Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཇག་དཔོན་གྱིས་ཇག་ཕྲུག་སྐྱབས་པ།

Posted on 2021-01-01 By ཁ་བརྡ No Comments on ཇག་དཔོན་གྱིས་ཇག་ཕྲུག་སྐྱབས་པ།

བཞག་ལྡོམ་ལྗང་ལོ།
 
སུ་ཞིག་གིས་གནད་དོན་གང་ཞིག་ལ་དཔྱད་པའམ་དབྱེ་ཞིབ་བྱེད་པ་ཡིན་ན། དེའི་བྱུང་རྐྱེན་དང་འབྱུང་ཁུངས་དངོས་འཚོལ་གྱི་ནི་གལ་ཆེན་པོ་ཡིན་པར་བརྟེན། ངས་དེ་རིང་སྤྱི་ཚོགས་སུ་བསམ་ཚུལ་སྣ་ཚོགས་ཤིག་ཆུ་བོའི་རྦ་རླབས་ལྟར་འཕྱོ་བཞིན་པའི་ཨ་རིའི་སྲིད་འཛིན་གྱི་Pardon power སྐོར་ལོ་རྒྱུས་སུ་བསྡུར་ཏེ་དཔྱད་པ་ཐུང་ངུ་ཞིག་དྲྭ་གྲོགས་ཚོར་བསམ་བློ་བརྗེ་རེའི་ཚུལ་དུ་གླེང་།

ཨ་རིའི་མངའ་སྡེ་སྤྱི་མཐུན་རྒྱལ་ཁབ་ཀྱི་མགོ་སེར་ཚོའི་ཕ་མེས་མང་ཆེ་བ་ཡོང་ས་ནི་ཡོ་རོབ་དབྱིན་ཇི་ནས་ཡིན་ཞིང་། ཁོང་ཚོ་ཡོང་སྐབས་ཡོད་ཚད་བོར་ནས་སྤྲང་འཁྱམས་ཅི་བཞིན་སླེབས་པ་མ་ཡིན་པར་རང་གི་རིག་གཞུང་དང་ལྷན་དུ་ཡོང་བ་ཡིན་པས། ཨ་རི་དབྱིན་ཇིའི་དབང་སྒྱུར་འོག་ན་ཡོད་དུས་སུ་དབྱིན་བློན་ཚོས་དབྱིན་ཇི་རྒྱལ་བོའི་ཁྲིམས་ལུགས་ནང་ཉེས་ཅན་པར་སྙིང་རྗེ་སྒོམ་པའི་ལུགས་སྲོལ་ཡོད་པ་དེ་ལག་ལེན་བྱས་བ་རེད། ཡིན་ཡང། རིག་གཞུང་གང་ཞིག་ལས་རིག་གནས་མ་ལུས་བ་དུས་དང་བསྟུན་ནས་འགྱུར་བ་མ་གཏང་ན་ཡང་དག་པ་ཡིན་དཀའ་བས། རྩོད་གླེང་ཆེ་བའི་སྲོལ་རྒྱུན་དེ་ཨ་རིའི་རྩ་ཁྲིམས་ནས་གཏན་དུ་ཁྱིམ་གཞི་མ་རྙེད་གོང་ལ་ཨ་རིའི་རྩ་ཁྲིམས་བཟོ་མཁན་ཚོའི་ནང་དུ་ལྟ་ཚུལ་སྣ་ཚོགས་བྱུང་བ་རེད། དཔེར་ན། Alexander Hamilton ནི་ལུགས་སྲོལ་དེ་ཁྲིམས་ཀྱི་ནང་དུ་བཞག་ན་བཟང་བར་འདོད་མཁན་ཡིན་ཞིང་། ཨ་རིའི་མངའ་སྡེ་Virginia་ཡི་འཐུས་མི་George Mason་ནི་Hamilton་གྱི་ལྡོག་ཕྱོགས་ཡིན་པ་མ་ཟད་དེས་མང་གཙོ་སྟོར་བཅོམ་བྱེད་ཀྱི་ལག་ཆ་འདོད་དེ་མིང་རྟགས་ཀྱང་བཀོད་ཡོད་པ་མ་རེད། གང་ལྟར། དབྱིན་རྒྱལ་ཀྱི་སྙིང་རྗེས་ཁྲིམས་ལུགས་དེ་ཨ་རིའི་རྩ་ཁྲིམས་ལས་ཉམས་ཆུང་ཚོའི་སྐྱབས་གནས་དང་ཨ་རི་བའི་ཁེ་ཕན་ལས། ཁྲེལ་གཞུང་དབེན་པའི་སྲིད་འཛིན་ཚོའི་སྦྱིན་བདག་དང་གྲོགས་པོ་རྣམས་ཀྱི་འཛོལ་ཆེ་བའི་ནག་ཉེས་ཁྲིམས་ཁ་ནས་སྐྱིད་ཉལ་ངང་རང་དབང་ཐོབ་བྱེད་ཀྱི་རིན་ཆེན་རིལ་བུར་གྱུར་འདུག།

སྲིད་འཛིན་ཚོར་ཁྲིམས་ཀྱིས་གནང་བའི་གྲོགས་སྐྱོབས་རིལ་བུ་དེ་ཨ་རིའི་སྲིད་དང་བོ་ George Washington་ནས་དེ་རིང་གི་ཨ་ཁུ་ཁྲོ་ཐུང་བར་དུ་གནད་དོན་འདྲ་མིན་ལ་བེད་སྤྱོད་བྱས་ནས་ཡོང་ཞིང་། གོམས་གཤིས་ལྟར་ན་སྲིད་འཛིན་ཚོས་རང་སྣང་གང་དྲན་ངང་རིལ་བུ་དེ་ནད་རྒྱ་སྨན་གཅིག་ལྟར་ཡོད་ཚད་ལ་སྤྲད་མི་ཉན་ཞིང་། ཆ་རྐྱེན་ངེས་ཅན་འོག་འགྲོ་དགོས་ཀྱི་ཡོད་པ་རེད། དཔེར་ན། གྲོཊ་སྐྱོབས་རིལ་བུ་དེ་དབུས་སྲིད་གཞུང་གི་ཁྲིམས་ལ་འགལ་མཁན་མ་གཏོགས་མངའ་སྡེའི་གཞུང་ཁྲིམས་ལ་ཁྱབ་ཀྱི་མེད་པ་མ་ཟད་ཨ་རི་བའི་འཕྲལ་ཕུགས་གཉིས་ཀྱི་ཁེ་ཕན་ཆེད་དུ་ཡིན་དགོས་ཤིང། དེ་བེད་སྤྱོད་གཏོང་སྟངས་ཀྱང་དབུས་གཞུང་ཆེས་མཐོ་ཉེན་རྟོག་ཁྲིམས་ཁང་གི་(Department of Justice The Pardon Attorney ) ཁྲིམས་དཔོན་ཀྱིས་ཞིབ་གཅོད་བྱས་སྟེ། མཐའ་མ་སྲིད་སྲིད་འཛིན་ལ་ཉེས་ཅན་པ་དེར་གྲོགས་སྐྱོབས་ཆ་རྐྱེན་ཚང་མིན་སློབ་སྟོན་བྱེད་དགོས་བ་རེད།

བཤད་བརྒྱུན་དུ་འགོ་ནས་བཀྲ་མ་ཤིས་ན་མཇུག་ནས་བཀྲ་མི་ཤེས་ཟེར་བ་ལྟར་བཟང་སྤྱོད་བོར་བའི་སྲིན་འཛིན་འགས་གྲོགས་སྐྱོབས་རིལ་བུ་ལག་ལྟར་བྱེད་ས་ནི་ཁོ་ཚོའི་དང་འབྲེལ་བ་ཡོད་པ་དག་དག་ཡིན་པ་ལས་ཉམས་ཆུང་ངམ་་ཆ་རྐྱེན་ཚང་བའི་་ཉེས་་པ་ཚོ་མ་ཡིན་པ་དཔེར་མཚོན་ཁ་ཤས་བཤད་ན།

༡༽ཨ་རིའི་ལོ་རྒྱུས་ལས་སྲིད་འཛིན་༡༧ པ་ Andrew Johnson ནི་མི་རིགས་དབྱེ་འབྱེད་མཁན་ཡིན་ཞིང་། ཁོས་གྲོགས་སྐྱོབས་རིལ་བུ་རིགས་རྒྱུད་དཀར་པོའི་ཕྱོཊ་ཞེན་ཅན་དང་ཨ་རིའི་རྒྱལ་ཁབ་ལས་ཁ་བྲལ་འདོད་མཁན་(Confederate congress) གྲོས་ཚོགས་འོག་མིའི་འཐས་མི་༨༦ ལ་སྤྱི་ལོ་༡༨༦༨/༡༢/༢༥་ཉིན་སྦྱིན་ཏེ། རྗེས་སུ་དེ་རྣམས་པས་སྣེ་ཁྲིད་ནས་མི་རིགས་དབྱེ་འབྱེད་ཁྲིམས་ Jim Crow་ གཏན་འབེབས་བྱས། ཁྲིམས་དེའི་འོག་ནས་མི་ནག་བ་གྲངས་ལས་འདས་བའི་སྡུག་བསྔལ་མྱོང་བ་རེད།

༢ ༽ Richard Nixon་ནི་ཨ་རིའི་སྲིད་འཛིན་༣༧་པ་ཡིན་ཞིང་། ཁོས་མང་གཙོ་ཚོགས་པའི་སྟེང་ཁྲིམས་འགལ་བྱས་བ་ཡོངས་གྲགས་ཀྱིས་Water gate འབོད་ཅིང་། ཁྲིམས་འགལ་དེ་ལ་བརྟེན་ནས་ཁོའི་སྲིད་ཛིན་ལས་དཀའ་ཐར་མ་ཕྱིན་གོང་ལ་ཕོ་བྲང་དཀར་བོ་ལས་ཐོན་དགོས་བྱུང་བ་རེད། དེའི་རྗེས་ཁོའི་སྲིད་འཛིན་གཞོན་པའི་ལས་ཐོག་གཉིས་པ་Gerald Ford སྲིད་འཛིན་༣༨་ལ་ཆགས་ཤིང། ཁོ་ནི་ཨ་རི་བས་འོས་འདེམས་མ་བྱས་བའི་སྲིས་འཛིན་ཁོ་ན་དེ་རེད། Nixon དང་ཁོ་གཉིས་གྲོགས་པོ་ཡིན་པས་ཁོས་ཆ་རྐྱེན་གང་ཡང་མེད་པར་གྲོགས་སྐྱོབས་རུལ་བུ་Nixon་ལ་སྤྱི་ལོ་༡༩༧༤/༩/༨་ལ་སྤྲད་དེ་རི་དྭགས་རྒྱ་ལས་ཤོར་བ་བཞིན་རང་དབང་ལོངས་སུ་སྤྱོད་པ་རེད།

༣༽ཁྲོ་ཐུང་(Trump)ནི་ཨ་རིའི་སྲིད་འཛིན་༤༥་བ་རེད་ལ། ཁོའི་ཉིན་རེ་འགྲོ་འདུག་སྤྱོད་གསུམ་ལ་བརྟེན་ནས་ཁོ་ནི་ཁྲིམས་ཁ་ན་དོགས་གཞི་སྣ་ཚོགས་ཀྱི་ཉེས་ཅན་པ་དང་ཁོའི་ནག་ཉེས་མི་ཉུང་བ་ཞིག་གི་བདེན་པ་ཕྱི་ལའང་ཤོར་ཡོད་པ་རེད། ད་དུང་ཁོ་ནི་རིགས་རུས་དབྱེ་འབྱེད་ལ་དགའ་བའི་དུས་རབས་ཉེར་གཅིག་བའི་སྲིད་འཛིན་ཞིག་ཀྱང་རེད། ཁ་གསལ་བཤན་ན་ཨ་རིའི་སྲིས་འཛིན་ཡོད་ཚད་ཀྱི་ངན་སྤྱོད་མ་ལུས་བ་ཁོ་ལ་འཛོམས་ཡོད་པ་རེད། གང་ལྟར་ལོ་ངོ་བཞི་ཙམ་ལ་ཁོའི་སྲིད་འཛིན་བྱེད་པའི་རིང་དུ་ཁོས་གྲོགས་སྐྱོབས་རུལ་བུ་ཉེས་ཅན་གྲོགས་པོ་ཚོར་བྱིན་དང་སྦྱིན་གྱི་ཡོད་ལ། མང་ཆེ་བ་ནི་ཁོས་རང་སྣང་གང་དྲན་ལ་བརྟེན་ནས་སྦྱིན་པ་ལས་ཁྲིམས་ཀྱི་འགྲོ་ལུགས་བཞིན་སྦྱིན་མེད། དེ་བས་རྫབ་ཆེན་ནི་ཉེས་ཅན་པ་མང་པོ་ཞིག་ཁོ་དང་ངན་པ་ལག་འབྲེལ་བྱས་ཏེ་ཁྲིམས་འགལ་བ་དག་དག་ཡིན་པ་མ་ཟད། ཁོ་དང་ཤ་ཁྲག་གི་འབྲེལ་བ་ཡོད་པའང་ནང་དུ་ཚུད་ཡོད།

དེའི་ཕྱིར། དབྱིན་རྒྱལ་གྱི་སྙིང་རྗེའི་གོམས་གཤིས་ནི་ཨ་རི་ནས་གྲོགས་སྐྱོབས་དང་བཟའ་སྐྱོབས་་རིལ་བུ་ལ་གྱུར་ཅིང་། བཟའ་སྐྱོབས་ནས་ཇག་སྐྱོབས་རུལ་བུར་གྱུར་ཏེ། དེང་སྐབས་ཨ་རི་ན་ཇག་དཔོན་དང་ཇག་ཕྲུག་ཚོ་སྤྱང་ལྟོགས་བཞིན་ཀུན་ན་རང་དབང་ངང་འདུར་རྒྱུག་བྱེད་ཀྱིན་འདུག་ཅིང་། འདུར་རྒྱུག་བྱེད་བཞིན་པའི་ཇག་པ་ཚོས་ཉིན་མོ་ཡིན་ཡང་ངོ་ཚ་མེད་པར་ཀུན་ཀྱི་མིག་ལམ་ནས་མང་གཙོ་འཕྲོག་བཅོམ་བྱེད་ཀྱི་ཡོད་པ་རེད། དེར་བརྟེན། ཨ་རིའི་ཡབ་མེས་(Framers of the constitution)ཚོས་གནང་བའི་གྲོགས་སྐྱོབས་རིལ་བུ་ཁྲོ་ཐུང་ལག་ནས་རུལ་སུངས་སུ་གྱུར་ནས་དྲི་མ་འཇིག་རྟེན་ཀུན་ལ་ཁྱབ་ཀྱི་འདུག

https://en.wikipedia.org/wiki/List_of_people_pardoned_or_granted_clemency_by_the_president_of_the_United_States

བསམ་ཚུལ།

Post navigation

Previous Post: མི་མང་རང་བཞིན་གྱི་དྲི་བ་དྲིས་ལན་ཞེས་པའི་དཔར་ལྡན་འགུལ་བསྐྱོད་དྲ་བསྒྲགས་ནང་སྲིད་སྐྱོང་འོས་མི་གཉིས་མེད་པ་ཅིའི་ཕྱིར།
Next Post: ཀྲུང་ནན་ཧའེ་ཡི་རྨི་ལྟས་ཟློག་མཁན་འདེམས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (69)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (37)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme