Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

འབྲོང་ཆུང་གི་རྒྱབ་སྐྱོར་བ་ཞིག་གི་རྒྱབ་མདུན།

Posted on 2020-12-182020-12-18 By ཁ་བརྡ 18 Comments on འབྲོང་ཆུང་གི་རྒྱབ་སྐྱོར་བ་ཞིག་གི་རྒྱབ་མདུན།

ཨ་དགའ་ཁྲོ་ཐུང་།
 
མདོ་སྨད་སྤྱི་ཟུར་ལྷ་མོ་སྐྱབས་ལགས་ནས་འབྲོང་ཆུང་ལ་རྒྱབ་སྐྱོར་གྱི་གཏམ་བཤད་བརྙན་ཐུང་ཞིག་མཐོང་སོང་། སྲིད་སྐྱོང་འོས་མི་སུ་ལ་རྒྱབ་སྐྱོར་བྱེད་མིན་སོ་སོའི་འདོད་པ་རེད། རྒྱབ་སྐྱོར་སུ་ལ་བྱེད་འདོད་ན་དེའི་ཐུན་མིན་ཁྱད་ཆོས་གླེང་ཆོག་གི་རེད། མི་རེ་རེ་ལ་སྲིད་སྐྱོང་འོས་མི་བྱེ་བྲག་པ་རེ་རེ་ལ་རྒྱབ་སྐྱོར་བྱེད་དགོས་པའི་དམིགས་ཡུལ་མི་འདྲ་བ་རེ་ཡང་ཡོད་ཆོག་གི་རེད། མདོ་སྨད་པ་ཞིག་ཡིན་ན་སྤེན་ཚེའི་ཕྱོགས་སུ་ལངས་དགོས་པའི་རྒྱུ་མཚན་གང་ཡང་མེད། ཡིན་ན་ཡང་། མདོ་སྨད་སྤྱི་ཟུར་ཞིག་གིས་མདོ་སྨད་མི་མང་ལ་མགོ་སྐོར་བཏང་ན་ངས་བཟོད་སྒོམ་བྱེད་མི་ཐུབ། མགོ་སྐོར་གཏོང་བ་ནི་སྤྱིར་བཏང་གི་མི་ཞིག་གི་རྩ་བའི་ཡ་རབས་བཟང་སྤྱོད་དང་འགལ་བ་ལྟག་སྤྲོད་ཡིན་པ་བཤད་མ་དགོས་པ་ཞིག་རེད། དེ་ནི་མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་དང་འགལ་བ་ཞིག་ཀྱང་རེད། རང་གི་རྒྱབ་སྐྱོར་བྱེད་སའི་འོས་མི་བྱེ་བྲག་པའི་ཆེད་དུ་མི་མང་ལ་རྫུན་བཤད་ནས་འོས་ཤོག་རེག་ཐབས་བྱས་ན་འོས་བསྡུའི་སྒྲིག་གཞི་ལ་མ་བརྩིས་པའི་ཉེས་ཆད་ཀྱང་གཅོད་དགོས་ངེས་རེད།

ཟླ་ཤས་སྔོན་ཙམ་ལ་སྤྱི་ཟུར་ལྷ་མོ་སྐྱབས་ལགས་མདོ་སྨད་གླིང་གི་སྐད་འཕྲིན་ཚོགས་པའི་ནང་ཡོང་ནས་སྐད་ཆ་ཐེངས་ཁ་ཤས་བཤད་སོང་། ༢༠༢༡ ལོའི་སྲིད་སྐྱོང་འོས་མི་ཡག་ཤོས་ཚོགས་ཟུར་སྤེན་པ་ཚེ་རིང་རེད། ཚོགས་ཟུར་སྤེན་ཚེར་སྲིད་སྐྱོང་འོས་མི་གཞན་ལས་ཁྱད་དུ་འཕགས་པའི་ཡོན་ཏན་མང་པོ་ཞིག་ཡོད་རབས་བཤད་སོང་བ་མ་ཟད། ཚོགས་ཟུར་སྤེན་པ་ཚེ་རིང་ལ་ངེས་པར་དུ་༢༠༡༢༡ ལོའི་སྲིད་སྐྱོང་ཐོབ་དགོས་པ་རེད། གལ་སྲིད་མ་ཐོབ་ན་རྒྱབ་སྐྱོར་བྱེད་མཁན་གཙོས་པའི་རང་གཞན་རོགས་གསུམ་ཚང་མ་དུས་གཏན་དུ་ཕམ་སོང་བ་ལྟ་བུའི་བསམ་ཚུལ་མང་པོ་བཤད་པར་ཉན་ཡིན། ངས་ནི་བོད་མི་མང་ལ་ཤ་ཚ་ནས་བཤད་པ་ཡིན་རྒྱུ་རེད་བསམ་སོང་། འགན་ཁུར་ནས་གཞུང་གཉིས་ལ་ཕན་ཞིག་ཐོགས་ན་སྙམ་པའི་ཀུན་སློང་གཙང་མ་དང་ལྷག་བསམ་རྣམ་དག་གིས་བཤད་པ་ཡིན་རྒྱུ་རེད་བསམ་སོང་མོད། མི་མང་གི་ངོས་ནས་ཁོའི་སྐད་ཆ་ལ་ཆ་འཇོག་ངོས་ལེན་བྱེད་མཁན་རེ་གཉིས་ཙམ་ལས་བྱུང་མ་སོང་། ད་ལྟ་བསམ་བློ་ཞིག་བཏང་ན། སྐབས་དེར་ཁོ་ལ་མི་འདོད་པའི་རྣམ་འགྱུར་བསྟན་ནས་ཁ་རྡུང་གཏོང་མཁན་གྱི་ཚོགས་མི་རྣམ་པས་ནོར་མི་འདུག ཁོས་དེ་ལྟར་བཤད་དགོས་དོན་ནི་འབྲོང་ཆུང་གི་ཆེད་དུ་ཡིན་པ་རིམ་གྱིས་གསལ་བོ་ཆགས་ཡོང་གི་འདུག སྲིད་སྐྱོང་འོས་མིའི་ཆེད་དུ་འབྲོང་ཆུང་སེམས་ལ་བཟུང་ནས་ཁ་ནས་སྤེན་ཚེ་ལ་བསྟོད་པ་བྱེད་དགོས་དོན་མི་འདུག དེ་ནི་ནང་རུལ་བས་ལྐོག་ལས་སྒྲུབ་སྟངས་རེད། མིའི་ཁྲ་ཁྲ་ནང་དང་ཟོག་གི་ཁྲ་ཁྲ་ཕྱི་ཟེར་བ་ཅི་མ་བདེན། སྐབས་དེ་དུས་ནས་འབྲོང་ཆུང་གི་རྒྱབ་སྐྱོར་བའི་ཚབ་བྱས་ཏེ་མི་མང་གི་བློ་ཁ་བསྒྱུར་པར་ཆེད་མངགས་མདོ་སྨད་གླིང་ལ་ཡོང་ཡོད་ན། ཧ་ཅང་ཐབས་སྐྱོ་བོ་རེད། མི་གཞི་ལ་སྐྱོན་ཡོད་པའི་རྟགས་རེད།

དྲང་པོ་བཤད་ན། སྐུ་ངོ་རྣམས་ནི་ནང་ཁུལ་འབྲེལ་ལམ་གྱི་ལྟག་སྒོ་ནས་འཛུལ་ཡོང་བའི་མི་ལ་ཧ་ཅང་དགའ། རྡ་སའི་སྐུ་ངོ་ཚོའི་ཆབ་སྲིད་ཀྱི་ལག་རྡོ་ཆགས་སོང་ན་དེར་ཅང་སྙིང་བོ་མེད་ཀི རྩ་དོན་གྱི་ཆེད་ནི་མིན། གཞིས་ལུས་མི་མང་བསམ་པ་དེ་བས་ཀྱང་མིན། བོད་མི་བཙན་བྱོལ་བའི་ནང་གི་རང་ཁ་གསོ་ཐུབ་ཙམ་གྱི་ཤེས་ཡོན་པ་ཞིག་གི་སྐྱེ་བ་ལངས་མྱོང་བའི་མི་དེ་ཚོ་ལ་སྤྱི་སེམས་ཟེར་བ་ཞིག་ཕར་ཞོག ཐ་ན་རང་ཉིད་ལ་ཡང་བདག་པོ་རྒྱག་མི་ཤེས་ཀྱིན་མི་འདུག འདི་ལས་ཐབས་སྐྱོ་བ་ཞིག་གང་ན་ཡོད།

བསམ་ཚུལ།

Post navigation

Previous Post: ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་བཤད་པ།
Next Post: སྐུ་རིན་པོ་ཆེ་དང་རྒྱང་ཤེལ།

Comments (18) on “འབྲོང་ཆུང་གི་རྒྱབ་སྐྱོར་བ་ཞིག་གི་རྒྱབ་མདུན།”

  1. ཁྲིམས་དཔོན། says:
    2020-12-18 at 10:32 pm

    སྤྱི་ཟུར་ཆབ་བྲག་ལྷ་མོ་སྐྱབས་མཆོག་གིས་དེ་ལྟར་རྩ་ནས་གསུང་མེད། སྐྱག་རྫུན་བཤད་ནས་ཡོང་དཀའ། སྤེན་ཚེ་མ་གཞི་ནས་མི་ག་འདྲ་ཡིན་པ་ཧ་གོ་དོན་གསལ་རེད། མདོ་སྨད་གླིང་ཟེར་པའི་ནང་དུ་སྤྱི་ཟུར་མཆོག་གིས་འབྲོང་ཆུང་མཆོག་ལ་རྒྱབ་སྐྱོར་བྱེད་དགོས་དོན་གསུང་ཡོད། ཁྱོད་ལ་དཔང་རྟགས་ཡོད་ན།་དེ་ལྟའི་སྒྲ་སྒམ་བཀྲམ་རོགས་ཞུ། སྤེན་ཚེ་ལ་ ༢༠༡༥ དང་ ༢༠༡༦ ལ་རྒྱབ་སྐྱོར་བྱས་ཡོད་པ་མ་རེད། སྤེན་ཚེའི་ཉེ་སར་བསྡད་པ། བཤིབ་མྱོང་བ། གྲོགས་པོ་ཡིན་པ་ཚང་མས་ཁོ་ལ་རྒྱབ་སྐྱོར་བྱེད་ཀྱི་མི་འདུག ཐ་ན་སྤྱི་འཐུས་ཤར་ཁུག་དང་ཐུབ་བསྟན་ལུང་རིགས་ཀྱིས་ཀྱང་རྒྱབ་སྐྱོར་བྱེད་ཀྱི་མི་འདུག སྤེན་ཚེར་ཏན་ཏན་དཀའ་ངལ་ཞིག་ཡོད་རེད་འདོད། ཁོ་ཚོས་བཤད་ཀི་མ་རེད། ཡག་ན་རྒྱབ་སྐྱོར་མི་བྱེད་དོན་ཅི།

  2. ཁྲིམས་དཔོན། says:
    2020-12-18 at 10:38 pm

    སྤེན་པ་ཚེ་རིང་གིས་ ༢༠༡༥། ༢༠༡༦ ལོའི་འོས་བསྡུའི་སྐབས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་དོལ་རྒྱལ་གྱི་པར་དང་མཉམ་སྦྱར་གྱིས་ལ་དྭགས་ཁུལ་དུ་མི་ཚང་རེ་རེའི་སྒོ་རྩར་མཚན་ནག་གུང་བཀྲམས་པར་ཇུས་བཀོད་ཆ་ཚང་འཐེན་པ་ཕྱིར་གྱར་འདུག་ག དང་པོ་ག་རེ་ལབ་མིན། བར་དུ་གང་ནས་དཔར་མིན། མཇུག་ཏུ་སུས་སྦྲགས་ལམ་ནས་བཏང་མིན། མཐར་མི་ཚང་སོ་སོར་བཀྲམ་མིན་བཅས་པར་སྤེན་ཚེ་རང་དང་འབྲེལ་བ་འདུག་པས་གཟབ་དགོས་པ་འདུག ད་དུང་མང་པོ་རེད། བཤད་དགོས་ན་ཆ་ཚང་བཤད་ཡ་ཡོད།།

  3. jigwang Abharu says:
    2020-12-18 at 11:08 pm

    ངས་སྤེན་པ་ཚེ་རེིང་ལས་རྒྱབ་སྐྱོར་ནང་ཡང་བྱེད་མི་ཐུབ།
    གཅིག་ནས་ཁོས་བཀའ་ཤག་ངོ་རྒོལ་དང་ཁྲིམས་ལ་སྦྱར་ནས་ད་དུང་ཁོ་ཡིན་མདོག་བཤད་ནས་
    སྲིད་སྐྱོང་ལ་ལལངས་པ་འདི་ངོ་ཚ་གི་མི་འདུག་གམ།
    གཉིས་ནས་བཀའ་ཤག་གི་གོང་དུ་སུ་ཡོད་པ་ཤེས་བཞིན་དུ་ཁྱེད་སོད་བརྩི་མེད་བཏང་པ་དེ་རེད།
    གསུམ་ནས་ཁོ་པ་ཆང་འཐུང་ཤ་སྟག་བྱས་ནས་ནང་མིའི་ཉེས་ཁྲིམས་ཡོད་པ་ཚད་ཁ་ཤས་ཀྱི་ལག་
    དམར་པ་རེད་ཟེར་བ་སོགས་བ།ཤད་མཁན་མང་དག་ཡོད་པར་བརྟེན་ཤེས་བཞིན་དུ་རྒྱང་མཆོང་
    མ་བྱེད་པར་གཟབ་དགོས་པ་ཡིན་ནོ།

  4. ཁྲིམས་དཔོན། says:
    2020-12-18 at 11:49 pm

    ༢༠༡༥།༢༠༡༦ ལོའི་སྲིད་སྐྱོང་འོས་བསྡུའི་ན་ཚ་རྙིང་པ་དང་། དོན་གཅོད་འཕོ་འགྱུར་གྱི་ནང་ཁུལ་གྱི་བཀྲ་མ་ཤིས་པའི་ན་ཚ་རྙིང་པ་བཅས་ཀྱི་ཚོར་བའི་གཞན་དབང་དུ་སོང་སྟེ། སྤེན་པ་ཚེ་རིང་ལ་རྒྱབ་སྐྱོར་བྱེད་ཀྱི་ཡིན་ལབ་མཁན་དག་ནི། བོད་མི་རིགས་ལ་ལར་ཞེན་དང་ཆིག་སྒྲིལ་ལ་བསམ་བློ་རྩ་ནས་མི་གཏོང་མཁན་རྐྱང་རེད། སྤེན་པ་ཚེ་རིང་། བློ་བཟང་སེང་གེ སྐལ་བཟང་རྡོ་རྗེ་སོགས་ནི་ང་ཚོའི་སྤྱི་ཚོགས་ནང་དྲན་པ་བརྗེད་དགོས་པའི་དུས་ལ་བབས་ཡོད། ཁོ་ཚོ་མེད་ན་ང་ཚོ་ལྷིང་འཇགས་དང་ཆིག་སྒྲིལ་ཡོང་། མདུན་ལམ་ལ་ཕན།

  5. པད་མ་རིག་འཛིན says:
    2020-12-18 at 11:59 pm

    ཁྲིམས་ཞེས་བ་ནི་དྲང་བདེན་གྱི་་གཟུ་བོ་དང་བདེན་པ་ལ་དབང་བོ་བྱེད་སྤྱད་ཀྱི་རྒྱ་མ་རེད། ཉམས་ཆུང་ལ་ཐུབ་ཚོད་གཏང་མཁན་དང་། ཉེས་མེད་ལ་སྙོན་འཛུགས་བྱེད་མཁན་ཚོར་གཅེར་བུ་བཟོ་ས་རེད། རང་གི་རྒྱལ་ཁབ་དང་སྲིད་གཞུང་གི་བཅའ་ཁྲིམས་རིན་པོ་ཆེ་ཡང་ཁས་ལེན་མི་ཐུབ་པའི་སྐྱག་ཟན་ཞིག་ཡིན་ན།
    ད་ཁྲིམས་ཀི་སྐད་ཆ་གླེང་མ་ཡོང་། མི་རང་ཉིད་ངོ་ཚ་མེད་པའི་ཅོལ་ཆུང་བ་ཞིག་རྟགས་ཙམ་ལས་མི་འདུག

  6. སྐལ་བཟང says:
    2020-12-19 at 2:27 am

    ཧ་ཧ་ཧ་་་མདང་དགོང་མི་འདི་ཚོར་གཉིད་མ་འདངས་པ་འདྲ་་་་་་

  7. བྱང་ཆུབ་ལོ་མ། says:
    2020-12-19 at 11:03 am

    བཤད་རྒྱུས་ཕོངས་ཟེར་བ་དེ་འདི་འདྲ་ལ་ཟེར་བ་ཡིན་པ་རེད།

  8. རླངས་སྔགས says:
    2020-12-19 at 3:04 pm

    ཁྲིམས་ཀྱི་འགྲོ་ལུགས་ལ་མིག་ཟུང་དང་རྣམ་དཔྱོད་སྒྲིམ་མེད་ཚེ། ཚོར་བ་དང་ཞེན་ཁོག་སྐམ་པོའི་ཤུགས་ལས་ཁྲིམས་དང་བདེན་པ་མཐོང་མི་ཐུབ།
    མདོར་བསྡུས་ན། སྤྱི་འཐུས་ནི་ནུབ་ཕྱོགས་ཡུལ་གྲུ་ཁག་ནས་བདམས་པ་ནི་ས་གནས་སྤྱི་འཐུས་ཡིན་པས། ས་གནས་མི་དམངས་ཀྱི་འདོད་བློ་དང་དེའི་ཚབ་བྱེད་མཁན་ཞིག་ཡིན་དགོས། དེ་མཚུངས་སུ་ཆོལ་ཁའི་སྤྱི་འཐུས་ཞིག་ཡིན་ན་ཆོལ་ཁའི་མི་དམངས་ཀྱི་རེ་འདོད་བཟང་ངན་གང་ཡིན་རུང་གླེང་ཕོད་པ་དང་སྒྲུབ་ཐུབ་མཁན་ཞིག་ངེས་པར་དུ་བྱེད་དགོས། དེ་བས་ན་སྤྱི་འཐུས་ག་གེ་མོ་སུ་ཞིག་གིས་༧གོང་ས་མཆོག་ལ་དངོས་ཤུགས་བརྒྱུད་གསུམ་ནས་ཟུར་ཟ་དང། རྩ་ཁྲིམས་ལ་རྩིས་མེད་བྱས་ན་ཁོང་འདེམས་མཁན་གྱི་མི་དེ་དག་གི་འདོད་བློ་ཡིན་པར་ངེས་འཛིན་བྱེད་དགོས། དེ་མིན་སྤྱི་འཐུས་ག་གེ་མོས་རང་སྣང་གང་དྲན་ངང་སྤྱི་འཐུས་ཚོགས་ར་དང་སྒེར་གྱི་ལས་འགུལ་འདྲ་མིན་ནང་མཉམ་ཞུགས་ངང་གཏམ་གླེང་འདྲ་མིན་བྱས་ན་ཁྲིམས་དང་དམངས་ལ་འགན་ཁུར་ཐུབ་པའི་སྤྱི་འཐུས་ཚད་ལྡན་ཞིག་གི་གནས་བབ་འཛིན་པ་ནམ་ཡང་མིན་པ་མ་ཟད། རང་ཉིད་སྤྱི་འཐུས་བདམས་མཁན་ཚོར་བསླུས་པ་རེད། མདོ་སྨད་སྤྱི་འཐུས་ཟུར་བ་དང་ཡང་ན་ལས་ཐོགས་པ་སུ་ཞིག་གིས་མདོ་སྨད་མི་དམངས་ཀྱི་མངོན་འདོད་ལས་ལྡོག་ཕྱོགས་སུ་སོང་ན་འོས་འདེམས་པ་བསླུས་པ་ལས་གཞན་མེད། སྤྱི་འཐུས་སུ་ཞིག་སྒེར་གྱི་དྲན་སྣང་དང་བལྟ་ཚུལ། ཁེ་ཕན་ཁོ་ན་ལ་དམིགས་ནས་ཐམས་ཅད་སྒེར་ཕྱོགས་གཙོ་འཛིན་བྱས་ན་འོས་ཤིང་འཚམས་པ་ཞིག་གཏན་ནས་མིན།
    ཚོགས་ཟུར་སྤེན་ཚེ་ནི་བཀའ་ཤག་གིས་ཁྲིམས་ལ་གཏུགས་དགོས་པར་གཏམ་བཤད་རབ་དང་རིམ་པར་གནང་ནས། ཨུ་ཐུགས་ནས་མ་འོང་ཐབས་མེད་ཆགས་པ་རེད། ཁ་མཆུ་ཨང་༢༠ དེས་བོད་མི་ཡོད་དོ་ཅོག་གིས་གནས་ལུགས་དང་རྒྱུ་མཚན་ལ་གཞིར་བཅོལ་བའི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཅའ་ཁྲིམས་ནི་མངོན་ལྐོག་མེད་པ་ཞིག་ཡིན་པ་གསལ་བར་རྟོགས་ཡོད། བཀའ་ཤག་གིས་ཀྱང་གནོན་ཤུགས་སྤྲོད་མི་ཐུབ་པའི་ང་ཚོའི་བཅའ་ཁྲིམས་ཀྱི་རྩ་དོན་ལྟར་ལག་བསྟར་གནང་བ་འདི་ངོ་མ་དམངས་གཙོ་ཁྲིམས་ཀྱིས་སྐྱོང་པའི་བདེན་དཔང་དང་གཟི་བརྗིད་ཉག་ཅིག་ཡིན། འདིས་ང་ཚོའི་དམངས་གཞུང་གཉིས་ལ་རིན་ཐང་གནང་ཡོད། ཚོགས་ཟུར་སྤེན་ཚེ་མཐར་རྒྱལ་ཁ་ཐོབ་པ་ནི་དམངས་མི་དཀྱུས་མ་ཞིག་གི་ངོ་ཐོག་ནས་ཁྲིམས་ལ་བརྩི་སྲུང་དང་ཡིད་ཆེས་བརྙེད་པའི་འབྲས་བུ་ལས་བྱུང་བ་རེད། བཀའ་ཤག་གིས་མཐར་ངོས་ལེན་བྱས་བ་དེ་ཡང་ཁྲིམས་ལ་བརྩི་སྲུང་བྱས་པ་རེད། གཞུང་བཀའ་ཤག་དང་དམངས་མི་སྤེན་ཚེ་བར་གྱི་ལེའུ་ཁྲིམས་ཐོག་ནས་མཇུག་རྫོགས་པ་རེད་མ་གཏོགས། གཞན་གྱིས་གནོན་ཤུགས་དང་བསྲུ་ཁྲིད་གང་གིས་མིན་པ་མིག་ཞ་ར་དང་རྣ་འོན་པ་ཡིན་ན་མ་གཏོགས་གཞིས་བྱེས་གཉིས་ལ་ཡོངས་གྲགས་རེད། །།

  9. རྟ་བདུན་དབང་བོ says:
    2020-12-19 at 7:39 pm

    བརྒྱ་བཤད་སྟོང་བཤད་ཚོར་ལ་ཉན་ཡ་མེད། ཆོལ་ཁ་དང་ཆོས་ལུགས་ལ་ཞེན་ཕྱོགས་གཏན་ནས་འཛིན་མི་རུང་། ང་ཚོར་རྒྱལ་ཁབ་མེད་པ་ཤེས་དགོས། སྲིད་སྐྱོང་ངེས་པར་དུ་འཇོན་ཐང་ཅན་ཞིག་སླེབ་དགོས། ཆབ་སྲིད་པའི་གནས་ཁྲིད་མཁན་ཞིག་ཡིན་ན་རབ་ལ་མི་སེམས་འགུགས་ཐུབ་པའི་ཆ་རྐྱེན་གསུམ་ཚང་དགོས། མ་མཐའ་ཡང་གསུམ་ཀ་མ་ཚང་ཡང་གཅིག་ངེས་པར་དུ་དགོས། ཆ་རྐྱེན་གསུམ་ནི། གཏམ་བཤད་མཁས་པས་མི་སེམས་འགུགས་པ། གཟུགས་དང་ལང་ཚོས་མི་སེམས་འགུགས་པ། དཔལ་འབྱོར་གྱིས་མི་སེམས་འགུགས་པ་གསུམ་ཡིན། སྐུ་ངོ་འབྲོང་ཆུང་ནི་གཏོར་མ་བཞིན་དུ་བཤམས་ནས་བཞག་ན་མ་གཏོགས་ཁོང་ལ་འོས་ཆོས་གསུམ་ཀ་ཚང་མི་འདུག ཚོགས་ཟུར་སྤེན་པ་ཚེ་རིང་ལ་དེ་གསུམ་གྱི་ནང་ནས་གལ་ཆེས་ཤོས་ཏེ་ཚང་འདུག ཁོང་གིས་གཏམ་བཤད་ཀྱིས་མི་སེམས་འགུགས་པའི་ནུས་པ་ལྡན་འདུག དེའི་ཕྱིར་༢༠༢༡་ལོར་འོས་མི་ཚོའི་གྲལ་ན་ཁོང་ལས་ལྷག་ཅིག་མི་འདུག རྩ་མི་ཚང་བའི་ཨ་མདོ་བ་ཁ་ཅིག་གིས་འབྲོང་ཆུང་འོས་ཚུལ་བཤད་པ་ནི་གད་མོ་ཤོར་བའི་གནས་རེད། ང་ཚོས་རྒྱལ་ཁབ་རྩོད་ཀྱི་ཡོད་པ་ལས་སྐྱོང་གི་ཡོད་པ་མ་རེད། ཁྱེད་ཚོས་དེ་རྟོགས་ཀྱི་མེད་པ་འདྲ། འབྲོང་ཆུང་ཁ་ནས་གཏམ་བཤད་མེད་མཁན་ཞིག་ལྷ་སྐུ་ནང་བཞིན་ཁྲི་ལ་བཞག་ནས་ཅི་ཞིག་བྱེད་དགོས། བསམ་བློ་ཡག་པོ་ཞིག་ཐོངས་དང་། །

  10. jigwang Abharu says:
    2020-12-19 at 9:10 pm

    སེམས་ཁུགས་སྐད་ཆ་བཤད་རྩ་ན། ལག་ལེན་སེམས་ནི་མ་ཁུགས་སྲིད།
    སེམས་ནས་གང་བསམས་ཁ་ནས་འདོན་རྒྱུ་མེད།
    ཁ་བཤད་ཆུ་ཡི་རྦོ་བ་དང། ལག་ལེན་གསེར་གྱི་ཐིགས་པ་།
    རང་རྒྱལ་གཞན་ནི་ཕམ་དང། རང་ཉིད་རང་ལ་གཅེས་དྲག་ན།
    མཐའ་མ་ཕུང་རྒྱུ་ཉག་གཅིག་རེད། ག་ལེར་ག་ལེར་བལྟ་བས་ཆོག།

  11. དྲང་སྲོང་གཅེར་བུ says:
    2020-12-20 at 9:27 pm

    རྟ་བདུན་དབང་རྟུལ་སྐྱག་ཁ་རྩུག་ཅིག ཁྱོད་ཀྱིས་བོད་དོན་དུ་ཅི་ཞིག་ལས་ཡོད།

  12. ཁྲིམས་དཔོན། says:
    2020-12-21 at 9:24 am

    རླངས་སྔགས་ཟེར་པ་དེ་ཤེས་རིག་བཀའ་བློན་གྱི་ཁྱོ་ག་དེ་རེད་དམ། དེ་ཡིན་ན། ཁ་བཙུམ་ནས་བསྡད་ན་ཡག་གི་རེད། ཉེ་སྔོན་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་གྱི་སྐུ་མགྲོན་བྱས་ནས་ཚུར་འཁོར་མ་ཐག་རེད་ཟེར། སྐྱེད་མན་བཀའ་བློན་བྱེད་དུ་བཅུག སོ་སོ་པེ་ཅིང་གི་སྐུ་མགྲོན་ལ་སོང་ན་ག་འདྲ་འདུག ཁྱི་ཁ་ཚུམས་མ་བསྡད་ན་ཡག རིམ་པར་ཇེ་གསལ་ལ་འགྲོ་གི་རེད་འདོད།

  13. སྟ་ག་འབུམ says:
    2020-12-21 at 10:11 pm

    ཁྲིམས་དཔོན་མིང་ཅན་ཁྱེད་མི་དྲང་པོ་ཞིག་རེད་མི་འདུག ཕྱི་རྒྱལ་ནས་ཐོངས་མཆན་བླངངས་ཏེ་བོད་དུ་ལོག་མཁན་ཞིག་ཡིན་ཚེ་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ཁང་བརྒྱུད་མ་དགོས་པ་ཞིག་མེད།

  14. བོད་ཡིག་སྐྱབས། says:
    2020-12-22 at 8:44 am

    དྲྭ་ལམ་ཡོངས་གྲགས་བརྗོད་པ་ལ།
    རྒྱབ་མདུན་མངོན་ལྐོག་ཅི་ལྟར་འབྱེད།

    རྣམ་རྟོག་ཅན་ལ་འདྲེ་དགུ་འཁོར།
    དྲང་གཏམ་བཤད་ན་ལོག་པར་གོ

  15. ཁྲིམས་དཔོན། says:
    2020-12-22 at 9:39 am

    སྟ་ག་འབུམ་ལ། ང་དྲང་མིན་ལམ་སེང་ཐག་མ་གཅོད། ནང་མི་བོད་གཞུང་གི་ཆེས་མཐོའི་བཀའ་བློན་ཡིན་པ་ཞིག་རྒྱ་ནག་ལ་སོང་ན། ག་འདྲ་འདུག མི་གཞན་ཞིག་ཡིན་ན་འགྲོ་གི་མ་རེད། རྒྱ་ནག་གིས་དེ་རིགས་འགུགས་ཐབས་བྱེད་ཀི་ཡོད་རེད། གལ་སྲིད་བདེན་ན། ཤེས་རིག་བཀའ་བློན་ནས་གསལ་བཤད་་ཞུ་དགོས་རེད། གསལ་བཤད་མེད་ན། དགོངས་པ་ཞུས་ན་ཡག་གི་རེད། དེ་འདྲ་ད་བར་བཙན་བྱོལ་ནང་ཡོད་པ་མ་རེད། ཁྱོ་གས་བཀའ་བློན་བྱས་། སྐྱེད་སྨན་བོད་དང་རྒྱ་ནག་ཏུ་ཕྱིན་པ་ཞིག་ཡོད་པ་མ་རེད།

  16. རྟ་བདུན་དབང་བོ says:
    2020-12-23 at 11:46 am

    དྲང་སྲོང་གཅེར་བུ་ལགས། ངས་བཤད་པར་རྒྱུ་མཚན་མེད་ན་རིག་པ་བཀོད་ཤོག ཅོལ་ཆུང་བ་ཁ་ཅིག་གིས་སྤེན་ཚེ་སྲིད་སྐྱོང་ལ་སླེབས་ན་སྤྱི་ཚོགས་ལྷང་འཇགས་མི་འོང་ཟེར་བ་ནི་སྣ་རུལ་བ་ཤངས་ཀྱིས་མ་ཚོར་བའི་དཔེ་རེད། སྤྱི་ཚོགས་དཀྲུགས་མཁན་ནི་མི་ཁ་ཤས་ཤིག་རེད། དེ་ལྟ་བུ་ནི་ག་དུས་ཡིན་ཀྱང་ཡོད་ཀྱི་རེད། །

  17. བློ་བཟང་། says:
    2020-12-23 at 2:38 pm

    Jigwanh Abharu དེ་་་བོད་སྐད་དུ་་་་་འཇིག་དབང་་་ཨ་ཕའི་རོ་ལ་་་
    རི་བོ་མཛུམ་མོས་སྟོན་པ|

    ལི་ཐང་སྲིད་སྐྱོང ་་གི་རྒྱབ་སྐྱོར་པ་%༩༩ ཡིས་་་༧ གོང་ས་ཡིད་བཞིན་ནོར་བུར་མཚན་སྨད་སྐུར་འདེབས་་་བྱེད་མཁན་་རྐྱང་རེད། གཤམ་འོག་གི་་་མཆན་ལ་་་གཟིགས་་དང་་་མི་མང་ཚོ། ཁྱེད་ཚོས་ད་དུང་་་སྲིད་སྐྱོང་ཉེས་ཅན་པ་་་འགེབས་སྲུང་དང་་་་ཡང་ན་་་མ་མཐོང་མདོགས་བྱེད་རྩིས་ཡིན་ནམ།
    ཁྱེད་རང་་མ་ཤི་གསོན་པོར་་་་ལི་ཐང་སྲིད་སྐྱོང་གི་་་སྒོ་ཁྱི་རུ་་་སྐྱེས་པ་དོལ་འདྲེ་འབྱུང་བོའི་་་སྙིང་ཁམས་ཅན། རང་གིས་་་དགུང་གི་ཉི་མ་ལྟ་བུའི་ཡིད་བཞིན་ནོར་བུར་་་མཚན་སྨད་་་ཞུས་ན་་་རི་རྒྱལ་ལ་་་མགོ་བརྡུངས་ཏེ་་་ཨུ་ཁུང་ཕུག་འདོད་པ་རེད། དེ་མིན་རྒྱལ་བཙོང་པ་་་དེ་སུ་ཡིན་མིན་ཤེས་་་འདོད་་ན། ཁྱི་སངས་་ལྐོག་ཟ་པ་དང་། བོད་ལྷོ ཁར་་་རྒན་མོ་ལོ་བརྒྱད་ཅུ་་་ཅན་ལ་བཙན་གཡེམ་བྱེད་མཁན་གྱི་ཆུ་སྒང་་ཇག་པ་་ཨ་ཐར་སོགས། ད་དུང་་་་རྒྱ་དམག་་་བོད་ལ་་་་་་་་་་་དང་བླངས་ཀྱིས་སྣེ་འཁྲིད་དེ་གངས་ལྗོངས་ཆོས་ལྡན་ཞིང་ལ་་་་ཁྲག་གི་འཁོར་ལོ་་་་་སྐོར་ཏུ་འཇུག་མཁན་་་འབའ་པ་ཕུན་དབང་་སོགས་ལ ཕྲིས་དང་་་ཁོ་ཚོ་་་ལས་རྒྱལ ཚོང་པ་་་སུ ཡིན་མིན་་་ར་སྤྲོད་་་བྱེད་དགོས་པ་ལས། བོད་འབབས་སྡུག་བསྔལ ལས་བསྐྱབས་ཏེ་ཆོས་རིག་གི་བ་གདན་ས་སུམ་གྱི་ཁྱིན་ལ་བཏེགས་པར་མཛད་པའི༧རྒྱལ་བ་ཡིད་བཞིན་ནོར་བུར་་་ཉེས་འཛུགས་་་་བྱེད་སའི་གཞི་ཕྲ་མོ་ཙམ་མེད་བཞིན་དུ། གུང་ཁྲན་ཏང་དང་་དོལ་རྒྱལ་པ། མི་ངན་ཁྱེད་ལྟ་བུས་་ལས་འབྲས ་་་ཁྱད་དུ་བསད དེ་་་་དཀར་བོ་ལ་ནག་པོ་བྱུགས་འདོད་པ་ཙམ་རེད། ལར་ནས་མི་ངན་ཁྱེད་ཀྱིས་་་་༧གོང་ས་མཆོག་ལ་གཞི་མེད་་་སྐུར འདེབས་བྱེད་པ་དང་་་་ནང་དཀྲུག་པ་ལི་ཐང་སྲིད་སྐྱོང་་ལ་དོན་མེད་
    ་འུར་བསྟོད་་་བྱས་ཚེ། ངས་་་་གང་ནས་མིན་ན་་་ཁྱེད་རང་་རྙེད་ཐུབ་པ་བྱས་ཏེ་་་གསོན་པོར་་་་པགས་པ་་་བཤུ་་་་ཁོ་ཐག་ཡིན།

  18. ཇ་མ།་ says:
    2020-12-24 at 11:08 am

    ད་དྲ་ལམ་འདིའི་ནང་ན་འདྲེ་འདུག།ཁྲིམས་དཔོན་ཟེར་མཁན་འདི་སྨྱོས་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (70)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme