Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ང་དང་། བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལགས་མཉམ་གཤིབས་ཀྱི་ལོ་ངོ་༥༧

Posted on 2020-12-232020-12-25 By ཁ་བརྡ 7 Comments on ང་དང་། བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལགས་མཉམ་གཤིབས་ཀྱི་ལོ་ངོ་༥༧

བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ཞིབ་པ་ཟུར་པ་འབུམ་རམས་པ་ངག་དབང་རབ་རྒྱས་ལགས་ཀྱིས་གསུངས། བདེ་སྐྱིད་ཀྱིས་ཡིག་ཐོག་ལ་ཕབ།

(ཁྱད་ཡོན་དྲུག་དང་ལྡན་པའི་སྲིད་སྐྱོང་འོས་མི་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལ་རྒྱབ་སྐྱོར་ཞུ།)

དེང་སྐབས་ང་ཚོའི་སྤྱི་ཚོགས་ནང་ལ་ ༢༠༢༡ ལོའི་སྲིད་སྐྱོང་དང་། སྤྱི་འཐུས་འོས་བསྡུའི་བགྲོ་གླེང་དང་། ཁྱབ་བསྒྲགས། གཏམ་བཤད་ལ་སོགས་པའི་ལས་འགུལ་སྣ་ཚོགས་ཤིག་ཚ་ཚ་འུར་འུར་ཐོག་སྤེལ་བཞིན་འདུག ཚང་མས་མཁྱེན་གསལ་ལྟར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཕུ་ཐག་རིང་པོར་དགོངས་པ་ཆེ་བཞེས་ཀྱིས་བོད་ལ་མང་གཙོའི་ལམ་ལུགས་སྲོལ་གཏོད་ཀྱིས་ང་ཚོར་གསོལ་རས་གནང་ཡོད། མང་གཙོའི་ལམ་ལུགས་ནང་ལ་ཐོབ་ཐང་དང་ལས་འགན་མང་པོ་ཡོད་པ་ལས་རྒྱལ་ཁབ་ཀྱི་དབུ་ཁྲིད་གདམ་རྒྱུ་ནི་ལས་འགན་དང་ཐོབ་ཐང་གལ་ཆེ་ཤོས་ཤིག་རེད། དེ་བས་ ༢༠༢༡ ལོའི་སྲིད་སྐྱོང་གདམ་རྒྱུ་ནི་གལ་ཆེན་ཆགས་ཡོད་པས་ང་ཚོ་ཚང་མས་བསམ་བློ་རྒྱ་ཆེན་པོ་དང་། གུ་ཡངས་པོ། ཕུ་ཐག་རིང་པོའི་དགོངས་པ་གཟབ་གཟབ་བཞེས་ནས་ང་ཚོའི་སྲིད་སྐྱོང་ཚད་ལྡན་ཞིག་གདམ་རྒྱུ་གལ་ཆེན་ཆགས་ཡོད། སྤྱིར་འཛམ་གླིང་ནང་གི་རྒྱལ་ཁབ་སོ་སོའི་མང་གཙོའི་དབུ་ཁྲིད་ལ་ཚང་དགོས་པའི་དོན་ཚན་མང་པོ་ཡོད་ནའང་། ང་ཚོའི་སྤྱི་ཚོགས་དང་འབྲེལ་ནས་གལ་ཆེ་ཤོས་ཀྱི་དོན་ཚན་ཁ་ཤས་ཞུ་འདོད་བྱུང་།

ང་ཚོའི་སྲིད་སྐྱོང་ལ་ཁྱད་ཆོས་དྲུག་ཚང་དགོས་པ་མཐོང་གི་འདུག ཡ་རབས་བཟང་སྤྱོད་དང་ལྡན་པ། དྲང་ཚུགས་དང་ལྡན་པ། མང་ཚོགས་ཀྱིས་ཡིད་ཆེས་བློ་གཏད་ཞུ་ས། ༧གོང་ས་མཆོག་གི་དགོངས་གཞིའི་འོག་ལ་ཤར་བསྐྱོད་གནང་མཁན། བོད་ཆོལ་གསུམ་མི་རིགས་ཀྱི་ཆིག་སྒྲིལ་བསྐྲུན་ཐུབ་མཁན། སྒྲིག་འཛུགས་དང་ཆབ་སྲིད་ཀྱི་ཉམས་མྱོང་དང་ལྡན་པ་བཅས་ཁྱད་ཆོས་དྲུག་དང་ལྡན་པའི་སྲིད་སྐྱོང་ཞིག་གདམ་རྒྱུ་གལ་ཆེན་ཆགས་འདུག

ད་ལྟ་ ༢༠༢༡ ལོའི་སྲིད་སྐྱོང་འོས་མིར་བཞེངས་མཁན་བདུན་ཡོད་པ་ལས་བཀྲ་ཤིས་སྟོབས་རྒྱལ་ལགས་མ་གཏོགས་ཚང་མ་ངས་ངོ་ཤེས་ཀྱི་ཡོད་ལ། གངས་ཅན་སྐྱིད་གཤོངས་ཀྱི་རྭ་བའི་ནང་ལ་མཉམ་དུ་གཤིབས་མྱོང་ཡོད། ཚང་མ་བོད་མིའི་སྒྲིག་འཛུགས་ཀྱི་ནང་ལ་ཕྱག་ལས་གནང་མྱོང་མཁན་ཤ་སྟག་ཡིན་སྟབས་གུས་བརྩི་དང་རྗེས་སུ་ཡི་རང་ཞུ་གི་ཡོད། འོས་མི་དྲུག་གི་ནང་ནས་ང་རང་རྒྱུན་རིང་ཤོས་སྐུ་ངོ་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལགས་དང་མཉམ་དུ་གཤིབས་པ་ཡིན། སྐུ་ངོ་ཁོང་དང་ང་ཆུང་དུས་བལ་ཡུལ་ཤར་ཁུམ་བུ་ཉིན་མོའི་སློབ་གྲྭར་མཉམ་དུ་འགྲོ་མྱོང་ཡོད་ལ། ཕྱི་ལོ་ ༡༩༦༤ ནས་གཞི་རིམ་སློབ་གྲྭ་མ་ཐོན་བར་དུ་ཌལ་ཧོར་བོད་གཞུང་སློབ་གྲྭའི་ནང་ལ་མཉམ་དུ་སློབ་སྦྱོང་བྱས་པ་ཡིན། ད་དུང་ང་གཉིས་འཛིན་གྲྭ་གཅིག་པའི་འཛིན་གྲོགས་ཀྱང་ཡིན། སློབ་གྲྭའི་ནང་ལ་དགེ་རྒན་དང་། ལས་བྱེད། སློབ་ཕྲུག་རྒན་གཞོན་བར་གསུམ་གྱིས་སྐུ་ངོ་དངོས་གྲུབ་ལགས་ལ་ཆ་འཇོག་དང་། བརྩི་བཀུར་བྱེད་ས་ཞིག་ཡིན་པ་དང་། ཁོང་གིས་ཀྱང་རྒན་པར་གུས་ཞབས་དང་། ཆུང་བར་བྱམས་སྐྱོང་གནང་གི་ཡོད། སྐབས་དེ་དུས་ནས་ཁོང་ནི་ཡ་རབས་བཟང་སྤྱོད་ལྡན་པའི་སྐྱེ་བུ་ཞིག་རེད། གཞི་རིམ་སློབ་གྲྭ་ཐོན་རྗེས་ཕྱི་ལོ་ ༡༩༧༤ ནས་ང་ཚོ་མཉམ་དུ་ལྡི་ལི་མཐོ་སློབ་ལ་སློབ་སྦྱོང་བྱས་པ་ཡིན། སྐུ་ངོས་མཐོ་སློབ་ནང་ལ་ཆབ་སྲིད་ཚན་རིག་ཐོག་ལ་སློབ་སྦྱོང་གནང་པ་དང་སྐབས་དེ་དུས་ཀྱང་ང་གཉིས་འཛིན་གྲོགས་ཡིན། ཕྱི་ལོ་ ༡༩༧༧ ཕྱི་ཟླ་ ༧ ནང་ལ་ང་ཚོ་མཐོ་རིམ་སློབ་གྲྭ་ཐོན་པ་དང་སྐུ་ངོ་ང་གཉིས་མཉམ་དུ་དྷ་རམ་ས་ལར་གཞུང་གི་ཞབས་ཕྱི་ཞུ་བར་བཅར་པ་དང་། བོད་གཞུང་ལས་བྱེད་བདག་གཉེར་ཁང་ནས་གོ་སྒྲིག་གནང་བའི་ལས་བྱེད་ཚུད་རྒྱུགས་ནང་ཞུགས་པ་ཡིན། སྐབས་དེ་དུས་ཡིག་ཚད་གཏོང་མཁན་ནང་མཐོ་སློབ་ཐོན་མཁན་དྲུག་བདུན་ཡོད་པ་ལས་ད་ལྟ་མུ་མཐུད་ཞབས་ཕྱི་ཞུ་བཞིན་པ་སྐུ་ངོ་འབྲོང་ཆུང་དངོས་གྲུབ་སྐུ་རྐྱང་མ་གཏོགས་ད་ལྟ་གཞན་ཚང་མ་རྒན་ཡོལ་ཆགས་ཡོད། སྐུ་ངོ་འབྲོང་ཆུང་དངོས་གྲུབ་ལགས་ཀྱིས་ཕྱི་ལོ་ ༡༩༧༧ ནས་གཞུང་གི་ཞབས་ཕྱི་ཞུ་འགོ་བརྩམས་ནས་ད་ལྟ་ལོ་ངོ་ ༤༣ ལྷག་འགྲོ་བཞིན་ཡོད།

ཕྱི་ལོ་ ༡༩༨༠ ནས་ ༡༩༨༢ བར་ང་བདེ་སྲུང་ལས་ཁུངས་ནང་སྐུ་ངོ་དང་མཉམ་དུ་ལས་ཀ་བྱས་པ་ཡིན། ང་དང་སྐུ་ངོ་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལགས་མཉམ་གཤིབས་ཀྱིས་ད་ལྟ་ལོ་ངོ་ ༥༧ ལྷག་འགྲོ་གི་འདུག བྱས་ཙང་། སྐུ་ངོ་འབྲོང་ཆུང་དངོས་གྲུབ་ལགས་ཀྱི་གཤིས་སྤྱོད་དང་། ཕྱི་ནང་གི་ཡོན་ཏན། ཁྱད་ཆོས་སོགས་ལ་རྒྱུས་མངའ་ཆེ་ཤོས་ཕལ་ཆེར་ང་ཆགས་ཡོད་པར་བསམ་གྱི་ཡོད། དེ་བས་ངས་ཁོང་ལ་རྒྱུས་མངའ་ཡོད་པའི་ཐོག་ནས་ངའི་སེམས་གཏིང་ནས་ཁོང་ལ་གུས་བརྩི་དང་། ཆ་འཇོག་དང་ཡིད་ཆེས་ཡོད། དངོས་གནས་ཁྱིམ་ཚང་ཡ་རབས་ཀྱི་བུ་ཡ་རབས་ཤིག་རེད། ངས་གོང་དུ་ཞུས་ཟིན་པའི་ཁྱད་དུ་འཕགས་པའི་ཡོན་ཏན་དང་། ཁྱད་ཆོས་ ༦ ཚང་མ་སྐུ་ངོ་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་ལ་ཚང་ཡོད།

ཡ་རབས་བཟང་སྤྱོད་དང་ལྡན་པ་བྱ་རྒྱུ་ནི་དེང་སྐབས་ཧ་ཅང་གལ་ཆེན་ཆགས་ཡོད། དེང་སྐབས་འཛམ་གླིང་ནང་གི་དཀའ་ངལ་དང་། རྙོག་དྲ་མང་པོ་ཞིག་ཡ་རབས་བཟང་སྤྱོད་ཉམས་རྒུད་དང་། ཡ་རབས་བཟང་སྤྱོད་ཀྱིས་ཕོངས་པ། ཡ་རབས་བཟང་སྤྱོད་མེད་པའི་དབང་གིས་ཡོང་གི་ཡོད་པ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཀྱང་བཀའ་སློབ་ལམ་སྟོན་ཕེབས་ཡོད་ལ། ང་ཚོའི་མཐོང་ཆོས་སུ་ཡང་འགྱུར་ཡོད། དབུ་ཁྲིད་སུ་ཕེབས་ནའང་ཡ་རབས་དང་བཟང་སྤྱོད་ལྡན་པ་ཞིག་ཡོད་ན་རྒྱལ་ཁབ་དང་། སྤྱི་ཚོགས་ནང་ལ་ལྷིང་འཇགས་དང་། བག་ཕེབས། བདེ་སྐྱིད་དང་ལྡན་པ་ཡོང་ཐུབ། དེ་ལས་ལྡོག་ནས་དབུ་ཁྲིད་མ་རབས་ཅན་ཞིག་ཕེབས་པ་ཡིན་ན་སྤྱི་ཚོགས་ནང་ལ་ཟང་ཟིང་དང་། རྙོག་དྲ། དཀའ་ངལ། ཞི་བདེ་བག་ཕེབས་མེད་པ་ཡོང་གི་ཡོད་པ་ང་ཚོས་མཐོང་གི་ཡོད། དེ་བས་གལ་སྲིད་ང་ཚོར་དབུ་ཁྲིད་ཡ་རབས་བཟང་སྤྱོད་དང་ལྡན་པ་ཞིག་དགོས་ཀྱི་ཡོད་ན། དེ་ནི་སྐུ་ངོ་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལགས་རེད་ཅེས་ཞུ་གི་ཡོད།

དེ་བཞིན་ང་ཚོར་རང་ཚུགས་དང་ལྡན་པའི་དབུ་ཁྲིད་དགོས་ཀྱི་ཡོད། རང་ཚུགས་ལྡན་པ་ཞེས་པ་ནི་ཧ་ལས་པའི་གལ་ཆེན་ཆགས་ཡོད། དབུ་ཁྲིད་ནི་དྲང་ཚུགས་དང་ལྡན་པ། ཕྱོགས་ལྷུང་མི་བྱེད་མཁན། རྒྱབ་མདུན་ངོ་ལྐོག་མི་གནང་མཁན། ལྐོག་ཟ་རུལ་སུངས་མི་བྱེད་མཁན། རང་གཞན་གཉིས་ཀར་དགོངས་པ་བཞེས་ཐུབ་མཁན་ཞིག་དགོས་ཀྱི་ཡོད། གལ་སྲིད་ང་ཚོར་དྲང་ཚུགས་དང་ལྡན་པའི་དབུ་ཁྲིད་གཅིག་དགོས་ཀྱི་ཡོད་ན་དེ་ཡང་སྐུ་ངོ་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལགས་རེད་ཅེས་ཞུ་གི་ཡོད།

མང་ཚོགས་ནས་ཡིད་ཆེས་བློ་གཏད་བྱེད་སའི་དབུ་ཁྲིད་གཅིག་དགོས་ཀྱི་ཡོད། མང་ཚོགས་ནས་སོ་སོའི་གཞུང་དང་དབུ་ཁྲིད་ལ་ཡིད་ཆེས་དགོས་པ་ནི་གལ་ཆེན་ཆགས་ཡོད། གཞུང་དང་འགོ་ཁྲིད་ཕན་ཚུན་ཡིད་ཆེས་བློས་གཏད་བྱེད་ཐུབ་པ་ཞིག་དགོས་ཀྱི་ཡོད། ཨིན་སྐད་ཐོག་ནས་ཞུས་པ་ཡིན་ན་ Trust and confident དགོས་པ་གལ་ཆེན་ཆགས་ཡོད། དེར་བརྟེན་དབུ་ཁྲིད་ནི་བློ་གཟུ་བོར་གནས་པ་དང་། དྲང་པོ། ཕྱི་གསལ་ནང་གསལ་གནང་མཁན་ཞིག་དགོས་ཀྱི་ཡོད། གལ་སྲིད་ང་ཚོར་དབུ་ཁྲིད་མང་ཚོགས་ནས་ཡིད་ཆེས་བློ་གཏད་བྱེད་ས་ཞིག་དགོས་ཀྱི་ཡོད་ན་དེ་ནི་སྐུ་ངོ་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལགས་རེད།

ཆིག་སྒྲིལ་དང་། མཐུན་སྒྲིལ། འཆམ་མཐུན་ནི་གལ་ཆེན་པོ་ཡིན་པ་མ་ཟད། བར་སྐབས་ཀྱི་ང་ཚོའི་སྤྱི་ཚོགས་ཀྱི་གནས་བབ་ཐོག་ལ་ཡང་དགོས་མཁོ་གལ་ཆེན་ཞིག་ཆགས་ཡོད། ད་ལྟ་ང་ཚོའི་སྤྱི་ཚོགས་ཀྱི་གནས་སྟངས་གང་འདྲ་ཡིན་པ་ངས་གསལ་པོ་ཞུ་མི་དགོས་པར་ཚང་མས་མཁྱེན་གསལ་རེད། ང་ཚོ་ཆོལ་གསུམ་བོད་རིགས་སྤུན་ཟླ་རྣམས་སྐྱིད་ན་སྐྱིད་མཉམ་དང་། སྡུག་ན་སྡུག་མཉམ་ཞེས་༧སྐུ་མདུན་གྱིས་བཀའ་གནང་བ་བཞིན། ང་ཚོའི་ཆོལ་གསུམ་བོད་རིགས་སྤུན་ཟླ་མཉམ་ཆིག་སྒྲིལ་བཟོ་ཐུབ་པའི་ཆ་རྐྱེན་སྐུ་ངོ་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལགས་ལ་ལྡན་ཡོད། གལ་སྲིད་ཆིག་སྒྲིལ་བསྐྲུན་མཁན་གྱི་དབུ་ཁྲིད་གཅིག་དགོས་ན་སྐུ་ངོ་འབྲོང་ཆུང་དངོས་གྲུབ་ལགས་བདམ་དགོས།

ང་ཚོར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་ལམ་སྟོན་འོག་ལ་ཤར་བསྐྱོད་བྱེད་མཁན་གྱི་དབུ་ཁྲིད་གཅིག་དགོས་མཁོ་ཆགས་ཡོད། སྐུ་ངོ་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལགས་ཀྱིས་ད་ལྟ་བར་དུ་མི་ལོ་ ༤༣ ལྷག་རིང་ལ་༧གོང་ས་མཆོག་གི་དབུ་འོག་ལ་ཞབས་ཞུ་བསྒྲུབས་ཡོད་ལ། ༧རྒྱལ་བའི་དགོངས་གཞི་ལམ་སྟོན་འོག་ལ་ཤར་བསྐྱོད་གནང་མཁན་ཞིག་རེད། གལ་སྲིད་༧རྒྱལ་བའི་དགོངས་གཞི་ལམ་སྟོན་འོག་ལ་ཤར་བསྐྱོད་བྱེད་མཁན་སྲིད་སྐྱོང་གཅིག་དགོས་ཀྱི་ཡོད་ན་དེ་ནི་སྐུ་ངོ་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལགས་རེད།

སྲིད་སྐྱོང་ལ་སྒྲིག་འཛུགས་དང་ཆབ་སྲིད་ཀྱི་ཉམས་མྱོང་ལྡན་དགོས་པས་སྐུ་ངོ་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལགས་ནི་ཕྱི་ལོ་ ༡༩༧༧ ལོར་ལྡི་ལི་མཐོ་སློབ་ཐོན་པ་ནས་བཟུང་ ༢༠༡༦ བར་དུ་བདེ་སྲུང་ལས་ཁུངས་ཀྱི་ནང་དུ་ཞབས་ཕྱི་ཞུས་ཡོད། ལས་ཁུངས་གཅིག་གི་ནང་ལ་ཐེམ་པ་རིམ་འཛེགས་ཀྱིས་ལས་འགོ་བརྩམས་པ་དང་རྒན་ཡོལ་ལ་མ་ཕེབས་བར་དུ་ལས་ཁུངས་གཅིག་གི་ནང་ལ་ཕྱག་ལས་གནང་མཁན་སྐུ་ངོ་མ་གཏོགས་བྱུང་མྱོང་མེད་ངེས་པ་དང་། བོད་ཕྱི་ནང་གསང་གསུམ་གྱི་གསང་བ་ཉར་ཚགས་བྱེད་ས་ནི་བདེ་སྲུང་ལས་ཁུངས་ཡིན་པས་ལས་ཁུངས་དེ་ནི་རང་བཞིན་གྱིས་གལ་ཆེན་པོ་ཆགས་ཡོད། ལས་ཁུངས་དེའི་ནང་ལ་དགོས་པ་ནི་མི་ཡིད་ཆེས་བློས་འཁེལ་ས། ཚང་མས་བློ་གཏད་བཅོལ་ས་ཞིག་དགོས་ཀྱི་ཡོད་སྟབས་དེ་ནི་སྐུ་ངོ་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལགས་ཆགས་ཡོད་པ་གསལ་པོ་ཞེ་དྲག་རེད། སྐུ་ངོ་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་ནི་བོད་གཞུང་གི་ལས་བྱེད་ཐོག་མར་གནང་བ་ནས་ ༢༠༠༦ བར་དུ་བདེ་སྲུང་ལས་ཁུངས་ཀྱི་རྒན་དྲུང་ནས་དྲུང་ཆེ་དང་བཀའ་བློན་བར་གནང་ཡོད། སྐྱབས་རྗེ་ཟམ་གདོང་རིན་པོ་ཆེའི་དབུ་ཁྲིད་འོག་ལ་བཀའ་བློན་གནང་བ་དང་། དེ་ནས་ད་ལྟའི་སྲིད་སྐྱོང་འབུམ་རམས་པ་སྐུ་ངོ་བློ་བཟང་སེང་གེ་དང་མཉམ་དུ་བདེ་སྲུང་བཀའ་བློན་གནང་ཡོད། ཐེམ་པ་རིམ་འཛེགས་ཀྱིས་གནད་འགག་ཆེ་ཤོས་ཀྱི་ལས་ཁུངས་ཤིག་གི་ནང་ལ་ཞབས་ཕྱི་ཞུས་ཡོད།

སྒྲིག་འཛུགས་ཀྱི་ལས་འགན་གལ་ཆེ་ཤོས་ནི་བོད་དོན་བདེན་མཐའ་སེལ་རྒྱུ་དེ་རེད། དེ་ཡང་ཞི་མོལ་ལམ་ནས་གནང་དགོས་པ་རེད། བོད་ནང་ལ་ད་ལྟ་དབང་བསྒྱུར་མཁན་ནི་རྒྱ་ནག་གཞུང་ཆགས་ཡོད་པས་དེ་དང་མཉམ་དུ་མི་དང་མི་ཕན་ཚུན་འབྲེལ་བ་བྱས་ནས་ངོ་ཐུག་ཐོག་ནས་འབྲེལ་བ་བྱ་རྒྱུ་གལ་ཆེན་པོ་ཞེ་དྲག་ཆགས་ཡོད། སྐུ་ངོ་འབྲོང་ཆུང་དངོས་གྲུབ་ལགས་ནི་བོད་རྒྱ་འབྲེལ་མོལ་ལས་དོན་ཚོགས་ཆུང་གི་ཚོགས་མི་རྙིང་ཤོས་ཕལ་ཆེར་ཆགས་ཡོད། ཚོགས་ཆུང་འགོ་བཙུགས་པ་ནས་བཟུང་ཕྱག་ལས་གནང་པ་དང་། ད་ལྟ་ཡིན་ནའང་ཚོགས་མི་གནང་བཞིན་པ་རེད། ཕྱི་ནང་བར་གསུམ་ནས་རྒྱ་ནག་མཉམ་དུ་ཕར་ག་རེ་བཤད་པ་དང་། ཚུར་ལན་ག་རེ་འབྱོར་བ་ཆ་ཚང་མཁྱེན་མཁན་ཕལ་ཆེར་སྐུ་ངོ་འབྲོང་ཆུང་དངོས་གྲུབ་ལགས་མ་གཏོགས་ཡོད་མ་རེད། དེ་བས་གལ་སྲིད་ང་ཚོར་སྒྲིག་འཛུགས་དང་ཆབ་སྲིད་ཀྱི་ཐོག་ལ་ཉམས་མྱོང་ལྡན་པའི་སྲིད་སྐྱོང་ཞིག་དགོས་ཀྱི་ཡོད་ན་སྐུ་ངོ་འབྲོང་ཆུང་དངོས་གྲུབ་ལགས་མ་གཏོགས་མེད་ཅེས་ཞུ་ཐུབ།

སྒྲིག་འཛུགས་ཀྱི་ལས་འགན་ཆེ་ཤོས་ནི་བོད་དོན་བདེན་མཐའ་གསལ་ཐབས་དང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་བདེ་ཐབས་རེད། སྤྱི་ཚོགས་ཀྱི་བདེ་ཐབས་ཟེར་ན་གཞིས་ཆགས་སྲ་བརྟན་དང་། ཤེས་ཡོན། འཕྲོད་བསྟེན་སོགས་ཀྱི་ཐོག་ལ་སྐུ་ངོ་འབྲོང་ཆུང་ལགས་ནི་མངོན་པར་བྱང་ཆུབ་པ། ཉམས་མྱོང་གིས་ཕྱུག་པ་ཞིག་ཆགས་ཡོད། སྒྲིག་འཛུགས་ལ་ཉམས་མྱོང་ལྡན་པའི་སྲིད་སྐྱོང་ཤིག་དགོས་ཀྱི་ཡོད་ན་དེ་ནི་སྐུ་ངོ་འབྲོང་ཆུང་དངོས་གྲུབ་ལགས་རེད།

མདོར་ན། ང་ཚོ་ནི་བོད་གངས་ལྗོངས་ཀྱི་ཆབ་འབངས་ཤིག་ཡིན་པས་ང་ཚོའི་སྲིད་སྐྱོང་གང་འདྲ་ཞིག་དགོས་སམ་ཟེར་ན། སྲིད་སྐྱོང་ཡ་རབས་བཟང་སྤྱོད་དང་ལྡན་པ། དྲང་ཚུགས་དང་ལྡན་པ། ལྷག་བསམ་སྙིང་སྟོབས་དང་ལྡན་པ། ཉམས་མྱོང་དང་ལྡན་པའི་སྐྱེ་བུ་ཞིག་གདམ་རྒྱུ་ནི་ང་ཚོའི་སྐབས་སུ་བབ་པའི་ལས་འགན་ཆགས་ཡོད་དོ། །།

གསུང་བཤད།, བསམ་ཚུལ།

Post navigation

Previous Post: དེ་རིང་ཨ་རིའི་མང་གཙོ་དབུཊ་ལྒང་སྟེང་ན་ཡོད།
Next Post: སེར་མོ་བ་ཚོ་ཆོལ་ཁའི་སྤྱི་འཐུས་སུ་མ་བཞེངས་རོགས།

Comments (7) on “ང་དང་། བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལགས་མཉམ་གཤིབས་ཀྱི་ལོ་ངོ་༥༧”

  1. ཀརྡོ་རབ་འབྱམས་པ་ says:
    2020-12-24 at 10:15 pm

    ད་དེ་རིང་མང་པི་མི་བཤད། ད་ལོའི་སྲིད་སྐྱོང་ཐོབ་ཤོར་གྱི་འོག་ཏུ། མི་མངས་ཀྱི་རྒྱབ་སྐྱོར་བ་ཚོ་ཐོབ་བམ། ལས་བྱེད་རྒྱབ་སྐྱོར་བ་ཚོ་ཐོབ་བམ། འདི་འདྲའི་ལྟད་མོ་ཆེན་པོ་ཞིག་མཐོང་རྒྱུ་ལྷག་བསྡད་འདུག་སྙམ་བཞིན་ཡོད།

  2. གཞུང་པ་ཚེ་དབང་བསོད་ནམས says:
    2020-12-24 at 10:24 pm

    ང་ཚོར་སྲིད་སྐྱོང་ག་འདྲ་ཞིག་དགོས་མིན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་་ཚན་ ༢༡ པ་། སྲིད་སྐྱོང་དང་བཀའ་བློན་གྱི་འོས་ཆོས་ཟེར་བའི་ནང་གསེས་དོན་ཚན་ ༡ ནས་ ༩ པ་བར་སྲིད་སྐྱོང་དང་བཀའ་བློན་གྱི་འོས་ཆོས་ཡིན་པ་དང་དེ་ལས་མང་བའི་འོས་ཆོས་དགོས་ན་ཁྲིམས་བཟོ་སྤྱི་འཐུས་གྲོས་ཚོགས་ནས་བཅའ་ཁྲིམས་བསྐྱར་བཅོས་བརྒྱུད་ནས་འགྲོ་དགོས་པ་ནི་མང་གཙོ་དང་ཁྲིམས་ཀྱི་དབང་བསྒྱུར་ཟེར་བའི་གོ་དོན་ངོ་མ་དེ་མིན་པ་ཡིན་ནམ་།

  3. བྱང་ཆུབ་ལོ་མ། says:
    2020-12-25 at 3:24 am

    སྐུ་ངོ་འབྲོང་ཆུང་གི་རྒྱབ་སྐྱོར་བ་རྣམས་ཀྱིས་སྤྱི་ཚོགས་ནང་ཤུགས་རྐྱེན་ག་ཚད་ཡོད་མེད་ཀྱི་ཡིག་ཚད་གཏོང་གི་ཡོད་པ་རེད། སང་གནངས་རྒྱ་ཆེའི་མང་ཚོགས་ཀྱིས་བརྒྱ་ཆ་སྤྲོད་རྒྱུ་རེད། དེ་དུས་ངེས་པར་དུ་རྒྱལ་བའི་རེ་བ་ཡོད།

  4. བོད་ཡིག་སྐྱབས། says:
    2020-12-25 at 4:22 am

    འོས་འདེམས་ཀྱི་སྐབས་སུ་གོང་ལས་བྱེད་དང་འོག་མི་སེར་ཟེར་བ་ཞིག་མེད་ལ། ཡང་གཅིག་བཤད་ན་མི་མང་མང་ཆེ་བ་ཆོས་ལུགས་ཐད་ནས་བླ་ཆེན་དག་གི་གསུང་རྗེས་སུ་འབྲང་བ་དང་སྲིད་ཀྱི་ཐད་ནས་དབུ་ཁྲིད་དག་གི་གསུང་རྗེས་ལ་འབྲང་ཚུལ་དེ་ཡང་ཤེས་དགོས། དེ་ཡང་གཙོ་བོ་ཕྱི་གསལ་ནང་གསལ་གྱིས་ཇི་ལྟར་རྒྱབ་སྐྱོར་བྱེད་ཚུལ་ལ་རག་ལས་ཡོད་པས་་་ ་་་

  5. ནོར་པ་རབ་ར྄གལ་ says:
    2020-12-25 at 2:29 pm

    གཞུང་པ་ཚེ་དབང་བསོད་ནམས་ལགས་ཀྱི་མཆན་ལ་མཆན་།་་་འོས་ཆོས་དང་ཁྱད་ཆོས་གཉིས་མིང་གི་ར྄ནམ་གྲངས་མ་རེད་་་་་དེ་གཉིས་ཐ་དད་རེད་།་་་་བཅའ་ཁྲིམས་དོན་ཚན་༢༡ནང་འོས་ཆོས་ཞེས་འཁོད་ཡོད་པ་ལས་་ཁྱད་ཆོས་སམ་ཁྱད་དུ་འཕགས་པའི་ཡོན་ཏན་སོགས་གསལ་གྱི་མི་འདུག་གོ

  6. གཞུང་པ་ཚེ་དབང་བསོད་ནམས says:
    2020-12-25 at 6:22 pm

    བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་སྲིད་སྐྱོང་དང་། བཀའ་བློན་། སྤྱི་འཐུས་བཅས་ཀྱི་འོས་ཆོས་ལས་ཁྱད་ཆོས་གསལ་མེད་ན་གལ་སྲིད་འོས་ཆོས་དང་ཁྱད་ཆོས་གཉིས་ཀ་དགོས་ཀྱི་ཡོད་ན་ཁྲིམས་བཟོ་སྤྱི་འཐུས་གྲོས་ཚོགས་ནས་བཅའ་ཁྲིམས་སྐྱར་བཅོས་རྒྱུད་ནས་འགྲོ་དགོས་པ་ལས་གང་ཟག་སྒེར་གྱི་ཁྱད་ཆོས་སྟོན་པ་ལ་འོས་འཕེན་མི་མང་ནས་མོས་མཐུན་ཡོད་མེད་འཐེ་ཚོམ་ནང་ལྷག་པ་མ་ཟད་ཁྲིམས་མཐུན་ཡང་ཆགས་དཀའ་བ་མ་རེད་དམ་།

  7. གཞུང་པ་ཚེ་དབང་བསོད་ནམས says:
    2020-12-25 at 6:32 pm

    ཕྱོགས་གཏོགས་དང་། འགོ་འདྲེན་། གྲལ་རིམ་དམངས་གཙོ་ལ་འགན་ཁུར་ནས་གཞི་རིམ་མི་མང་གི་བསམ་བརྗོད་རང་དབང་ལ་བརྡོ་ཕོག་འགྲོ་གཞིའི་སྔོན་འགྲོའི་འོས་བསྡུ་མི་མང་ནས་མ་གནང་སྔོན་དུ་སྲིད་སྐྱོང་གི་འོས་མི་སྟོན་རྒྱུ་དེ་བཙན་བྱོལ་བོད་མིའི་བཅའ་སྒྲིག་གང་གི་ནང་གསལ་ཡོད་གསལ་པོ་ཤེས་མ་སོང་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (94)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (62)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme