Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རིམས་ནད་ལ་དོ་སྣང་ཇི་ལྟར་བྱེད་དགོས།

Posted on 2020-11-202020-11-21 By འཚོ་བྱེད་བུ No Comments on རིམས་ནད་ལ་དོ་སྣང་ཇི་ལྟར་བྱེད་དགོས།

སྨན་པ་ཟླ་བ་གྲགས་པ།

དེ་ཡང་ནད་དུག་ཁ་རླངས་གདུག་པ་སྤྲིན་དུ་འཁྲིགས། རླུང་གཤོག་ལྡན་པས་ཕྱོགས་ཀུན་རྒྱུ་བ་སྟེ། བར་སྣང་ཁམས་ནས་བ་སྤུ་སྣ་སྒོར་འཇུག དྲི་ཕོག་ཡམས་ཐབས་འགོས་ནས་མཆེད་པ་ཡིན། ཞེས་པ་ལྟར། རང་ཉིད་ཀྱི་ནད་འགོག་ནུས་པ་ཆུང་དུ་ཕྱིན་པའི་སྐབས་སུ་ནད་དེ་འགོ་བདེ་བ་ཡིན། དེ་ཡང་ནད་འབུ་དེ་ནད་པའི་སྣ་ཁུང་དང་། གྲེ་བ། མགྲིན་པ་བཅས་ཀྱི་ཐོག་ཏུ་ཉིན་ཤས་གནས་ཀྱི་ཡོད་སྟབས། ནད་པས་གློ་དང་ཧབ་སྦྲིད་རྒྱག་པ། སྐད་ཆ་བཤད་སྐབས། མཆིལ་མའི་ལྦུ་བ་དང་མཉམ་དུ་མཁའ་རླུང་ནང་ཁྱབ་སྟེ་མི་ཕན་ཚུན་འགོས་ཁྱབ་འགྲོ་བ་ཡིན།

རིམས་ནད་སྔོན་འགོག
ནད་རིམས་སྔོན་འགོག་བྱེད་རྒྱུ་ནི་དམིགས་བསལ་གལ་ཆེན་ཡིན་སྟབས། རིམས་ནད་དེ་མ་འགོས་པའི་ཆེད་ཁ་རས་རྒྱག་རྒྱུར་དོ་སྣང་བྱེད་དགོས་པ་དང་། ལུས་སྟོབས་གསོ་བྱེད་དུ་དྭངས་གནས་དང་། རིན་ཆེན་རིལ་བུ། མ་ནི་རིལ་བུ་སོགས་བྱིན་རླབས་བསྟེན་པ་དང་། གློ་བ་གསོ་ལ་ཚ་བ་འགོག་བྱེད་དུ་གློ་ཚད་ཀུན་སེལ་དང་། འཕྲུལ་ཐང་བསྡུས་ཁུ་ཚ་པོ། གཉན་རིམས་སྤྱི་འཇོམས་ཆེན་མོ། ལོ་གྱོན་རིལ་བུ་སོགས་སྨན་པར་སྐད་ཆ་དྲིས་ནས་བཏང་ན་སྔོན་འགོག་བྱེད་པར་ཕན། གལ་ཏེ་རིམས་ནད་ཕོག་ཚེ་ལམ་སེང་སྨན་པར་བསྟེན་དགོས་པ་ལས། འོལ་ཚོད་ཀྱིས་བྱིན་རླབས་དང་། རིན་ཆེན་རིལ་བུ། བསིལ་སྨན་ཤུགས་ཆེན་པོ་སོགས་བསྟེན་ཆེ་རྒྱུ་མེད། དེ་ལྟར་བསྟེན་ན་ཚ་བ་མ་སྨིན་གཉེན་པོ་བསྟེན་སྔས་པས་ཚ་བ་བཅོས་ཉེས་སུ་གྱུར་བའི་ནད་(autoimmune disease) བྱ་ཤོར་དང་། བྱེར་བ། སྡིགས་པའམ་གབ་པ། རྙོགས་པ་སོགས་ཀྱི་ནད་དུ་འགྱུར་ལ་དེ་རྣམས་བཅོས་བཀའ་བ་ཡིན། དེས་ན་གཤམ་གྱི་མ་སྨིན་ཚ་བའི་སྐབས་ཉིན་ལྔ་ཙམ་དང་། ཚ་བ་རྒྱས་པའི་སྐབས་ཉིན་གསུམ་ཙམ། ཚད་མཇུག་ཚ་བ་སྟོང་པའི་སྐབས་ཉིན་བདུན་ཙམ་བཅས་ཁྱོན་ཉིན་བཅུ་བཞི་རིང་གོ་རིམ་བཞིན་སྨན་དང་ཟས་སྤྱོད་ཚུལ་བཞིན་བྱ་རྒྱུ་གལ་ཆེ་བ་དང་། ལུས་སེམས་གཉིས་ཀར་ངལ་གསོ་ཡག་པོ་རྒྱག་དགོས་པ་དང་། མི་གཞན་ལ་མི་འགོས་པའི་ཆེད་ཁ་རས་རྒྱག་དགོས་པ་དང་། ཁ་ལུད་དང་སྣབས་ལུད་གང་བྱུང་དུ་མི་གཡུག་པ། གཞན་གྱི་ལྟོ་སྣོད་སོགས་གང་བྱུང་བེད་སྤྱོད་མི་གཏོང་བ། ཁང་པའི་ནང་གཙང་སྦྲ་གང་ལེགས་བྱས་ནས་ནད་ལས་མྱུར་དུ་གྲོལ་ཐབས་བྱེད་དགོས།

ཐོག་མར་རིམས་ནད་སྣ་སྒོར་ཞུགས་པའི་རྟགས།
ཐོག་མར་རིམས་ནད་དེ་ཉིད་ལུས་སྟོད་བད་ཀན་ཀྱི་གནས་སུ་འཇུག་པས་ཉིན་ལྔ་ཙམ་རིང་མ་སྨིན་ཚ་བའི་དུས་ཡིན།“མ་སྨིན་ཕྲུམ་སེར་ཚིགས་གཞི་སྲོད་དུས་ན།” ཞེས་གསུངས་པ་ལྟར་རིམས་ནད་འདི་འགོས་མགྱོགས་པས། ཐོག་མར་དབང་པོ་སྣ་སྒོར་འཇུག་པས། སྣ་འགག་པ་དང་། རྐན་ཕུག་དང་གྲེ་བ་སྐམ་ཞིང་མི་བདེ་བ། སྐམ་གློ་རྒྱག་པ། པགས་པ་རྩེད་ཅིང་། བ་སྤུ་ལངས་པ། མགོ་དང་བྱིན་ཉྭ། ཚིགས་གཞི་རྣམས་ན་བ། གྲང་ཤུམ་བྱེད་ཅིང་། མེ་དང་ཉི་མ་སྙེག་པ། སྲོད་ལ་ཚ་དྲོད་ཆེ་བ། ཁ་ཁ་ལ་ཟས་ཀྱི་བྲོ་བ་ཤོར་བ། རྨི་ལམ་ཟ་ཟི་གཏོང་བ། གཡལ་མང་ལ་སྒྱིད་པ་སྐྱུར་བ། བྱ་རྨྱང་བྱེད་པ། སེམས་ལས་ཆེ་བ། རྩ་རྒྱུད་ཕྲ་ཞིང་གཡོ་ལ་མགྱོགས་པ། ཆུ་མདོག་དམར་སེར་སྐ་ལ་རྙོགས་མ་ཅན། ལྕེའི་མདོག་སྐྱ་ལ་ལྕེའི་མཐར་རླུང་འབྲུམ་དམར་སིབ་འདོན་པ་སོགས་ཀྱི་མངོན་རྟགས་འབྱུང་བ་ཡིན།

སྨན་བསྟེན་ཚུལ།
“མ་སྨིན་ཚ་བ་སྨིན་བྱས་ལམ་དུ་ཞུགས” ཞེས། ཚ་བའི་བསྡོངས་ཟླ་བད་རླུང་གཉིས་བསལ་ན་ཚ་བ་བཅོས་བདེ་བར་འགྱུར་བས། ཐོག་མར་སྨན་ནོར་བུ་བདུན་ཐང་དང་། འཕྲུལ་ ཐང་། མ་ནུ་བཞི་ཐང་བཅས་གང་རུང་ཞིག་གི་བསྡུས་ཁུ་ཚ་མོས། གཉན་རིམས་སྤྱི་འཇོམས་ཆེན་མོ་དང་། ལོ་གྱོན་རིལ་བུ་གང་རུང་གི་སྨིན་རྟགས་མ་ཤར་བར་དུ་གཏོང་དགོས། སྨིན་ལེགས་ཚ་བ་ཆོམས་སླ་འཚོ་བ་སྐྱེན། ཞེས་གསུངས་ཡོད།

ཁ་ཟས་བསྟེན་ཚུལ།
ཕྱེ་ཚོད་དམ་རྩམ་ཐུག་དང་། འབྲས་ཐུག གྲོ་ཐུག  ཆུ་བསྐོལ་གྲང་སོགས་བཅུད་ཆེན་པོ་མེད་པའི་ཟས་སྐོམ་དང་། འཇུ་སླ་བ་དྲོད་འཇམ་བསྟེན་པ་དང་། ནངས་ནུབ་དུས་སུ་ཆུ་སྐོལ་ཚན་མོ་བཏུང་དགོས།

སྤྱོད་ལམ་བསྟེན་ཚུལ།
སྤྱོད་ལམ་གོས་དྲོ་ལ་ཉི་གྲིབ་མཚམས་སུ་སྡོད་པ་དང་། ལུས་ངག་དྲག་ཤུལ་གྱི་ལས་དང་། མེ་ཉིས་གདུངས་བ། ཉིན་གཉིད་ལོག་པ། ཤ་ཆང་དྲོད་བཅུད་ཀྱིས་མཁྲིས་ཚད་སྐྱེད་པས་སྤང་དགོས་ལ། གྲིབ་འཁྱགས་དང་། ས་རླན། བསེར་བུ་གྲང་མོ་ཕོག་པ། ཞོ་དང་དར་ར། ཆུ་གྲང་། རྗེན་ཟས་འཇུ་དཀའ་བའི་རིགས་སྤང་དགོས། དེ་བཞིན་བཤལ་སྨན་གཏོང་བ་དང་། ཁྲག་གཏར་བ། ནུས་པ་བསིལ་བའི་བྱུག་རྫས་རིགས་། ཡང་ལ་རྩུབ་པའི་བདུག་རྫས་རིགས། རིན་ཆེན་བསིལ་བའི་རིགས། བསིལ་བའི་ཐང་ཕྱེ་རྣམས་འདི་དུས་བསྟེན་མི་རུང་། གལ་ཏེ་བསྟེན་ན་ཚ་བ་ལམ་ནས་འཁྱོག་སྟེ་བཅོས་ཉེས་གབ་རྙིངས་རྒྱས་སྟོངས་རྙོགས་པ་བཅས་ཀྱི་ཚད་ནད་རིགས་སུ་འགྱུར་བ་ཡིན། དེས་ན་དེ་དུས་བཅོས་ཀ་ཤིན་ཏུ་གཟབ་པར་བྱ་དགོས།

བར་དུ་གློ་བ་མཆིན་མཁྲིས་གནས་སུ་ཚ་བ་རྒྱས་པའི་རྟགས།
རིམས་ནད་དེ་ཉིད་གློ་བ་དང་མཆིན་པ། མཁྲིས་པ་བཅས་ཀྱི་གནས་སུ་འཇུག་པས་ཉིན་གསུམ་ཙམ་རིང་ཚ་བ་རྒྱས་པའི་དུས་ཡིན།
“རྒྱས་པའི་ཚ་བ་ཚད་རྟགས་རྫོགས་པར་འབྱུང་།”ཞེས་པ་ལྟར་། ལུས་ཁམས་ལ་ཚ་དྲོད་ཆེན་པོ་རྒྱས་པ་དང་།  དབུགས་ཐུང་ལ་གཟེར་དྲག་པ། ཁར་བྲོ་བ་སྐྱུར་མོ་དང་། ཡང་ན་ཁ་ཏིག་ཁ་བ། ཁ་སྐམ་ལ་སོ་དྲེག་ཆགས་པ། ཟས་ལ་དང་ག་དང་བྲོ་བ་མི་ཚོར་བ། ལུས་ཁམས་ལྕི་བ། སྐོམ་དད་ཆེ་ལ་ཆུ་བསིལ་འདོད་པ། ལུས་ལ་རྔུལ་དྲི་མནམ་པ། མགོ་ན་ལ་རྨི་ལམ་ཟ་ཟི་མང་བ། གློ་བར་རྒྱས་ན། དབུགས་ཐུང་ལ་བྲང་རྒྱབ་གཟེར་བ་དང་། མགོ་འཁོར་བ། དབུགས་རྔམ་སྐད་འགག་གློ་སྙིང་རྡུང་བ་ཡིན། མཚན་མོ་ཉལ་ཁར་གློ་མང་རྒྱག་པ་དང་། ཁ་གདོང་སྐྲངས་པ་ཡིན། མཆིན་པར་རྒྱས་ན་མིག་དམར་ལ་ལུད་པ་སེར་བ་དང་། རྩིབ་ལོག་གཡས་ཀྱི་སྟེང་དང་མཆིན་དྲི་གཟེར་བ་ཡིན། མཆེར་བར་རྒྱས་ན། གྲོད་ཁོག་སྦོས་པ་དང་། གཡོན་གྱི་རྩིབ་ལོགས་གཟེར་བ། དབུགས་རྒོད་པ། ལྕེ་སྐྱ་ལ་མཆུ་སྨུག་ནག་ཏུ་འགྱུར་བ། པུས་མོ་སྐྲངས་པ། རྐང་ལག་སྦྲིད་ཅིང་། རྐེད་པ་ཆག་སྙམ་བྱེད་པ་ཡིན། འཕར་རྩ་སྦོམ་ལ་དྲག་ཅིང་འབུར་འདྲིལ་མཁྲང་གྲིམས་མྱུར་ལ་མགྱོགས་པར་འཕར་བ་དང་། ཆུ་མདོག་དམར་སེར་དྲི་མནམ་རླངས་པ་ཆེ་བ་སོགས་ཀྱི་མངོན་རྟགས་འབྱུང་བ་ཡིན།

སྨན་བསྟེན་ཚུལ།
“རྒྱས་པའི་ཚ་བ་འབར་བའི་མེ་དཔུང་བསད།” ཅེས་ཚ་བ་རྐྱང་པ་ཧ་ཅང་རྒྱས་པའི་སྐབས་སུ་བསིལ་བཅོས་ཀྱི་སྟོབས་སྐྱེད་པ་སྟེ། ལུས་སྟོབས་བཟང་ཞན་ལ་གཞིགས་ནས་ཐང་གི་རིགས་དྲོ་འཇམ་གྱིས་སྨན་གཉན་རིམས་སྤྱི་འཇོམས་ཆེན་མོ་དང་། ལོ་གྱོན་རིལ་བུ། རྟ་བཟི་དམར་པོ། སྤང་རྩི་༡༢ ། གཙོ་བོ་༨ ། གཙོ་བོ་༢༥ སོགས་ནད་རྟགས་དང་བསྟུན་ནས་བསྟེན་དགོས།

ཁ་ཟས་བསྟེན་ཚུལ།
འབྲས་དང་ཆག་ཚེ་དང་། ཁུར་ཚོད་སོགས་སྔོ་ཚལ་རིགས་། ཆུ་གྲང་། ཚྭ་མེད་པའི་ཆུ་བསིལ་བསྟེན་ལ། ལན་ཚྭ་དང་། ཤ་ཆང་། སྒོག་པ། ཚ་བའི་སྔོ་ཚལ། ནོར་ལུག་གི་ཞོ་དར་སོགས་དྲོད་བཅུད་ཟས་སྐོམ་དུག་འདྲ་བར་གནོད་པས་སྤང་བར་བྱ་དགོས།

སྤྱོད་ལམ་བསྟེན་ཚུལ།
བསེར་བུ་ལྡན་ལ་ཉི་གྲིབ། ཆུ་ཡི་འགྲམ། ནེའུ་གསིང་། ས་གཙང་། ཟླ་འོད་བསིལ་བ་ལྡན་པའི་གནས་ལ་ལུས་ངག་ཡིད་གསུམ་ཞི་དལ་ངང་གནས་པར་བྱ་བ་དང་། མེ་ཚན་དང་ཉི་ཚན་ལུས་སྟེང་ཕོག་པ། ཉིན་གུང་གཉིད་ལོག་པ། འགྲོ་ལྡང་ལ་སོགས་ལུས་ཀྱི་རྩོལ་དྲག་སྤང་དགོས། དེ་མིན་དྲག་ཤུལ་བཅུད་ཤོར་འཆི་བ་མང་བ་ཡིན།

དོ་སྣང་བྱེད་དགོས་པ།
དེ་ལྟར་བཅོས་པ་སོས་པའི་མཚན་མ་ནི། རྩ་བྱིང་ཁར་ཐོན་ཕྲ་བ་སྦོམ་དུ་སོང། །དྲགས་པ་དལ་ལ་གྲིམས་པ་ལྷོད་པ་དང་། །སྟོང་པ་མཁྲང་ལ་སྤུན་པ་རིང་དུ་སོང་། །ཆུ་མདོག་དངས་ལ་དྲི་ཆུང་ཀུ་ཡ་སྲབ། །ཟུག་ཆོག་སྙིང་རྩ་སེང་ལ་ཟས་རོ་རྙེད་། །དབུགས་བདེ་ཉིན་གཉིད་ཆུང་ལ་ནུབ་གཉིད་ཆེ། །བྱ་བའི་ལས་ལ་ལུས་སེམས་འཇུག་པར་འདོད། །ཅེས་མདོར་ན་ཚ་བ་བལྟས་ནས་ཚ་བ་ཆོག་ན་ཕྱི་ལུགས་དང་བོད་སྨན་སོགས་བསིལ་སྨན་རིགས་མཚམས་འཇོག་དགོས་ལ་མུ་མཐུད་བསྟེན་མི་རུང། ཚད་རྟགས་ཡོད་ཀྱང་བསིལ་བཅོས་གནོད་པས་ཤེས། །ཚད་གཉའ་ཆོག་ནས་རླུང་སྐྱེས་ཚད་གཞུག་འབུད། ཅེས་ཟབ་དགོས་པར་གསུངས་ཡོད།

མཐར་ལུས་སྨད་རླུང་གི་གནས་སུ་ཚ་ཞུགས་སྟོངས་པའི་རྟགས།
རིམས་ནད་དེ་ཉིད་ལུས་སྨད་རྒྱུ་ལོང་མཁལ་རྐེད་རླུང་གི་གནས་སུ་འཇུག་པས་ཉིན་བདུན་རིང་སྟོངས་ཚད་ཀྱི་དུས་ཡིན།
“སྟོངས་ཚད་བསིལ་གྱི་གཉེན་པོ་བསྟེན་གྱིན་འཕེལ།” ཅེས་དེར་དབུགས་ཐུང་ལ་རྔམ་པ་རྒོད་ཅིང་ཕྱི་ཚད་ཆེ་བ་དང་། མིག་སྤྲིན་དམར་བ། ལྕེ་མདོག་དམར་ལ་སྐམ་ཞིང་རྩུབ་པ། རྐེད་པ་སོགས་ལུས་ཀྱི་གནས་ངེས་མེད་དུ་གཟེར་ཟུག་ལྡང་ཞིང་འཕོ་འགྱུར་བྱེད་པ། གྲོད་ཁོག་སྦོས་ལ་འཁྲོག་པའམ་བཤལ་བ། གཉིད་ཆུང་ལ་སྐབས་སུ་དངངས་པ། བ་སྤུ་ལངས་པ། བྲང་གཞུང་དཀར་ནག་མཚམས་སོགས་རླུང་གི་གསང་མནན་ན་ན་ཟུག་ཆེན་པོ་གཏོང་བ། གཡལ་སྟོང་རྒྱག་པ། ལུས་ཁམས་འདར་བ། སེམས་འཆོལ་བ། རྨི་མལ་ཟ་ཟི་མང་བ། དྲི་ཆུའི་མདོག་དམར་ཞིང་དངས་ལ་ལྦུ་བ་ཆེ། འཕར་རྩའི་གྲངས་མགྱོགས་རུང་ངོ་བོ་སྟོངས་པ། སྐོམ་ཚད་ཆེ་ཡང་སྐོམ་མ་འཐུང་རུང་བཟོད་ཐུབ་པ་སོགས་ཀྱི་ནད་རྟགས་ཡོད།

སྨན་བསྟེན་ཚུལ།
“སྟོངས་པའི་ཚ་བ་རླུང་འབུད་བཅུད་ཀྱིས་གསོ།” ཞེས་པ་ལྟར་རླུང་ཁ་མནན་ནས་ཚད་མཇུག་འདོན་དགོས་པས་སྨན་ཨ་གར་༣༥ དང་། ཨ་གར་བཅོ་ལྔ། ཚད་འཇུག་འདོན་པར་ཅུ་གང་བདེ་བྱེད་སོགས་ནད་རྟགས་དང་བསྟུན་ནས་བསྟེན་དགོས།

ཁ་ཟས་བསྟེན་ཚུལ།
སྟོངས་ཚད་རླུང་ལ་རྔན་པ་མ་བྱིན་ན། རླུང་གི་ཚ་བ་བུས་ནས་ལ་ཆེན་འདའ། ཞེས་གསུངས་པ་ལྟར། ཐོག་མར་ཁ་ཟས་ལུག་ཤའི་ཁུ་བ་དང་། འབྲས་ཐུག གྲོ་ཐུག ནས་ཐུག བྱ་ཤའི་ཁུ་བ་བཅས་ནངས་ནུབ་བསྟེན་པ་དང་། བ་གླང་ཤ་གསར་གྱི་ཚོད་མ་ཉིན་དགུང་གཏོང་བ། སྐོམ་དུ་སླེ་ཏྲེས་བུར་རྙིང་བསྡུས་པའམ། ཆང་གསར་འཇམ། འོ་མ། སྐོལ་གྲང་བཅས་ལ་བུར་དཀར་འམ་སྦྲང་རྩི་བཏབ་པ། རུས་ཐང་ཤ་གསར་ཟ་བ་དང་། ཆང་འཇམ་བཏང་བ་སོགས་མདོར་ན་ཟས་སྐོམ་གསར་བཅུད་གཏོང་དགོས། སྣུམ་ལྡན་གྱིས་བསྐུ་མཉེ་བྱས་ཆོག ཁྲག་ཤས་ཆེ་བའི་སྟོངས་ཚད་ལ། ཆང་འཇམ་དང་། ཉིན་གཉིད། མེ་བཙའ་བཅས་སྤང་དགོས། མཁྲིས་ཤས་ཆེ་བའི་སྟོངས་ཚད་ལ་ཤ་ཆང་ཤིན་ཏུ་གནོད་ཅིང་། བད་ཀན་སྟོངས་ཚད་ཆེ་ན་མར་དང་གཏར་ག་སྤང་དགོས། ཆུ་སེར་སྟོངས་ཚད་ཆེ་ན་མར་ནག་སྤང་བར་བྱ།

སྤྱོད་ལམ་བསྟེན་ཚུལ།
སྤྱོད་ལམ་བསེར་བུ་དང་། ཁ་ཡུས་མི་སྙན་གཏམ། དྲག་ཤུལ་ཅ་ཅོ་འདུ་འཛིང་བཅས་སྤངས་བྱས་ལ། ཡིད་འོང་གྲོགས་བསྟེན་ཞིང་དྲོ་བའི་གནས་སུ་བསྡད་པ་དང་། བཅོས་ཀ་མི་ལེན་ཚ་བ་ཆེར་འཕེལ་ན། །ཟས་ཀྱི་སྣ་བླང་བསིལ་གྱིས་ཚ་བ་བསད། ཅེས་དང་།“གབ་ཚད་དྲོད་བཅུད་བསྲིངས་ཀྱིན་གནོད་པ་ཚོར” “གབ་ཚད་གྲང་བའི་མགོ་ཕུར་དྲོད་ཀྱིས་བཤུ”ཞེས་གསུངས་པ་བཞིན་སྨན་ཅུ་གང་བདེ་བྱེད་དང་། ཐང་ཆེན་༢༥ སོགས་དུས་ཐོག་བསྟེན་དགོས།“རྙོགས་ཚད་རྔུལ་བརྩེ་སྣ་ཁྲག་གཡོ་ལས་ཤེས།”ཞེས་རྙོགས་པའི་ཚ་བ་ཆུ་སེར་རང་སར་སྐེམ།”ཞེས་གསུངས་པ་ལྟར་སླེ་ཏྲེས་༥ ཐང་དང་། ག་བུར་༢༥ མན་བསིལ་སོགས་དུས་ཐོག་བསྟེན་དགོས་པ་ཡིན།།

 

གསོ་རིག, འཕྲོད་བསྟེན།

Post navigation

Previous Post: བོད་མིའི་སྲིད་དོན་གྱི་མངའ་བདག་ངོ་མ་དེ་སུ་ཡིན།
Next Post: ཆབ་སྲིད་པ་ཚོ་རྫུན་རྐྱལ་ཡིན་དགོས་བ་གང་ཡིན་ནམ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (94)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (62)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme