་ཞིབ་ཏུ་འཐག་སྟེ་ལེགས་ཆའི་བྲོ་བ་མྱོང་རྒྱུ་དང་།
ཕུག་རྒྱང་ཟབ་པོར་རིང་ནས་ལྟད་མོ་བལྟ་ནས་སྡོད་རྒྱུ་ཡིན།

སྙན་ངག

Post navigation

Previous Post: གཏམ་མཐའ་མ།
Next Post: ཨ་རིའི་མང་གཙོ་ལ་ཇི་ལྟར་རྒོལ་ན་དེ་ལྟར་བརྟན་དུ་འགྲོ

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme