Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

“མདོ་སྨད་མི་མང་ལ་ཞུ་འབོད་”ཅེས་པར་ཉན་རྗེས་ཀྱི་གཏམ།

Posted on 2020-12-30 By ཁ་བརྡ 1 Comment on “མདོ་སྨད་མི་མང་ལ་ཞུ་འབོད་”ཅེས་པར་ཉན་རྗེས་ཀྱི་གཏམ།

མགར་འཇམ་དབྱངས།
 
ཁོ་བོར་མཚོན་ན་ཁྱོད་ཀྱིས་དཀའ་ལས་མྱོང་བའི་བརྒྱུད་རིམ་ལ་ཤེས་རྟོགས་ཅུང་ཙམ་ཡོད་པའི་ཐོག་སེམས་གཏིང་ནས་ཁྱོད་ལ་དགའ་བ་དང་གུས་བརྩི་བྱེད་མཁན་གྱི་གྲས་ཤིག་ཡིན་ལ། ལྷག་དོན་ཁྱོད་དང་ཁྱོད་ལྟ་བུའི་ཆབ་སྲིད་བཙོན་ཟུར་བ་རྣལ་མ་དག་ལ་ཡི་རངས་དང་རྒྱབ་སྐྱོར་བཅོས་མིན་དུ་བྱེད་ཀྱི་ཡོད།

ང་ཚོའི་ངག་རྒྱུན་དུ། “རྡོ་བར་བརྐོས་པའི་རི་མོ་བཞིན”་ཞེས་པ་ལྟར་ན། ཁྱོད་ཀྱི་འགྱུར་བ་མེད་པའི་ཆོད་སེམས་དང་ལྷག་བསམ་ཟོལ་མེད་ཀྱི་སྙིང་སྟོབས་བརྟན་པོ་དེ་ཚོ་དང་ལྷན་དུ་འཚོ་ཞིང་གནས་ན་འདོད་པའི་རང་ག་བའི་མི་དཀྱུས་མ་ཞིག་ཡིན། ད་དུང་གལ་ཏེ་ཁྱོད་དང་ཐུག་པའི་གོ་སྐབས་ཤིག་ཡོད་ན། ཁྱོད་ཀྱིས་དཀའ་ལས་མྱངས་སོང་ཟེར་འདོད་ཀྱི་འདུན་པ་དང་བཅས་མ་མཐའི་ཆ་ནས་ཀྱང་ཟ་ཁང་ཞིག་ཏུ་ཟ་མ་ཐུན་གཅིག་དང་མཉམ་དུ་ཁྱོད་ལ་ལྷོད་ལྷོད་དུ་རྒྱུས་ལོན་འཕར་མ་ཞིག་བྱེད་འདོད་ཀྱི་སྨོན་པ་རྒྱུན་དུ་ཡོད་མཁན་གྱི་མི་ཞིག་ཀྱང་ཡིན།

ཁྱོད་ཀྱི་བཤད་པ་ལྟར”རྩ་བའི་ཆ་ནས་མི་སུ་ཞིག་ལ་རྒྱབ་སྐྱོར་བྱ་མིན་དེ་ངའི་རང་དབང་་རེད།” ཅེས་པ་ལྟར། མི་སུ་གང་ཞིག་འབྲོང་ཆུང་ལ་རྒྱབ་སྐྱོར་བྱེད་མཁན་གྱི་མདོ་སྨད་པ་ཞིག་ཡོད་ཕྱིན། དེ་དག་གི་བྱེད་སྟངས་ནི་ལེགས་པ་དང་མཆོག་ཏུ་གྱ་ནོམ་པར་བརྩི་བར་དགའ་བ་ནི་ངའི་བསམ་བློའི་རང་དབང་རེད། དེ་ལ་སུ་གཅིག་གིས་བཀག་མི་ཐུབ་པ་ནི་སྒེར་གྱི་ཁེ་དབང་རེད་ལ། རྒྱལ་བ་དོན་གྱི་བདག་པོས་གསོལ་བསྩལ་གནང་བའི་དམངས་གཙོའི་ཁྱད་ནོར་ཡང་རེད། དེས་ན་སྤྱི་བའི་རྩ་དོན་རིས་སུ་མ་ཆད་པའི་བརྩེ་བའི་སྤྱན་ཟུང་སུ་ལ་མངའ་བ་ཡོད་ན། དེ་ལ་ཕ་ཡུལ་གཅིག་པའི་ཕྱོགས་ཁག་གི་བསམ་བློ་མ་རུང་བ་དེ་སྐྱོན་དུ་མཐོང་བའི་མདོ་སྨད་པ་བཀྲུས་ནས་མ་དག་པ་ཞིག་ཀྱང་ཡིན་ཅེས་བཤད་ཆོག

རྒྱུ་མཚན། མདོ་སྨད་པའི་མི་ནི་རང་གི་ཆོལ་ཁ་ཞེས་པའི་ཐ་སྙད་སྐམ་པོར་ཁོ་ནར་འཐམས་པའི་མི་ཚོགས་རྨོངས་པའི་སྡེ་ཞིག་སྟེ་ཇག་ཚོགས་སུ་མི་འགྱུར་བར། རྒྱོབ་གསོད་ཀྱི་ཀུ་སྒྲ་མེད་པར། ལྷིང་འཇགས་ངང་ལམ་ནོར་ལྡོག་ཤེས་ཀྱི་རིགས་པའི་དཔྱད་སྟོབས་རྒྱས་པའི་མི་སྡེ་ཡ་རབས་འབའ་ཞིག་འཚར་ལོངས་འབྱུང་བར་རེ་བའི་བརྟས་ཤིང་། བོད་ཅེས་པའི་མིང་བྱང་ཆེན་པོའི་འོད་ཁྱིམ་གྱི་ཁྱབ་ཁོངས་ན་རིས་གཅོད་ཀྱི་ལྟ་བ་མེད་པར་གཅིག་ཏུ་འཚོ་བར་དགའ་བའི་བག་ཆགས་གསོན་པོའི་རེ་བ་ཅུང་ཙམ་རེ་འཇོག་ཐུབ་ན་ཅི་མ་རུང་འདོད་པ་ཁོ་ན་ཙམ་ལས། གཞན་ང་ལ་ཁེ་བཟང་ཞིག་གནམ་ནས་མི་འབབ་ལ་ས་ནས་མི་སྐྱེ་བའི་གནས་ལུགས་གསལ་བོ་རྟོག་པའི་ཡིད་རྟོན་ཟབ་མོ་ཡོད་མཁན་གྱི་གྲས་ཤིག་ཡིན།

དེས་ན་གོང་དུ་སྨྲས་པ་ལྟར། ཉེ་བའི་ཆར་འབྲོང་ཆུང་གི་རྒྱབ་སྐྱོར་བ་རེ་ཟུང་གི་ངོ་དེབ་ཀྱི་གཤམ་མཆན་དུ་རང་ཉིད་ཀྱི་སེམས་པ་ཡིག་གཟུགས་སུ་གྲུབ་པར་བྱས་པ་འདིས་ཀྱང་ངས་གང་བཤད་པ་དག་གི་བསམ་བློའི་ཟུར་ཙམ་རེ་བདེན་དཔང་གསོན་པོར་བྱ་ཐུབ་པར་སེམས་པས་འདིར་བཀོད་ཡོད།

“འབྲོང་རྒོད་དར་མའི་རྭ་ཁ་རྣོན་པོའི་རྩེར།།
སྙིང་སྟོབས་སྲོག་གི་གོ་ཆས་རྒྱས་བཏབ་སྟེ།།
གཡག་ཕོ་གཡག་མོ་སྨྲ་ལ་མི་འཇིགས་པའི།།
ཅོལ་ཆུང་འགོང་བོའི་ཚོགས་རྣམས་ད་སྒྲོལ་ཅིག།

མཐོ་སྒང་བོད་ཀྱི་རྩྭ་ཆུས་ལུས་བརྟས་ཤིང་།
མེས་པོའི་ཟུངས་ཁྲག་གསོན་པོས་དྲོད་བརྟས་པའི།།
ཕ་སྐྱེས་འབྲོང་ཆུང་དར་མའི་རྭ་རྩེ་རུ།།
སྡུག་ཅན་འབྱུང་བོའི་ངུ་ཟུག་གཞོམ་པར་མཛོད།།”

ཅེས་པ་འདི་ཡང་བར་སྐབས་ཀྱི་ཚིགས་སུ་བཅད་པ་ཞིག་གི་དོད་དང་བཅས་དོན་དངོས་སྨྲ་བར་འདོད་པ་ནི། ཉེ་བའི་ཆར་ཁྱོད་ཀྱིས་བྲིས་པ་ལྟར་ཚིག་སྡུད་པའི་དབང་དུ་བཏང་ན་”མདོ་སྨད་མི་མང་ལ་ཞུ་འབོད་”ཅེས་པའི་མིང་བྱང་འོག་སྒྲ་སྒམ་སྐར་ཆ་ཞེ་ལྔ་ཙམ་ཡོད་པ་ཞིག ངོ་དེབ་ཏུ་བརྒྱུད་སྤེལ་བྱས་ནས་ཕལ་ཆེར་ཉིན་གསུམ་བཞི་ཙམ་་འགོར་ཟིན་འདུག་ཀྱང་ངས་དེ་རིང་མ་གཏོགས་མ་མཐོང་ཡང་སྒྲ་དེ་མགོ་ནས་མཇུག་བར་ཆ་ཚང་ཉན་པའི་བརྒྱུད་རིམ་ཁྲོད། ཁྱོད་ཀྱིས་དངོས་སུ་མིང་བཟུང་བྱས་པ་ལྟར་གྱི་མི་གཉིས་ཀྱིས་ཁྱོད་ལ་སུན་པོ་གང་མང་བཟོས་ཡོད་པར་གཏན་ཁེལ་ཡིན་རྒྱུ་རེད། དེ་ནི་སྐུ་ཉིད་ཀྱི་གང་བཤད་པ་དག་ལ་ཡིད་ཆེས་ཡོད་པའི་ཆ་ནས་ཡིན་པ་ལས། ཁོ་བོར་གཞན་གཉིས་ལས་གཅིག་གི་མིང་ཐོས་པ་ཙམ་ལས་གཉིས་ཆར་ཆ་རྒྱུས་རྩ་བ་ནས་མེད།

ཡིན་ནའང་མི་དེ་གཉིས་ཀྱིས་ཕོག་ཐུག་བཟོས་པའི་ཉེར་འབྲས་ལས་ལ་བརྟེན། ཁ་ཚུར་ལ་འཁོར་ནས་མདོ་སྨད་མི་མང་གི་མིང་བཟུང་སྐེ་བཟུང་བྱེད་སྟངས་དེར་བལྟས་ན། དེ་ནི་”འདྲེ་ཤར་སྒོ་དང་གླུད་ནུབ་སྒོ”ཞེས་པའི་གཏམ་དཔེ་དང་ཆ་མཚུངས་སུ་མི་འགྱུར་གྲང་། གལ་ཏེ་ང་ཚོ་སྟེ་མདོ་སྨད་པར་ཞུ་འབོད་ཡིན་པའི་དབང་དུ་བཏང་ན་ཡང་ཐད་ཀར་ས་གནས་མདོ་སྨད་ཚོགས་པའམ་ཡང་ན་དབུས་རྒྱུན་ལས་ཁང་ལ་མི་གཏོང་བར་འདི་ལྟར་དགྲ་དགའ་གཉེན་སྡུག་གི་བྱེད་ལས་འོག། ས་བསྒྲགས་གནམ་བསྒྲགས་བྱེད་དགོས་པའི་རྒྱུ་དང་རྐྱེན་རབ་བྱེད་དག་ལའང་ང་ཚོའི་ངོས་ནས་ཇི་ལྟར་གོ་བ་ལེན་དགོས་སམ།

སྤྱིར་ཁྱོད་ཀྱི་བློ་སྤོབས་དང་སྙིང་སྟོབས་ད་དུང་སྤྱི་བའི་རྩ་དོན་ལ་འགྱུར་བ་མེད་པའི་དམ་བཅའ་བརྟན་པོ་ཞིག་ཡོད་མེད་ལ་དོགས་པ་ཞིག་ཡེ་ནས་བྱས་མྱོང་མེད་ལ། ཁྱོད་ཀྱི་བཤད་པ་ལྟར”ང་མདོ་སྨད་མི་མང་གི་གཟི་བརྗིད་ཅིག་ཡིན”ཞེས་པ་ལྟར་ང་ཚོས་ཀྱང་དེ་བཞིན་དུ་སྒོམ་ཡོད་པའི་སྐབས། དེ་རིང་ཁྱོད་ཀྱིས་སྐད་གསེང་མཐོན་པོའི་འཇིགས་པ་མེད་པའི་གད་རྒྱངས་དེར་བལྟས་ན་བརྗིད་ཀྱང་མདོ་སྨད་མི་མང་གི་མིང་བྱང་ཤུགས་ཀྱིས་བསྒུལ་བའི་བྱ་ཐབས་ལ་གཞིགས་ན”འཚིག་པ་གཡག་ལ་ཟོས་ན།།ལོང་ལྕག་རྟ་ཡིས་ཉོས།།” ཟེར་བ་ལྟར་ལས་ཁྱོད་ཚོའི་མི་སྒེར་གྱི་གནད་དོན་དེ་ང་དང་ང་ལྟ་བའི་ཉེས་པ་མེད་པའི་མདོ་སྨད་མི་མང་དང་འབྲེལ་བ་ཞིག་ཡོད་པར་གཏན་ནས་མཐོང་མ་སོང་བས། ང་ཚོའི་ཁ་དཔེར”ཨ་ཡོད་ནང་གི་ད་ཡོད།།སྒོ་ངའི་ནང་གི་སེར་རུལ།། བུ་རྒོད་པོ་ཁྱོད་ལྟ་བུའི་ཁ་ནས་འདི་འདྲ་ཞིག་འབུད་པ་ནི་བསམ་བློའི་ཟུར་ན་ཡང་སྐྱེ་ག་ལ་སྲིད།

ཡང་ཅིག་བཤད་ན། འདི་ནར་བདག་དང་བདག་འདྲ་བའི་སྐད་འཕྲིན་ཚོགས་པ་སོགས་ཀྱི་ནང་དུ་ཡི་ག་མེད་ཅིང་རང་ཉིད་ཁུ་སིམ་པོར་འདུག་པར་དགའ་མཁན་གྱི་མདོ་སྨད་པ་དག་ལ་དེ་འདྲའི་སྣང་ཚུལ་ཞིག་བྱིན་ཡོད་མིན་ཅི་ཆ་ཡང་། གྲ་སྒྲིག་ཅི་ཡང་མེད་པར་ཡིད་ཆེས་འབའ་ཞིག་གིས་ཚོས་པའི་མི་ཞིག་ལ་མཚོན་ན། གཡའ་དག་པའི་ནམ་མཁར་གློ་བུར་དུ་བརྡོལ་བའི་ཆར་ཞོད་ཞིག་དང་གཉིས་སུ་མ་མཆིས་པར། ལུས་སེམས་ཡོངས་ཧྲིལ་གྱིས་བརླན་ནས་ཧད་དེ་ལུས་ཡོད་ཅེས་བརྗོད་འདོད་བྱུང་།

མཇུག་མཐར་གལ་ཏེ་ཆབ་་སྲིད་པ་དག་གི་རྙོག་གྲའི་རྒྱ་ཁྱོན་ལ་རྒྱུས་མངའ་མེད་པའི་རྨོངས་གཏམ་ཞིག་ཏུ་འགྱུར་སྲིད་ན། དུས་ནམ་ཞིག་དང་ས་གང་ཞིག་ནས་ཡིན་ཀྱང་། མ་རིག་པ་ནི་རྒུད་པ་ཀུན་གྱི་གཞི་རྩའི་རྩ་དོན་ལ་ངོས་ལེན་བྱ་བའི་གདེང་ཚོད་ཡོད་ཅེས་ཞོར་དུ་ཞུ་འདོད་བྱུང་།

བསམ་ཚུལ།

Post navigation

Previous Post: སྤྱང་ཀི། གྲྭ་བ་མིན་པའི་སེར་མོ་བ།
Next Post: འཛམ་གླིང་རྒྱ་ནག་གི་བཙོན་པར་གྱུར་ཏེ་ལོ་གཅིག་འཁོར།

Comment (1) on ““མདོ་སྨད་མི་མང་ལ་ཞུ་འབོད་”ཅེས་པར་ཉན་རྗེས་ཀྱི་གཏམ།”

  1. ཉི་སྣང་། says:
    2021-01-01 at 1:07 am

    རང་གིས་རང་མདོག་བསྟན་པ་ཙམ་དུ་ཟད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme