Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དབུས་འོས་བསྡུ་ལྷན་ཁང་ལ་སྤྱི་དམངས་ཀྱི་འོས་བསྡུའི་ཐོབ་ཐང་འཕྲོག་པའི་འགན་དབང་མེད།

Posted on 2021-01-022021-01-02 By ཁ་བརྡ 13 Comments on དབུས་འོས་བསྡུ་ལྷན་ཁང་ལ་སྤྱི་དམངས་ཀྱི་འོས་བསྡུའི་ཐོབ་ཐང་འཕྲོག་པའི་འགན་དབང་མེད།

ཅོག་རོང་བ།

ཉེ་ཆར་དབུས་འོས་བསྡུ་ལྷན་ཁང་གིས་བཀྲ་ཤིས་ཚེ་རིང་དང་མི་ལ་རང་བཙན་ལ་སོགས་པའི་སྤྱི་དམངས་ཀྱི་འོས་བསྡུ་ལ་ཞུགས་པའི་ཐོབ་ཐང་འཕྲོག་ཡོད་པའི་བརྡ་ཁྱབ་ཅིག་སྤེལ། ངས་བལྟས་ན་དབུས་འོས་བསྡུ་ལྷན་ཁང་གིས་དེ་ལྟར་སྤྱི་འཐུས་ལ་སོགས་པའི་སྤྱི་དམངས་བཅུ་བདུན་ལྷག་གི་རྩ་ཁྲིམས་ཐོབ་ཐང་འོལ་ཚོད་ཀྱིས་འཕྲོག་ན་ཁྲིམས་ལ་མི་གནས་པར་འདོད། རྩ་ཁྲིམས་ལག་བསྟར་བྱེད་པའི་རྒྱལ་ཁབ་གང་རུང་དུ་འོས་བསྡུའི་ཆ་རྐྱེན་ཚང་བའི་སྤྱི་དམངས་ཞིག་གི་འོས་བསྡུ་ལ་ཞུགས་པའི་ཐོབ་ཐང་འཕྲོག་དགོས་ན་ཐོག་མར་སྤྱི་དམངས་དེར་ཉེས་སྤྱོད་ལྡན་པས་ཁྲིམས་ཁང་གིས་མི་དེ་ཉེས་ཅན་ཡིན་པའི་ཞལ་ལྕེ་བཟློག་མེད་དུ་བཅད་ནས་གང་ཟག་དེའི་འོས་བསྡུ་ཐོབ་ཐང་འཕྲོག་གོ་ཞེས་ཐ་ཚིག་བསྒྲགས་པའི་ཆོ་ག་ཚང་བར་བསྒྲུབ་ན་མི་དེ་འོས་བསྡུ་ཐོབ་ཐང་ད་གཟོད་གནས་སྐབས་དང་དུས་ངེས་མེད་དུ་འཕྲོག་ཆོག་པ་ནི་ཡོངས་གྲགས་ཀྱི་ལས་ཀ་ལས་སྟངས་རེད། འོ་སྐོལ་གྱི་བཅའ་ཁྲིམས་དང་སྒྲིག་གཞི་ལ་གཞིར་བཞག་ནས་བཤད་ན་སྤྱི་དམངས་ཤིག་འོས་བསྡུར་ཞུགས་ཆོག་མིན་ཐག་གཅོད་པའི་དབང་ཐང་དང་ལས་འགན་དེ་དབུས་འོས་བསྡུ་ལས་ཁུངས་ཀྱི་འགན་དབང་དང་ཆབ་གཏོགས་མིན་པས་ན་དབུས་འོས་བསྡུ་ལས་ཁུངས་ཀྱིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དོན་ཚན་གོ་བདུན་པ། དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་དང༌། འགན་དབང༌ཞེས་པའི་ཚན་པ་དྲུག་པའི་འོས་བསྡུའི་ལས་དོན་དང་འབྲེལ་བའི་རྩོད་རྙོག་ཇི་ཡོད་ཀྱི་ཞིབ་འཇུག་དང༌། ཐག་གཅོད་ཆ་ཚང་དབུས་འོས་བསྡུ་ལས་ཁང་ནས་བྱ་རྒྱུ་དང༌། དབུས་འོས་བསྡུ་ལས་ཁང་གིས་ཐག་གཅོད་བྱས་པར་མོས་མཐུན་མ་བྱུང་ཚེ་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་མ་གཏོགས་ཁྲིམས་ཞིབ་ཁང་གཞན་ལ་ཞུ་གཏུགས་མི་ཆོག་ཅེས་པ་འདིར་བརྟེན་ནས་སྤྱི་དམངས་འདི་དག་གི་འོས་ཞུགས་ཐོབ་ཐང་འཕྲོག་ན་མི་འགྲིག་ལ་དེ་ལྟར་འཕྲོག་པའི་འགན་དབང་ཡང་མེད། གལ་སྲིད་དེ་ལྟར་བྱས་ཆོག་ན་དབུས་འོས་བསྡུ་ལྷན་ཁང་ལ་དམིགས་བཅས་ཀྱི་སྤྱི་དམངས་ཤིག་ཉེས་ཅན་ཡིན་པ་ཐད་གར་ཐག་གཅོད་པའི་དབང་ཐང་ཡོད་པར་འགྱུར་བས་ན་དེས་དམངས་གཙོ་ཀ་བ་གསུམ་གྱི་གཞུང་ལུགས་དང་ལག་ལེན་ལ་རྒྱབ་འགལ་དང་གོནད་པ་བསྐྱེད། དེའི་ཕྱིར་དབུས་འོས་བསྡུ་ལྷན་ཁང་གིས་བརྡ་ཁྱབ་འདི་འཕྲལ་དུ་ཕྱིར་འཐེན་གྱིས་བརྡ་ཁྱབ་དུ་གསལ་ཁ་བཏད་པའི་གང་ཟག་དེ་དག་གི་ཐོབ་ཐང་སླར་གསོ་བྱས་ཏེ་དབུས་འོས་བསྡུ་ལྷན་ཁང་གི་ལས་འཛོལ་ལ་དགོངས་དག་ཞུ་འོས།
མདོར་ན། མཚན་ཉིད་ཚང་བའི་བཅས་ལྡན་སྤྱི་དམངས་ཤིག་གི་འོས་བསྡུ་ལ་ཞུགས་པའི་ཐོབ་ཐང་འཕྲོག་པའི་གནད་དོན་དེ་ནི་འོས་བསྡུའི་གནད་དོན་ཞིག་མིན་པར་ཉེས་དོན་གྱི་གནད་དོན་ཞིག་ཡིན་པའི་སྟབས་ཀྱིས་ཉེས་དོན་དེ་རིགས་ཐག་གཅོད་པའི་འགན་དབང་རྒྱ་གར་ཁྲིམས་ཁང་དང་ཨ་རིའི་ཁྲིམས་ཁང་སོགས་ལ་བདོག ཁྲིམས་ཁང་དེ་དག་གིས་ཉེས་ལྡན་གྱི་ཐ་ཚིག་མ་བསྒྲག་པའི་སྔ་རོལ་དུ་དབུས་འོས་བསྡུ་ལྷན་ཁང་དང་ཆེས་མཐོ་ཁྲིམས་ཞིབ་ཁང་གིས་ཁྱི་བདག་པོས་འགོག་རྒྱུ་མགྲོན་པོས་བཀག་སྟེ་ཐ་ཚིག་བསྒྲགས་ན་མི་མཛེས་སོ།། ར་མ་བྲག་ལ་འགོས་ན་སེང་གེའི་སྣང་བ་འཆར་ཞེས་པའི་དཔེ་ལྟར། དབུས་འོས་བསྡུ་ལྷན་ཁང་གིས་ཁེངས་བསྐྱུང་དང་བག་ཡོད་པའི་སྒོ་ནས་དབང་ཐང་སྐྱོང་སྟེ་སྤྱི་དམངས་ཀྱི་རྩ་ཁྲིམས་ཐོབ་ཐང་ལ་ཡ་ཐོད་ཀྱི་མིག་ལྟར་གཅེས་སྤྲས་དང་བརྩི་བཀུར་བྱེད་རྒྱུ་ནི་ཚུར་མཐོང་ང་ཡི་རེ་བ་ཡིན།

 

སྣ་ཚོགས།

Post navigation

Previous Post: རིན་ཆེན་སྒྲོན་མེའི་དབྱིན་བསྒྱུར་གྱི་ལེའུ། (༢)
Next Post: སྲིད་སྐྱོང་ལུང་བསྟན།

Comments (13) on “དབུས་འོས་བསྡུ་ལྷན་ཁང་ལ་སྤྱི་དམངས་ཀྱི་འོས་བསྡུའི་ཐོབ་ཐང་འཕྲོག་པའི་འགན་དབང་མེད།”

  1. ཨ་ཁུ་འབྲོག་པ། says:
    2021-01-03 at 11:56 am

    ཧ་ཧཧ། ད་ཡིན་ན་ལྟད་མོ་འདུག འོན་ཀྱང་སྤྱི་འཐུས་ཞེས་མིང་སྙན་པོ་བཏགས་པའི་སྒེར་འཐུས་ང་རྒྱལ་དང་། ཕྲག་དོག་གི་གསོན་འདྲེ་ཆོས་ཟན་གྱི་འོག་ནས་ཡ་རབས་བཟང་སྤྱོད་དང་། མཐུན་སྒྲིལ་གཏོར་ཤིག་གི་དུག་མདའ་མངོན་སུམ་འཛེམས་མེད་དུ་འཕེན་མཁན། གླང་གོག་དམར་པོ་འདི་རྣམས་ལ་ད་ཐེངས་བདམས་བྱ་འདེམས་བྱེད་གཉིས་ཀའི་ཐོབ་ཐང་འཕྲོག་དགོས་པ་ཞིག་ཡིན་ཀྱང་། ཁྲིམས་ཞིབ་ཁང་ནས་འཕྲལ་སེལ་མིང་ཙམ་ལས་གནད་ལ་སྨིན་པ་ཞིག་གནང་བའི་ཐུགས་སྤོབས་མ་ལྡེང་པའམ། མ་གནང་བ་ནི་ཟོལ་ཡང་ཆེན་པོ་ཞིག་གནང་བའི་ཁུལ་ཡིན་པར་མངོན།

  2. ཅོག་རོང་བ། says:
    2021-01-03 at 12:43 pm

    སྤྱི་དམངས་ཀྱིས་ལུས་ངག་གི་རིག་བྱེད་ཇི་ལྟར་བསྟན་ན་ཡང་གལ་སྲིད་རིག་བྱེད་དེ་དག་ཁྲིམས་དང་ལྷག་པར་ཏུ་ཉེས་ཁྲིམས་ཀྱི་བཅས་མཚམས་ལས་འདའ་མེད་ན། སྤྱི་དམངས་དེ་དག་གི་གདམ་བྱ་འདེམས་བྱེད་དམ་འོས་བསྡུར་ཞུགས་པའི་ཐོབ་ཐང་སུ་གང་གིས་འཕྲོག་མི་ཆོག དེ་ལྟར་འཕྲོག་གིན་བསྡད་ན་འོས་བསྡུ་ཞེས་བ་དེ་ཡང་བཏགས་པ་བ་ཙམ་དང་མཛེས་ཆོས་ཙམ་མོ། མ་ཟད་འོས་བསྡུ་ཐོབ་ཐང་འཕྲོག་པའི་ལས་དེ་འོས་བསྡུ་ལྷན་ཁང་གི་བྱེད་ལས་ཤིག་མིན་པས་ན་དེ་ལྟར་བགྱིས་ན་དབང་ལྟག་འཁུར་ཏུ་ཟད་དོ།

  3. ཚེ་བརྟན་འགྱུར་མེད། says:
    2021-01-03 at 2:14 pm

    དབུས་འོས་བསྡུ་ལྷན་ཁང་ལ་སྤྱི་དམངས་ཀྱི་འོས་བསྡུའི་ཐོབ་ཐང་འཕྲོག་པའི་འགན་དབང་མེད་ཅེས་ཐད་གནད་དོན་གཉིས་ཐོག་ནས་གཟིགས་རྒྱུ་ཡིན་འདུག་བསམ།
    དང་པོ་འགན་དབང་ཡོད་མེད་ཀྱི་གནས་དོན་ཐད་འགན་དབང་ཡོད་པའམ་དེ་མིན་དེ་ལྟར་ཞུ་དགོས་པའི་གནད་བང་ཞིག་ཡོད་པས་ཐག་གཅོད་ཞུས་རེད་བསམ། དེ་མིན་ད་བར་དེ་ལྟར་ཞུས་པ་ཕལ་ཆེར་གོ་མ་མྱོང།།
    གནད་དོན་གཉིས་པ་དེ་རྒྱ་གར་ཁྲིམས་ཁང་དང་ཨ་རིའི་ཁྲིམས་ཁང་སོགས་ལ་བདོག ཁྲིམས་ཁང་དེ་དག་གིས་ཉེས་ལྡན་གྱི་ཐ་ཚིག་མ་བསྒྲག་པའི་སྔ་རོལ་དུ་དབུས་འོས་བསྡུ་ལྷན་ཁང་དང་ཆེས་མཐོ་ཁྲིམས་ཞིབ་ཁང་གིས་ཁྱི་བདག་པོས་འགོག་རྒྱུ་མགྲོན་པོས་བཀག་སྟེ་ཐ་ཚིག་བསྒྲགས་ན་མི་མཛེས་སོ།། ཞེས་ཐད་ང་ཚོ་བོད་པའི་གནས་ཚུལ་དེ་རྒྱལ་ཁབ་གཞན་ཞིག་ནས་མཛེས་པའི་ཐ་ཚིག་བསྒྲག་དགོས་དོན་གང་ཡིན་ནམ། དེ་ལྟར་ན་རྒྱ་ནག་ནས་མཛེས་པའི་ཐ་ཚིག་ཞིག་ཀྱང་ངེས་པར་བསྒྲག་མི་དགོས་སམ། གལ་སྲིད་ཁྱེད་ཀྱི་མཛེས་པའི་ཐ་ཚིག་བསྒྲག་རོགས་ཞུས་ན་རྒྱལ་ཁབ་དེ་དག་གི་བསྒྲག་གམ། ཕལ་ཆེར་མཛེས་པའི་ཐ་ཚིག་དེ་ངས་ཞུས་ན་མི་བསྒྲག ང་ཚོའི་རྒྱལ་ཁབ་དང་འབྲེལ་ཆ་མིན་འདུག་ཅེས་ཕེབས་ཉེ། མཛེས་པའིོ་ཐ་ཚིག་ཞིག་མེད་ཁར་ང་ཚོས་དུས་ཚོད་སོགས་བག་མེད་ཞུས་པས་ཉེས་ཆད་ཀྱི་ཐ་ཚིག་ཞིག་ཕེབས་ཉེན། ཁྱེད་རྣམ་པས་མ་མཁྱེན་པ་ངས་གང་ཤེས། ཡིན་ཀྱང་དགོས་དབང་ལས་གོང་གི་བསམ་འཆར་གནང་བ་ངས་བསམ་ཞིབ་ཞུས། ཡང་རེ་ཞིག་གིས་ཁྱེད་རྣམ་པའི་དགོངས་རྒྱ་འདྲ་མཚུངས་ལྟར་ཨ་རི་དང་རྒྱ་གར། རྒྱ་དམར་སོགས་ཁྲིམས་ནས་མཛེས་པའི་ཐ་ཚིག་ཞིག་བསྒྲག་ཐབས་ཞུས་ན་ཁྱེད་རྣམ་པས་དེ་ནི་སོ་སོའི་རྒྱབ་ཁབ་ཀྱི་དབང་ཚད་དེ་རྒྱལ་ཁབ་གཞན་དུ་མགོ་བཏགས་ཞུས་འདུག་ཅེས་གོང་གི་གནས་དོན་ལས་ཀྱང་ཆེར་ཚ་ངར་ཆེར་ཆེ་བ་ཞིག་མ་ཕེབས་པའི་ངེས་མེད་ཀྱི་རྣམ་དོག་ཅིག་ཀྱང་ངས་སྡུག་སེམས་དུ་གཡོ་སོང་།

  4. གཞུང་པ་ཚེ་དབང་བསོད་ནམས says:
    2021-01-03 at 7:51 pm

    ཁྲིམས་ཀྱི་དབང་བསྒྱུར་ཟེར་ན་དེ་རེད་།

  5. ཅོག་རོང་བ། says:
    2021-01-03 at 8:48 pm

    ཚེ་བརྟན་འགྱུར་མེད་ལགས། བཙན་བྱོལ་བའི་ཁྲིམས་དེ་གནས་ཡུལ་རྒྱལ་ཁབ་ཀྱི་ཉེས་ཁྲིམས་ལ་ངེས་པར་བསྟུན་དགོས་པས་ན། འོ་སྐོལ་གྱི་རྩ་ཁྲིམས་ཀྱི་དོན་ཚན་རེ་དྲུག་པའི་ཚན་པ་གཉིས་པ་ནང་༼བཙན་བྱོལ་དུ་གནས་རིང་གནས་ཡུལ་རྒྱལ་ཁབ་སོ་སོའི་ཁྲིམས་འོག་ཏུ་གནས་དགོས་སྟབས་ནག་ཉེས་དང་མཁར་དབང་རྩོད་རྙོག་གི་ཁྲིམས་ཞིབ་བྱ་རྒྱུར་འབྲེལ་བ་མེད་ནའང་གཙོ་ཆེར།༽ཞེས་པའི་བཅས་པ་མཛད་དེ་ཉེས་དོན་ཞལ་ལྕེ་གཅོད་པའི་འགན་དབང་དེ་རྒྱ་གར་ཁྲིམས་ཁང་སོགས་ལ་ཕུལ་ཚར་བ་རེད། དེའི་ཕྱིར་དུངས་ཞེན་ཅི་ལྟར་ཆེ་ན་ནི་གནས་ལུགས་ལ་ནི་དེ་ལྟར་གནོད་ཅེས་པ་ལྟར། ཉེས་ཁྲིམས་ཀྱི་ཐ་ཚིག་དེ་གང་ཟག་དང་ཚོགས་སྡེ་གང་རུང་རུང་ཞིག་གིས་འདོད་འདོད་དུ་སྒྲོག་མི་ཆོག་པ་དེ་མཁྱེན་པར་གྱིས།

  6. jigwang Abharu says:
    2021-01-03 at 9:04 pm

    ཧེ་ད་ལྟོས་དང།
    ༄༅། སྤྱི་འཐུས་ཁྲིམས་ཞིབ་འོས་བསྡུ་གསུམ་།
        ཞ་མོ་ཕར་གཡོགས་ཚུར་གཡོགས་རེད།
    དགྲ་ལ་བཤད་ན་དགའ་བ་དང། གཉེན་ལ་བཤད་ན་སྡུག་པ་འདི།
    མི་མང་མིག་དེ་ཡར་བལྟས་སམ། ཡང་ན་མིག་དེ་མར་བལྟས་སམ།
     

  7. ཆབ་མདོ་ངག་ཕུན། says:
    2021-01-03 at 10:30 pm

    ད་རེས་འོས་བསྡུའི་ཐོབ་ཐང་འཕྲོག་མཁན་དེ་ནི་དབུས་འོས་བསྡུ་ལྷན་ཁང་མ་རེད་དོ། ཁྲིམས་ཞིབ་ཁང་གིས་བཅད་ཁྲ་བཏང་དོན་ལྟར་འོས་བསྡུ་ལྷན་ཁང་གི་ཐག་གཅོད་གནང་བ་ཞིག་ཡིན་པ་རེད།

  8. གཞུང་པ་ཚེ་དབང་བསོད་ནམས says:
    2021-01-04 at 2:47 pm

    རྩ་ཁྲིམས་དང་བཅའ་ཁྲིམས་ནོར་མི་ཉན་།
    མ་འོངས་བོད་ཀྱི་རྩ་ཁྲིམས་།
    བཙན་བྱོལ་བོད་མིའི་བཅའ་ཁྲིམས་།

  9. ཅོག་རོང་བ། says:
    2021-01-04 at 3:04 pm

    གཞུང་པ་ཚེ་དབང་བསོད་ནམས་ལགས། རྩ་ཁྲིམས་ཞེས་བརྗོད་མི་ཆོག་པ་དང་བཅའ་ཁྲིམས་ཞེས་བརྗོད་པའི་རྒྱུ་མཚན་ཅི་ཡིན། རྩ་ཁྲིམས་ཀྱི་དགག་བྱ་དང་བཅའ་ཁྲིམས་ཀྱི་དགོས་པ་གང་གིས་འབྱེད་ལགས་སམ།

  10. གཞུང་པ་ཚེ་དབང་བསོད་ནམས says:
    2021-01-05 at 2:08 am

    རྩ་ཁྲིམས་བརྗོད་ཆོག་མི་ཆོག་གི་སྐད་ཆ་མ་རེད་།
    རང་བཙན་ཡོད་པའི་རྒྱལ་ཁབ་ཞིག་ལ་རྩ་ཁྲིམས་ཡོད་པ་དང་།
    རང་བཙན་མེད་པའི་མི་གི་སྤྱི་ཚོགས་ཀྱི་སྒྲིག་འཛུགས་ཞིག་གི་ཁྲིམས་ཡིག་ལ་བཅའ་ཁྲིམས་ ( CHARTER ) ཟེར་བ་ལྟར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ལ་ ( CHARTER ) བཅའ་ཁྲིམས་ལས་རྩ་ཁྲིམས་མེད་པ་ནས་གསལ་པོ་ཤེས་ཐུབ་པ་དང་། ང་ཚོའི་བཅའ་ཁྲིམས་དོན་ཚན་གསུམ་པ་། ཆབ་སྲིད་ཀྱི་རང་བཞིན་། མ་འོངས་བོད་ཀྱི་ཆབ་སྲིད་ནི་འཚེ་མེད་ཞི་བའི་ལྟ་བར་གཞི་བཅོལ་བའི་ཐོག་རང་དབང་དང་། སྤྱི་ཚོགས་བདེ་དོན་། ཆོས་སྲིད་ཟུང་འབྲེལ་། མང་གཙོ་མཉམ་འབྲེལ་། ཡུལ་མིའི་རྒྱལ་ཁབ་ཅིག་བྱ་རྒྱུ་ཡིན་གཤིས་། བཙན་བྱོལ་བོད་མིའི་ཆབ་སྲིད་ཀྱང་དེ་དང་ཕྱོགས་མཐུན་བྱ་རྒྱུ་དང་ཅེས་གསལ་བ་ནས་མ་འོངས་བོད་ཀྱི་འགྲོ་སྟངས་ལ་གཞི་བཅོལ་ནས་ད་ལྟའི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་འབེབས་གནང་བ་ཞིག་ལ་ངོས་འཛིན་ཞུ་གི་ཡོད་།

  11. ཅོག་རོང་བ། says:
    2021-01-05 at 2:52 am

    གཞུང་པ་ཚེ་དབང་བསོད་ནམས་ལགས། ཁྱེད་ཀྱིས་བཤད་པ་ལྟར་ན། རྩ་ཁྲིམས་ཀུན་གྱི་འབྱུང་ཁུངས་སུ་གྱུར་བའི་དབྱིན་ལན་གྱི་བཅའ་ཡིག་ཆེན་མོ་Magna Carta (also Magna Charta; “Great Charter”) འདི་ཡང་བཅའ་ཁྲིམས་Chater ཡིན་པའི་རྒྱུ་མཚན་གྱིས་སྐབས་དེའི་དབྱིན་ཇི་རྒྱལ་ཁབ་རང་བཙན་མིན་པ་བསྒྲུབ་ཕོད་དམ། དེ་མིན་མཉམ་འབྲེལ་རྒྱལ་ཚོགས་རང་བཙན་གྱི་ཕུང་བོ་ཞིག་མིན་ན་དེའི་བཅས་པའི་འཆིང་ཡིག་དག་ལ་ཨ་རི་རྒྱལ་ཁབ་སོགས་ཀྱིས་རྩ་ཁྲིམས་ལྟར་ལག་ལེན་དང་གདེང་འཇོག་བྱེད་དོན་ཅི་ཡིན། ཀ་བ་ལ་འཇག་མའི་ལྷན་པ་བརྒྱག་པ་ལྟ་བུའི་བསྒྲུབ་བྱེད་དང་ཚོད་དཔག་འདིར་བཀོད་མ་ཡོང་།

  12. ཉི་སྣང་། says:
    2021-01-05 at 10:57 pm

    ཅོག་རོང་ལོ་ལོ། འོས་བསྡུ་ཐོབ་ཐང་བཀག་བསྐྱིལ་ལམ་འཕྲོག་མཁན་དེ་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཐག་གཅོད་རེད།

  13. ཅོག་རོང་བ། says:
    2021-01-14 at 11:14 pm

    ཉི་སྣང་ལགས། ཆེས་མཐོ་ཁྲིམས་ཁང་གིས་ཁྲིམས་བཤེར་མ་བརྒྱུད་པར་གང་ཟག་ཅིག་གི་འོས་བསྡུ་ཐོབ་ཐང་འཕྲོག་པའི་དབང་ཆ་དེ་བས་ཀྱང་མེད་དོ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme