Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཨ་རིས་བོད་དོན་ཐད་འཛིན་པའི་གལ་ཆེའི་སྲིད་ཇུས་དཀྱོགས་མཚམས།

Posted on 2020-12-08 By ཁ་བརྡ 2 Comments on ཨ་རིས་བོད་དོན་ཐད་འཛིན་པའི་གལ་ཆེའི་སྲིད་ཇུས་དཀྱོགས་མཚམས།

རྩོམ། ཡུ་ཅེ། འགྱུར། སད་མི།

ཉེ་ཆར། ཨ་རིའི་རྒྱལ་སྲིད་སྤྱི་ཁྱབ་ཁང་སྲིད་ཇུས་འཆར་འགོད་ལས་ཁང་གིས་ཤོག་གྲངས 72 ཅན་གྱི་སྙན་ཐོ་ཞིག་བཏོན་ཡོད། མགོ་བརྗོད་དུ << རྒྱ་ནག་འགྲན་རྒོལ་གྱི་གནད་འགག >> ཅེས་བཏགས། ནང་དོན་ཁ་གཏད་ས་གཙོ་བོ་ནི་ཨ་རིས་ཅི་ལྟར་བྱས་ཏེ། རྒྱ་ནག་གི་འཇིགས་སྐུལ་ཉིན་ལྟར་ཆེ་རུ་འགྲོ་བཞིན་པར་གདོང་ལེན་བྱ་ཐབས་སྐོར་རེད།

སྙན་ཐོ་འདི་ནས་རྒྱ་ནག་དམར་ཤོག་གིས་གྲངས་ཉུང་མི་རིགས་ཀྱི་ཆོས་ལུགས་དད་མོས་ཅི་ལྟར་བཙན་གནོན་དང་དབང་སྒྱུར་བྱེད་མིན་ཆེད་དུ་འགྲེལ་བརྗོད་བྱས་ཡོད། རྒྱ་ནག་གུང་ཁྲན་་འདིས 1948 ལོར་བཏོན་པའི << འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་བསྒྲགས་གཏམ >> རྩ་དོན་ལ་རྒྱབ་འགལ་ཚབས་ཆེན་བྱས་ཏེ། བོད་འདི་ཉིད 1950 ནས་དམག་གིས་བཙན་བཟུང་བྱས་པ་དང་། ཤར་ཏུར་ཁི་སི་ཐན་ལའང་ཡུ་གུར་ཁ་ཆེ་བ་ཁྲི་སྟོང་མང་པོར་གདུག་རྩུབ་ཆེ་བའི < རྒྱལ་གཅེས་སློབ་གསོ > ལས་འགུལ་སྤེལ། ལྷོ་སོག་བ་གཉའ་གནོན་བྱས་པ། ད་དུང་ཡེ་ཤུ་བ་ཁྲི་བདུན་བརྒྱ་ཙམ་ལ་གནོད་འཚེ་བཏང་ཡོད། སྙན་ཐོ་འདི་ནས་བོད་ཀྱི་གནས་བབ་ཐད་ཁ་ཕྱོགས་གསར་པ་བཟུང་བ་སྟེ། དམག་གིས་བཙན་བཟུང་བྱས་ས་ཁུལ་ཟེར་གཏན་ལ་ཕབ་པ་རེད།

འདས་པའི་མི་ལོ་སུམ་ཅུའི་རིང་། ཨ་རིས་རྒྱ་ནག་ལ་བསྟུན་མཁས་རིང་ལུགས་སྲིད་ཇུས་ལག་བསྟར་བྱས་ལ། བོད་འདི་རྒྱ་ནག་གི་ཆ་ཤས་ཡིན་པར་ཁས་ལེན་བྱས། རིང་པོ་ཞིག་ནས་ལྷ་སར་དོན་གཅོད་ལས་ཁུངས་འཛུགས་ཐབས་ཀྱང་བྱས་ཡོད། དེ་ལྟར་བོད་དང་ཉེ་བར་བཅར་སྟབས། བོད་པ་ཚོའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་གི་འགན་སྲུང་ལས་དོན་སྔར་ལས་མང་བ་བསྒྲུབ་ཐུབ་རབས་ཁ་མཛེས་བཤད། ལས་སྟངས་བཤད་སྟངས་འདི་རིགས་ནི་རང་གཞན་གཉིས་ཀ་མགོ་སྐོར་བཏང་བ་ཙམ་རེད། གལ་ཏེ་དོན་གཅོད་ལས་ཁུངས་བཙུགས་པ་ཡིན་ན། བོད་འདི་ཉིད་རྒྱ་ནག་ལ་དབང་བར་ངོས་འཛིན་བྱས་པ་མཚོན་གི་རེད། སྟབས་ཡག་པ་ཞིག་ལ། ཨ་རྒྱའི་འབྲེལ་བ་མྱུར་བར་ཇེ་སྡུག་ལ་སོང་དུས། ཨ་རིས་ཧེ་སུ་ཐོན ( Houston ) དུ་བཙུགས་པའི་རྒྱ་ནག་གི་གསང་མྱུལ་ལྟེ་གནས་འབབ་ཚུགས་སུ་གྱུར་བའི་དོན་གཅོད་ལས་ཁུངས་སྒོ་བརྒྱབ་པ་རེད། རྒྱ་ནག་གིས་འཕྲལ་མར་འཁོན་ལེན་བསློགས་ཏེ་རྒྱ་ནག་ཁྲན་ཏུར་བཙུགས་པའི་ཨ་རིའི་དོན་གཅོད་ལས་ཁུངས་སྒོ་བརྒྱབ། ( རྒྱ་ནག་གིས་ཁྲན་ཏུའུ་ཨ་རི་དོན་གཅོད་ལས་ཁུངས་ཀྱིས་བོད་སྐོར་ཚོར་བ་རྣོ་བའི་གནས་ཚུལ་དག་བསྡུ་རུབ་བྱས་ཡོད་པར་སྐྱོན་བརྗོད་བྱས། ) ཨ་རིས་ལྷ་སར་དོན་གཅོད་ལས་ཁུངས་འཛུགས་རྒྱུའི་འཆར་གཞི་འདི་ལྟར་ལྦུ་བ་བཞིན་ཡལ་བ་རེད།

ཨ་རིའི་རྒྱལ་སྲིད་སྤྱི་ཁྱབ་ཁང་སྲིད་ཇུས་འཆར་འགོད་ལས་ཁང་གི་སྙན་ཐོ་འདི་ནི། དེ་སྔོན << གྲང་དམག་ཡབ་ཆེན >> ཇོར་ཅེ་ཁ་ནན(George F. Kennan)གྱི་འཕྲིན་རིང་ལྟ་བུ་རེད། &mdash སྐབས་དེའི་ཏར་འཕྲིན་དེས་ཨ་རི་དང་སུའུ་ལན་འབྲེལ་བ་ལ་ཚད་ཐིག་བཀོད་པ་རེད། ད་ཐེངས་ཀྱི་སྙན་ཐོ་འདིས་ཨ་རི་དང་རྒྱ་ནག་གི་འབྲེལ་བར་ཚད་ཐིག་བཀོད་པ་རེད། ཁྲོ་རྒན་སྲིད་གཞུང་དང་ཕུན་ཕེ་ཨོས་གཙོ་ཁྲིད་བྱས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་འདི་པས་ད་གཟོད་གཞི་ནས (Henry Alfred Kissinger ) མི་ལོ་བཞི་བཅུའི་རིང་རྒྱ་ཞེན་དང་རྒྱ་མཐུན་བྱས་པའི་སྲིད་ཇུས་ཚོད་འཛིན་བྱས་ཡོད། ཨ་རིའི་གཞུང་འབྲེལ་སྙན་ཐོའི་ནང་དུ་བོད་འདི་ནི << དམག་གིས་བཙན་བཟུང་བྱས་པའི་ས་ཁུལ >> ཞེས་འགྲེལ་བརྗོད་བྱས་ཡོད། ཡང་གཅིག་བཤད་ན། བོད་ནི་རྒྱ་ནག་གི་ཆ་ཤས་མ་རེད་ཅེས་དངོས་སུ་ཁྱབ་བསྒྲགས་བྱས་པ་རེད་ལ། ཨ་རིས་ཚད་རིམ་ངེས་ཅན་ཞིག་གི་སྒོ་ནས་བོད་མིའི་རང་བཙན་རྩོད་ལེན་གྱི་འབད་བརྩོན་དང་རེ་འདུན་ལ་རྒྱབ་སྐྱོར་བྱས་པ་ཡང་རེད།

ཨ་རིས་བོད་དོན་ཐད་འཛིན་པའི་སྲིད་ཇུས་ཁུག་དཀྱུས་ཆེན་པོ་བྱས་ཟིན་ལ། འདིའི་རྒྱབ་ལྗོངས་ཆེ་ཤོས་ནི་ཨ་རིས་རྒྱ་ནག་ལ་འཛིན་པའི་སྲིད་ཇུས་འགྱུར་བ་ཆེན་པོ་སོང་བས་ཡིན་པ་བརྗོད་མ་དགོས་པ་རེད། འདི་སྐོར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་རྒྱ་ཡིག་དྲ་བར་བཀོད་དོན། ཨ་རིའི་དུས་ཚོད་ཀྱི་ཟླ་བ 11 པའི་ཚེས 20 ཉིན། དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་དངོས་སུ་ཕོ་བྲང་དཀར་པོར་གདན་དྲངས་པ་འདི་ནི། ལོ་རྒྱུས་རང་བཞིན་གྱི་རླབས་ཆེའི་བྱ་སྤྱོད་ཅིག་རེད་ལ། འདས་པའི་མོ་ལོ 60 ནང་བཙན་བྱོལ་བོད་གཞུང་གི་དབུ་ཁྲིད་ཐེངས་དང་པོར་ཕོ་བྲང་དཀར་པོ་རུ་གདན་དྲངས་པ་རེད། ཟླ་བ་གཅིག་གི་སྔོན་དུ། བློ་བཟང་སེང་གེ་བོད་མིའི་དབུ་ཁྲིད་ཀྱི་ངོ་བོའི་སྒང་ནས་དངོས་སུ་ཨ་རིའི་རྒྱལ་སྲིད་སྤྱི་ཁྱབ་ཁང་དུ་མགྲོན་འབོད་གནང་སྟེ། རྒྱལ་སྟོན་བློན་ཆེན་ལས་རོགས་དང་བོད་ཀྱི་གནད་དོན་འབྲེལ་མཐུད་པ(Robert A. Destro)མཇལ་འཕྲད་བྱེད་མཁན་ཐོག་མ་དེ་ཡིན།

བཙན་བྱོལ་བོད་གཞུང་གི་གཞུང་འབྲེལ་དྲ་བ་འདི་ནས་དཔྱད་བརྗོད་སྤེལ་དོན། འདས་པའི་མོ་ལོ 60 རིང་ལ། དབུས་བོད་མིའི་སྒྲིག་འཛུགས་ཀྱི་དབུ་ཁྲིད་ཨ་རིའི་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཕོ་བྲང་དཀར་པོར་བསྐྱོད་རྒྱུར་གནང་བ་ཐོབ་མེད། འདིའི་རྒྱུ་མཚན་ནི་ཨ་རིའི་སྲིད་གཞུང་གིས་བཙན་བྱོལ་བོད་གཞུང་ངོས་ལེན་གནང་གི་མེད་པས་རེད། 2011 ལོར་བློ་བཟང་སེང་གེ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་འགན་འཁུར་བླངས་པ་ནས་འདས་ལོ་བཅུའི་རིང་། ཕོ་བྲང་དཀར་པོའི་དབུ་ཁྲིད་དང་ཡོངས་གྲགས་མིན་པའི་སྒོ་ནས་མཇལ་མོལ་ཚོགས་འདུ་ཐེངས་བཅུ་གྲངས་བྱས་ཡོད། འདི་ལྟ་བུའི་གཞུང་འབྲེལ་མིན་པ་དང་གསང་བའི་རྣམ་འགྱུར་གྱི་ཚོགས་འདུའི་མཚོན་དོན་ནི། ཨ་ཕྱོགས་ནས་རྒྱ་ནག་དམར་ཤོག་ཁྲོ་ལང་དོགས་སེམས་འཛིན་བྱས་པ་རེད་ལ། བོད་ཀྱི་གནད་དོན་རྐྱེན་པས་རྒྱ་ནག་གུང་ཁྲན་དང་མདུང་རྩེ་ཁ་སྤྲོད་བྱེད་འདོད་མེད་པས་རེད།

ད་ཆ། ཨ་རིས་རང་འགུལ་སྒོ་ནས་མི་དམངས་ཀྱིས་བདམས་པའི་བཙན་བྱོལ་བོད་གཞུང་དབུ་ཁྲིད་ཕོ་བྲང་དཀར་པོ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དུ་མགྲོན་བོས་པ་རེད། (གལ་ཏེ་ཨ་ཕྱོགས་ནས་རང་འགུལ་སྒོ་ནས་་མགྲོན་འབོད་བྱས་མེད་ན། བོད་མིས་ཅི་ཙམ་འབད་བརྩོན་བྱས་ཀྱང་གྲུབ་འབྲས་ཐོན་དཀའ ) འདིས་ནི་ཨ་རིས་དངོས་སུ་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་ལག་ལེན་བསྟར་བཞིན་པའི་དམངས་གཙོ་དང་ཆབ་སྲིད་དབུ་ཁྲིད་ངོས་ལེན་བྱས་པ་རེད། ད་རེས་སྔོན་ཚུད་བྱུང་མྱོང་མེད་པའི་ཕོ་བྲང་དཀར་པོའི་དབུ་ཁྲིད་དང་ཚོགས་འདུ་འཚོགས་ཐུབ་པ་དེས། གཅིག་བྱས་ན། དབུས་བོད་མིའི་སྒྲིག་འཛུགས་ཀྱི་དབུ་ཁྲིད་དང་ཨ་རིའི་དབུ་ཁྲིད་དབར་གྱི་མཇལ་འཕྲད་ཐད་དགའ་འོས་པའི་རྨང་བཏིང་པ་ཡིན་ལ། མ་འོངས་ལོ་ཤས་ནང་དེ་ལས་ཚད་ལྡན་ཅན་དུ་འགྱུར་རྒྱུ་རེད། དགོད་བྲོ་བ་ཞིག་ལ། རྒྱ་ནག་གིས་འདི་ཐད་དོན་དངོས་རང་བཞིན་གྱི་ཡ་ལན་བྱས་མེད། (རྒྱ་ནག་གི་ལག་ཏུ། ཨ་རིར་ཡ་ལན་ཕོག་པའི་ལག་ཆ་མང་པོ་མེད།) དོན་དུ་རྒྱ་ནག་ནི་ཤོག་གུའི་སྟག་མོ་མཚོན་པ་རེད་ལ། ཅི་སྟེ་ཨ་ཕྱོགས་ནས་དཔའ་ངར་མཐའ་ལ་གཏུག་ན། རྒྱ་ནག་ཉམ་ཞན་ནུས་མེད་སྒོ་ནས་ཕྱི་བཤོལ་བྱེད་པ་ལས་མེད།

ཨ་རིའི་སྲིད་གཞུང་འགོ་ཁྲིད་བློ་བཟང་སེང་གེ་ཐུག་འཕྲད་བྱས་པ་འདི། དེ་སྔོན་ཨ་རིའི་སྲིད་འཛིན་ན་རིམ་དུ་མས་ཏཱ་ལའི་བླ་མ་མཇལ་འཕྲད་བྱས་པ་ལས་ཀྱང་དོན་སྙིང་ཆེ། གཅིག བོད་མིའི་ངོས་ནས་བལྟས་ན། བློ་བཟང་སེང་གེ་དང་ཏཱ་ལའི་བླ་མ་གཉིས་གླེང་ན། ཏཱ་ལའི་བླ་མའི་རྒྱལ་སྤྱིའི་ཤུགས་རྐྱེན་དང་བོད་མིའི་སེམས་ནང་གི་གོ་གནས་བློ་བཟང་སེང་གེ་ལས་མཐོ་བ་ཡོད། འོ་ནའང་། ཏཱ་ལའི་བླ་མས་དེ་སྔོན་ཆབ་སྲིད་ལས་དོན་ལས་ཕྱིར་འཐེན་བྱས་པ་ཁྱབ་བསྒྲགས་སྤེལ་ཏེ། ཆབ་སྲིད་ཀྱི་འགན་འཁུར་རྒྱུ་མིན་པ་དང་། ཆོས་ལུགས་དབུ་ཁྲིད་ཀྱི་ལས་དོན་ཐད་ཤུགས་འབུད་རྒྱུར་ཞལ་བཞེས་པ་རེད། ཏཱ་ལའི་བླ་མས 2011.3.10 ཡོངས་བསྒྲགས་གཏམ་བཤད་སྐབས་གསུང་དོན། ‘འཚོག་ལ་ཉེ་བའི་སྐབས་བཅུ་བཞི་པའི་བོད་མི་དམངས་སྤྱི་འཐུས་ཚོགས་མི་ཡོངས་ལ་ཡི་གེ་བཏང་སྟེ། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་འབྲེལ་ཡོད་རྩ་ཁྲིམས་ལ་འགྱུར་བ་བཏང་ནས། ཏཱ་ལའི་བླ་མའི་མིང་ཐོག་གི་ཆབ་སྲིད་འགན་དབང་ཡོངས་སུ་རྫོགས་པ་གདན་ཐོབ་བཀའ་བློན་ཁྲི་པར་འབུལ་རྒྱུར་གཏན་འཁེལ་བ་ཡིན།’ མ་འོངས་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་དུ་བཙན་བྱོལ་བོད་གཞུང་སྐུ་ཚབ་བྱེད་པོ་ཏཱ་ལའི་བླ་མ་མིན་པར། དེ་ནི། བཙན་བྱོལ་བོད་མི་ཁྲི་ཚོ་བཅུ་གྲངས་དག་གིས་བདམས་ཐོན་བྱས་པ་དང་འགན་དབང་སྤྲད་པའི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཡིན། ད་སྔ། ཏཱ་ལའི་བླ་མ་རྒྱལ་སྤྱིའི་སྤྱི་ཚོགས་སུ་ཐོབ་པའི་གུས་བཀུར་དག་ནི། རྣམ་པ་གཞན་ཞིག་ནས་བལྟས་ན་རང་སྟེང་ནས ( 卡裡斯馬 Charismatic authority ) ལྟ་བུའི་འཐེན་ཤུགས་དང་ཆོས་ལུགས་གོ་ཐོབ་ཡོད་པས་རེད་ལ། འབད་བརྩོན་དུ་མ་བྱས་པའི་ཉེར་ལེན་ལས་བོད་བརྒྱུད་ནང་བསྟན་འདི་ཉིད་རྒྱལ་སྤྱི་རང་བཞིན་གྱི་ཆོས་ལུགས་སུ་འཕེལ་རྒྱས་སོང་ཡོད། འོ་ན། ད་ཆ་བློ་བཟང་སེང་གེར་ཐོབ་པའི་གུས་བཀུར་དག་ནི། ཨ་རི་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་དམངས་གཙོ་འཕེལ་འགྱུར་ལ་གདེང་འཇོག་དང་བཙན་བྱོལ་བོད་གཞུང་ལ་གདེང་འཇོག་གསལ་སྟོན་བྱས་པ་བཅས་རེད།

གཉིས་ན། ཨ་རིའི་ཕྱོགས་ནས་བལྟས་ན། སྲིད་འཛིན་རང་ཉིད་དངོས་སུ་བཅར་བའམ་ལྟོས་འཇོག་སྒོ་ནས་གོ་གནས་ཅུང་དམའ་བའི་དཔོན་རིགས་མདུན་དུ་ཐོན་ཏེ་བཙན་བྱོལ་བོད་མི་ཐུག་འཕྲད་བྱས་པ་དེ། སྐབས་རེ་གོ་ས་མཐོ་དམའ་དང་དོན་དངོས་ཕན་ནུས་གོ་ལྡོག་ཡོད་པས་ཡིན། དེ་སྔོན། ཨ་རིའི་སྲིད་འཛིན་ན་རིམ་དུ་མས་ཏཱ་ལའི་བླ་མར་མཇལ་འཕྲད་བྱས་པ་རེད། མང་ངོས་སུ་རྣམ་འགྱུར་དང་གུས་ཚུལ་གཤིས་ཀ་ལྡན་ཡོད། ཐ་ན། ཁོག་ན་གསལ་ཡང་ཁ་ནས་མ་ཐོན་པའི་འགྲོ་བ་མིའི་ཐོབ་ཐང་སྤྱད་ནས་ཕྱི་འབྲེལ་གཤོམ་པ་ཡང་རེད། དཔེར་ན ཨོ་སྦ་མས་ཕོ་བྲང་དཀར་པོའི་ས་ཁྲ་དབྱིབས་ཅན་ནང་དུ་ཏཱ་ལའི་བླ་མ་མཇལ་འཕྲད་བཀོད་སྒྲིག་བྱས་མོད། ཕོ་བྲང་དཀར་པོའི་གད་སྙིགས་དབོར་སའི་སྒོ་ཆུང་ནས་ཏཱ་ལའི་བླ་མ་འཛུལ་ཐོན་བྱ་རུ་བཅུག འདི་ལྟ་བུའི་བྱེད་སྟངས་ཡིས་རྒྱ་ནག་གུང་ཁྲན་ལ་ངོ་བསྲུངས་ནས་ཏཱ་ལའི་བླ་མའི་ངོ་གནོངས་བློས་བཏང་བྱས་པ་རེད། ཏཱ་ལའི་བླ་མས་བོད་མི་ལ་ལ་དག་དཀའ་སྡུག་མྱངས་པའི་གནས་སྟངས་ཨོ་སྦ་མར་ཐད་ཀར་བཤད་མོད། ཨོ་སྦ་མས་འདི་སྐོར་དུས་ནམ་ཡང་ཞི་ཅིན་ཕིང་ལ་སྐད་ཆ་དང་སྐྱོན་བརྗོད་བྱེད་མྱོང་མེད། འོ་ན། འདི་ལྟ་བུའི་འཆར་ཅན་གྱི་ཐུག་འཕྲད་ལ་དོན་དམ་པའི་རིན་ཐང་ཅི་ཙམ་ཡོད། དེ་སྔོན་ཧེ་ལ་རེན (Hillary) ཕྱིར་དྲན་གྱི་སྐད་ཆ་ཞིག་ལས་དྲང་གཏམ་བཤད་དོན། མོས་ཏཱ་ལའི་བླ་མ་མཇལ་འདུན་ལང་བ་དེ་ནི། ཁེ་ལིང་ཏུན་གྱི་ཚུལ་མིན་འཁྲིག་སྤྱོད་གནས་ཚུལ་ལས་མོ་རང་གི་སེམས་ཁམས་ལ་རྨ་ཁ་ཆེན་པོ་བཟོས་སྟབས། མོས་ཏཱ་ལའི་བླ་མ་ནི་མི་སེམས་བདེ་བར་འབེབས་པའི་སེམས་ཀྱི་སྨན་པར་བཟུང་སྟེ། ཏཱ་ལའི་བླ་མའི་དྲུང་ནས་མི་ཚེའི་དཔྱོད་ཤེས་བརྙེད་པའི་རེ་འདུན་བཅངས་པ་རེད། འདི་ལྟ་བུའི་མཇལ་འཕྲད་ནི། ཕྱོགས་གཉིས་ཀའི་གླེང་གཞི་ནང་པའི་སེམས་ངལ་གསོ་ཐབས་སྐོར་ཁོ་ན་ཙམ་རེད། འདིས་བོད་ཀྱི་གནད་དོན་སེལ་བར་ནུས་པ་ཆེན་པོ་ཐོན་མི་ཐུབ། མ་གཞི་ཁྲོ་རྒན་སྲིད་གཞུང་གི་དུས་ཡུན་ནང་། ཁྲོ་རྒན་རང་ཉིད་ཏཱ་ལའི་བླ་མ་མཇལ་འཕྲད་བྱུ་རྒྱུར་བཀོད་སྒྲིག་བྱས་མེད་ནའང་། ཁྲོ་རྒན་རང་ངོས་ནས་བོད་ཀྱི་གནད་དོན་གཙིགས་འཛིན་བྱས་མེད་པ་མཚོན་མི་ཐུབ། དེ་ནི་ཁྲོ་རྒན་སྲིད་གཞུང་གི་དགོངས་པ་ནི། དེ་སྔའི་ལམ་སྲོལ་ལྟ་བུའི་འགྲོ་མིའི་ཐོབ་ཐང་སྤྱད་ནས་ཕྱི་འབྲེལ་གཤོམ་པའི་འགྲོ་སྟངས་དེ་དུས་ཚོད་ཡོལ་ཟིན་པ་མཐོང་བས། ངེས་པར་དུ་ལག་ཐབས་གསར་པ་ཡོད་པའི་སྒོ་ནས་འགག་རྙིང་བརྟོལ་དགོས་དྲན་པ་རེད། དེས་ན། ཁྲོ་རྒན་སྲིད་གཞུང་གིས་ཆེས་ཆེར་དོན་སྙིང་ལྡན་པའི་ཕྱི་འབྲེལ་ལམ་ཁ་སྐུལ་འདེད་བྱས་པ་རེད། མ་གཞི་བློ་བཟང་སེང་གེས་ཐུག་འཕྲད་བྱས་པའི་ཕོ་བྲང་དཀར་པོ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མགོ་ཁྲིད་དེ་དག་བཀའ་ཤག་ནང་མའི་རིམ་པར་བསྙོབས་མེད་ལ། དེ་ལས་ཀྱང་། དེ་སྔོན་ཏཱ་ལའི་བླ་མས་མཇལ་འཕྲད་བྱས་པའི་སྲིད་འཛིན་གོ་གནས་དང་རྒྱང་ཐག་ངེས་ཅན་ཡོད་ནའང་། མཇལ་འཕྲད་བྱེད་མཁན་ནི་ཆེད་དུ་བོད་ཀྱི་ལས་དོན་སྐོར་འགན་འཁུར་མཁན་འགོ་ཁྲིད་ཡིན་དུས། ཕྱོགས་གཉིས་ཀས་ཞིབ་ཕྲའི་ལས་དོན་སྣ་མང་སྐོར་ལ་སྐད་ཆ་བྱ་ཆོག་པས། དམིགས་འབེན་དག་ལ་ཕན་འབྲས་ཐོན་གི་རེད།

གལ་ཏེ། ཨ་རིའི་སྲིད་གཞུང་གིས་བོད་འདི་ཉིད་རྒྱ་ནག་གུང་ཁྲན་དམག་གིས་བཙན་བཟུང་བྱས་པར་བདེན་དོན་རི་བོ་ཙམ་དུ་ལྟ་བཞིན་ཡོད་པས་མི་ཚད། ཕྱི་འབྲེལ་སྲིད་ཇུས་ཀྱི་གཞི་རྟེན་དུ་འཇོག་གི་ཡོད་ན། དེས་ན། ཨ་རིའི་སྲིད་གཞུང་གིས་ཏན་ཏན་བོད་མི་ཚོས་རྒྱ་ནག་གུང་ཁྲན་གྱི་བཙན་བཟུང་ལ་འགོག་རྒོལ་སླད་དུ་སྔར་ལས་མང་བའི་དངུལ་དངོས་རོགས་པ་བྱ་དགོས་ངེས་རེད་ལ། བོད་པ་ཚོར་གང་མགྱོགས་རང་དབང་དང་རང་བཙན་འཐོབ་པར་འཇུག་དགོས་སོ།།

2020.12.08

རྩོམ་པ་པོའི་རྒྱབ་ལྗོངས།

ཡུ་ཅེ། མྱི་ཁུངས། སོག་པོ། རྒྱ་ནག་པེ་ཅིང་དུ་སློབ་སྦྱོང་བྱས། 2012 ལོར་ཨ་རིར་གནས་སྡོད་བྱས། ལོ་རྒྱུས་རིག་པ་བ། འགྲོ་མིའི་ཐོབ་ཐང་སྲུང་སྐྱོབ་པ། བོད་སྐོར་རྩོམ་ཡིག << སི་རི་ཡ་དང་བོད་ཀྱི་དམར་གསོད། >> << བོད་ཀྱི་སྦིར་ལིང་གྱང་མགོ་རྟིང་སློག་པ>> སོགས་སྣ་མང་སྤེལ་ཡོད།

མ་རྩོམ་དྲ་ཐག https://xizang-zhiye.org/美国对西藏政策的重大转折/

འགྱུར་རྩོམ།

Post navigation

Previous Post: ལོག་འཚོ་ནག་པོ། 
Next Post: ཨ་མའི་མིག་ཆུ། བུ་མོའི་ན་ཟུག་ཡིན།

Comments (2) on “ཨ་རིས་བོད་དོན་ཐད་འཛིན་པའི་གལ་ཆེའི་སྲིད་ཇུས་དཀྱོགས་མཚམས།”

  1. ཀརྡོ་རབ་འབྱམས་པ་ says:
    2020-12-09 at 3:57 am

    སོག་རིག་མི་ཁུངས་ཨུ་ཅི་རྒྱལ་གྱུར་ཅིག །
    བོད་རིགས་མི་རིགས་སད་མི་སད་གྱུར་ཅིག །
    དྲ་གྲོགས་བོད་རིགས་ཡོངས་ཀྱིས་ཀློག་གྱུར་ཅིག
    ཀརྡོ་ང་ཡི་སྨོན་དོན་གྲུབ་གྱུར་ཅིག །

  2. ཀརྡོ་རབ་འབྱམས་པ་ says:
    2020-12-09 at 9:31 am

    ང་ཚོ་ད་ལྟའི་དུས་སུ་དོན་དམ་པའི་བརྒྱ་ཆ་བརྒྱ་ཐམ་པ་དབུ་མའི་ལམ་ལ་འགྲོ་འདོད་ཡོད་ན། བོད་དེ་ལྔ་བཅུ་ལྔ་དགུའི་གོང་རང་བཙན་ཡིན་དེ་ཤེས་དགོས་པ་དང་། དེ་ཡང་རྒྱལ་རབས་ལོ་རྒྱུས་ཀྱིས་ཁུངས་བསྐྱལ་ཐུབ་པ་དགོས་པ་ལས།
    དེ་མིན་ཨ་རི་གཞུང་དང་། རྒྱ་གར་མི་མང་གིས་བོད་རང་བཙན་ལ་རྒྱབ་སྐྱོར་པ྄ཙམ་འདི་ནི། བོད་རང་བཙན་ལ་ཕན་ཐོགས་མིན་མི་ཤེས་ཀྱང་། རྒྱ་བོད་གཉིས་ལ་སྨན་པའི་དབུ་མའི་ལམ་གྱི་གྲོས་མོལ་ལ་གནོད་པ་དེ་ནི། བོད་མི་མང་གིས་ཤེས་དགོས་པ་ཙམ་མ་ཟད། སྲིད་སྐྱོང་དང་སྤྱི་འཐུས་ཚོས་ཀྱང་ཡིད་ལ་དམ་བཅའ་བརྟན་པོར་གནས་དགོས་པ་དེ་ཤིནད་ཏུ་གལ་ཆེན་པོར་མཐོང་ལགས།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (94)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (65)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme