Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཤི་གསོན་བྱེ་མའི་ལ་ཁར་འཇིགས་སྣང་ངང་འཚོ་བའི་Trump །

Posted on 2020-12-142020-12-14 By ཁ་བརྡ 5 Comments on ཤི་གསོན་བྱེ་མའི་ལ་ཁར་འཇིགས་སྣང་ངང་འཚོ་བའི་Trump །

བཞག་ལྡོམ་ལྗང་ལོ། 
 
དམ་པའི་ལྷ་ཆོས་ཀྱི་དབང་དུ་བྱས་ན། འགྲོ་བ་མི་ཤི་བའི་རྗེས་སུ། ཉིན་ཞག་བྱེ་དགུར་བར་དོ་འགྲིམ་དགོས་ཤིང་། ཉིན་ཞག་དེ་རྣམས་ཀྱི་རིང་ལ། འགྲོ་བ་མི་དེ་རྣམས་གསོན་པོའི་སྐབས་སུ་དགེ་སྡིག་གི་ལས་གང་ཞིག་བྱས་བ་དེ་དག་ཡིད་ལ་དྲན་པ་དང་། དྲན་པ་དེ་ལ་བརྟེན་ནས་ལེགས་པའི་དགེ་བ་མང་ཙམ་བྱས་པ་ཚོའི། རྣམ་ཤེས་བག་ཕེབས་པོ་ངང་འཇིགས་སྣང་ཉུང་ཞིང། རིམ་གྱིས་འགྲོ་བ་རིགས་དྲུག་ལས། བཟང་བའི་ལུས་རྟེན་དུ་ཡང་སྐྱར་སྐྱེ་བ་ལེན་པ་དང་། ཡང་ཕྱོགས་གཞན་ནས་བཤད་ན། མི་དགེ་བའི་ལས་མང་ཙམ་བྱས་བའི་འགྲོ་བ་མིའི་རྣམ་ཤེས་སུ། བར་དོ་ནས་འཇིགས་སྣང་སྣ་ཚོགས་སྐྱེ་བཞིན་དམྱལ་ཁམས་བཅོ་བརྒྱད་ལས། སྡུག་བསྔལ་འཛད་མཐའ་བྲལ་བ་མྱོང་དགོས་རབ་གསུང་བ་ལྟར། དེ་རིང་ཊམ་ལ་མཚོན་ན་ཆབ་སྲིད་ཀྱི་བར་དོ་འགྲིམ་གྱིན་པའི་སྐབས་ཡིན་ཞིང་། བར་དོ་འགྲིམ་བཞིན་པའི་ཊམ་གྱི་ལུས་སེམས་གཉིས་ལ་བདེ་བ་ལས། རྫོགས་མཐའ་བྲལ་བའི་འཇིགས་སྣང་དང་། སྡུག་བསྔལ་མྱོང་གི་ཡོད། རྒྱུ་མཚན་ནི། ཁོ་ཆབ་སྲིད་ཀྱི་གསོན་ས་ན་ཡོད་དུས། ཨ་རིའི་ཕ་མེས་ཚོའི་ཚེ་སྲོག་གིས་བསྐྲུན་པའི་མང་གཙོ། ཁོས་སྲིད་དབང་སྒེར་སྤྱོད་རིང་ལུགས་ཀྱི་ཕྱོགས་སུ་འབད་པ་དང་། ཨ་རི་བས་ཟུང་ཁྲག་གིས་བསྐྲུན་པའི་སྲིད་འཛིན་ཀྱི་གོ་ས། ཁོས་ནང་མི་རིང་ལུགས་དང་། གྲོགས་པོའི་རིང་ལུགས་ལ་བརྟེན་ནས། ཁོ་ཚོའི་ཁེ་ཕན་ཁོ་ན་དོན་དུ་ཉེར་བ་དང། ཁོ་བོར་སྒོར་མོ་སྦྱིན་མཁན་འབྱོར་ལྡན་པའི་དངུལ་ཀྱི་མ་རྩའི་ཁྲོམ་ར་སྲུང་སྐྱོབས་ཆེད། མི་དམངས་མགོ་སྐོར་བྱས་ནས། ཨ་རི་བ་འབུམ་གསུམ་ཟིན་ཙམ་ཀྱི་ཚེ་སྲོག  ནད་ཡམས(COVID-19)ཀྱིས་འཕྲོག་པ། ཨ་རིའི་རྒྱལ་མཚམས་ནས་མགོན་མེད་དང། སྐྱབས་མེད་པའི་ཉམ་ཆུང་མ་བུ་རྣམས་གཏན་དུ་ཁ་བྲལ་བྱས་བ་དང། ད་དུང་ཁོས་ཨ་རིའི་ནང་ཁུལ་དུ་མི་རིགས་དང་། ཆོས་ལུགས་བར་དབྱེ་འབྱེད་བྱས་བ། ལྷག་པར་ཁོ་དང་ཁོའི་ནང་མིས། སྲིད་འཛིན་ཀྱི་གོ་ས་བེད་སྤྱོད་བྱས་ནས། ཁོ་ཚོའི་ཁེ་ཕན་ཆེད་ཁྲིམས་འགལ་བྱས་བ་རྣམས། ཡིད་ལ་དྲན་ཐེངས་རེ་ལ། བཟོད་མཐའ་བྲལ་བའི་དངངས་སྐྲག་ཞིག་གིས་ངུ་འབོད་དབང་མེད་དུ་ཤོར་ཀྱི་ཡོད་པ་རེད། དངངས་སྐྲག་དང་ངུ་འབོད་ཀྱི་ཀློང་ནས། ནམ་རྒྱུན་ཁོའི་ངན་གོམས་བཞིན། གཡོ་སྒྱུ་ཅི་ལྟར་འཁྲབས་ཀྱང་། བར་དོ་ནི་ཤི་གསོན་བར་གྱི་ལམ་མདོ་ཡིན་པས། རྒྱུ་ནོར་གྱིས་ནུས་བ་འདོན་ས་དང་། ཧམ་པ་བཤད་ས་དང་། གཡོ་སྒྱུ་བྱེད་ས་གང་ཡང་མེད་པ་དང་། ལྷག་པར། ལས་འབྲས་ནི་ནམ་ཡང་བསླུ་བ་མེད་པ་ཡིན་ཞིང་། ཁོའི་ཞག་མ་བྱེ་དགུའི་དུས་ (lame duck) ཡུན་རྫོགས་རྗེས། ཨ་རིའི་གཤིན་རྗེ་ཆོས་ཀྱི་རྒྱལ་ཁྲིམས་ཁ་ནས། ཁོ་བོ་རིམ་གྱིས་དམྱལ་ཁམས་ཅོ་བརྒྱད་འགྲིམ་དགོས་ཤིང་། དེ་རྣམས་བརྒྱུད་པའི་སྐབས་སུ། ཁོའི་དམྱལ་བའི་ལས་མཁན་རེ་རེ་ཡིས་ལག་ནས་སྡུག་བསྔལ་རིམ་བཞིན་མྱོང་གི་རེད་ལ། དེ་ལ་ལས་འབྲས་ཀྱི་རྣམ་སྨིན་འཁོར་བ་བཤད་པ་རེད། 

བསམ་ཚུལ།

Post navigation

Previous Post: གཟུ་དཔང་ཞིག་གི་གདུང་འབོད།
Next Post: གཞུང་ཞབས་ཟུར་པ་བཀྲ་ཤིས་མིང་འཛིན་པས་བཀྲ་ཤིས་རྣམ་རྒྱལ་མིང་ཅན་ལ་བསྡོ་བ།

Comments (5) on “ཤི་གསོན་བྱེ་མའི་ལ་ཁར་འཇིགས་སྣང་ངང་འཚོ་བའི་Trump །”

  1. བན་དེ་བ། says:
    2020-12-14 at 8:37 pm

    ཨ་རིའི་འདེམས་འཐུས་ལྷན་ཚོགས་ཀྱིས་བྷ་ཌན་སྲིད་འཛིན་ལ་འོས་འདེམས།

    ༡༥།༡༢།༢༠༢༠

    ༄༅།། ཕྱི་ཟླ་༡༢་པའི་ཚེས་༡༤་ཉིན་ཨ་མི་རི་ཀའི་རྩ་ཁྲིམས་ལྟར་མངའ་སྡེ་༥༠་ཐམ་པའི་འདེམས་འཐུས་ལྷན་ཚོགས་ཀྱི་འཐུས་མི་རྣམས་མངའ་སྡེ་སོ་སོའི་རྒྱལ་ས་ཁག་ལ་འདུ་འཛོམས་ཀྱིས་གཞུང་འབྲེལ་ཐོག་ཏུ་ཇཱོ་བྷ་ཌན་ཨ་མི་རི་ཀའི་སྲིད་འཛིན་༤༦་པ་དང་ཀ་མ་ལ་ཧེ་རི་སི་ཨ་མི་རི་ཀའི་སྲིད་འཛིན་གཞོན་པར་འོས་འདེམས་བྱས་ཡོད་ཅིང་། ཨ་རིའི་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ཇཱོ་བྷ་ཌན་ལ་འདེམས་འཐུས་ལྷན་ཚོགས་ཀྱི་འོས་ཤོག་༣༠༢་དང་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་སྲིད་འཛིན་ལས་ཐོག་ཌོ་ནལ་ཊམ་ལ་འདེམས་འཐུས་ལྷན་ཚོགས་ཀྱི་འོས་ཤོག་༢༣༢་ཐོབ། དེས་ན་སྲིད་འཛིན་ཌོ་ནལ་ཊམ་གྱིས་འོས་འདེམས་དྲང་སྙོམས་བྱུང་མེད་པ་དང་སྲིད་འཛིན་འོས་འདེམས་ལ་གཡོ་ཁྲམ་བྱུང་སོང་། ཁོང་ལ་འོས་འདེམས་ཀྱི་རྒྱལ་ཁ་ཐོབ་ཀྱང་དམངས་གཙོ་ཚོགས་པ་དང་ཇཱོ་བྷ་ཌན་གྱིས་རྐུ་འཕྲོག་བྱས་སོང་ཞེས་རྩོད་པ་བརྒྱབ་ནས་ཕན་ཐོགས་མེད་པར་གྱུར། ཨ་རིའི་འདེམས་འཐུས་ལྷན་ཚོགས་ཀྱི་འཐུས་མི་ཚོས་དངོས་སུ་འོས་ཤོག་འཕངས་ནས་ཇཱོ་བྷ་ཌན་ལ་སྲིད་འཛིན་འོས་འདེམས་ཀྱི་རྒྱལ་ཁ་ཐོབ་པ་གཞུང་འབྲེལ་གྱིས་ངེས་གཏན་བྱུང་བས་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་གོང་འོག་གི་འཐུས་མི་ཚོས་ཇཱོ་བྷ་ཌན་ཨ་མི་རི་ཀའི་འདེམས་ཐོན་སྲིད་འཛིན་ལ་ངོས་ལེན་བྱ་དགོས་པའི་དུས་སུ་བབས

  2. ཅོ་རི་ཉི་མ། says:
    2020-12-15 at 3:13 am

    དྲ་གྲོགས་བན་དེ་བ་ལགས་་་རུལ་སུངས་ཅན་གྱི་གསར་ཁང་ཁག་གི་རྫུན་ལ་ཡིད་ཆེས་མ་བྱས་་་ད་ལྟ་རང་རྩོད་རྙོག་ཡོད་པའི་མངའ་སྡེ་ལྔ་ཡི་གྲོས་ཚོགས་ཀྱི་འོས་འདེབས་པས་འོས་ཐོབ་སྐར་གྲངས་ཕོ་རྒོད་ཁྲོམ་ཕི་ལ་སྤྲད་འདུག་ཟེར་ནས་གཡས་ཕྱོགས་པའི་གསར་ཁང་ཁག་གིས་བསྒྲགས་བཞིན་གདའ་་་ཧཧཧ

  3. ཀརྡོ་རབ་འབྱམས་པ་ says:
    2020-12-15 at 4:02 am

    བློ་སེང་ཡང་དེ་བཞིན་རེད། ཉི་སྟོང་བཅུ་དྲུག་གི་འོས་ཤོག་བློ་སེང་ལགས་ཡང་བསྐྱར་འཕེན་པ་དེ་ན། ནོར་འཁྲུལ་ཆེན་པོ་ཞིག་ཤོར་རེད་སྙམ་མོ།

  4. བཞག་ལྡོམ་ལྗང་ལོ་། says:
    2020-12-15 at 6:22 pm

    ང་ལ་མཚོན་ན་ཆབ་སྲིད་པ་དང་གསར་འགྱུར་ཁང་རྣམས་ལ་གཡས་ཕྱོགས་དང་གཡོན་ཕྱོགས་སོགས་འབོད་པར་དགའ་བོ་མེད་། ལོ་རྒྱུས་ནས་Hitler་དངMao Zedong སོགས་ཀྱིས་ཚིག་དེ་དག་བེད་སྤྱོད་བྱས་ནས་རང་དང་ལྟ་བ་མི་མཐུན་པ་ཚོའི་སྟེང་མི་མང་བེད་སྤྱོད་བྱས་ཡོད་། ཐ་སྙད་དག་བེད་སྤྱོད་བྱས་པར་བརྟེན་ནས་ཡོངས་གྲཊ་ཀྱིས་Nazi དབང་འོག་ནས་ལྗེའུ་མི་རིགས་ས་ཡ་དྲུག་ལྷག་གི་ཚེ་སྲོག་འཕྲོག་ཡོད་པ་དང་། Mao་ཡིས་དབང་བསྒྱུར་འོག་ནས་ས་ཡ་བཞི་བཅུ་ལྷག་གི་ཚེ་སྲོག་ཤོར་ཡོད་པ་རེད་།
    གང་ལྟར་བོད་ཀྱི་ཤེས་ཡོན་པའི་ནང་གནའ་ནས་དེ་རིང་བར་”སྲེག་བཅད་བསྡར་བའི་གསེར་བཞིན་དུ།།” ཞེས་བའི་དཔྱད་ཐབས་ཤིག་བྱུང་ཡོད་པ་དང་། དེ་ལ་བརྟེན་ནས་ཉིད་ཀྱིས་བཤད་པ་དེ་བདེན་པ་ཡིན་ན་། དེའི་རྒྱབ་ལྗོངས་ཀྱི་ཁུངས་དང་། དེ་བདེན་པ་ཡིན་པའི་དཔང་བོ་ཡོད་ན་ཀུན་ཀྱིས་ཁས་ལེན་གྱི་རེད་།
    ཨ་རི་ལྟ་བུ་ལ་མཚོན་ན་སྲིད་དབང་སྒེར་སྤྱོད་པའི་རྒྱལ་ཁབ་དང་། ལྷག་པར་རྒྱ་ནག་ལྟ་བུ་མ་ཡིན་པར་ཨ་རིའི་མི་སེར་སུ་ཡིན་ན་འདྲ་མཉམ་ཀྱིས་སྨྲ་བརྗོད་རང་དབང་དང་། ཁྲིམས་ཁང་ལ་གནད་དོན་གང་ཞིག་ཡིན་ཡང་གྱོད་གཏུགས་བྱེད་པའི་ཐོབ་ཐང་ཡོད་། དེ་ཡོད་པ་ཙམ་ཀྱིས་བདེན་པ་ཡིན་པའི་ངེས་བ་མེད་། སུའི་ཁ་མཆུར་གནས་ལུགས་ཡོད་ན་། དེ་ཁྲིམས་ཁང་གིས་ཁས་ལེན་པ་དང་། སུ་ལ་བདེན་པ་ཡོད་ན་དེ་ནི་མཐའ་མ་རྒྱལ་བ་རེད་། ཡིན་ཡང་དེ་རིང་ཁྲོ་ཐུང་འཁོར་དང་བཅས་བའི་འོས་བསྡུའི་སྐོར་གྱི་གནད་དོན་ནི་། ཁོ་ཚོའི་རྒྱབ་སྐྱོར་བའི་ལག་ཞལ་འདེབས་བསྡུ་ཐབས་ཙམ་ལས་། ཡོངས་གྲགས་ཀྱིས་བདེན་དཔང་ཞིག་མི་མང་གི་མིག་ལམ་ལ་སྟོན་གྱི་རྙེད་ཀི་མེད་། དེ་ལ་བརྟེན་ནས་། ཨ་རིའི་ས་གནས་ཁྲིམས་ཁང་ནས་དབུས་ཆེ་མཐོ་ཁྲིམས་ཁང་གིས་ཁོས་གྱོད་ལ་ངོས་ལེན་བྱས་ཐུབ་མེད་། དེ་དག་ཚང་མ་གཡས་ཕྱོགས་པ་རེད་ཟེར་ན་གད་མོ་ཤོར་བའི་རྒྱུ་ཙམ་མ་ཡིན་ན་།

    https://www.supremecourt.gov/orders/courtorders/121120zr_p860.pdf

  5. བན་དེ་བ། says:
    2021-01-04 at 6:48 am

    https://edition.cnn.com/2021/01/04/politics/donald-trump-georgia-election-joe-biden-congress/index.html
    དམངས་གཙོའི་རྒྱལ་ཁབ་ཆེ་ཤོས་སུ་གྱུར་པའི་སྲིད་འཛིན་ཊམ་གྱིས་སྐད་ཆ་ལ་གསོན་དང། ངོ་མ་ངོ་ཚ་བྱེད་ཅིག་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme