Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བཞུགས་སྟངས་དཔེ་དོན།

Posted on 2020-11-20 By ཁ་བརྡ 1 Comment on བཞུགས་སྟངས་དཔེ་དོན།

སྐྱོ་བྲག་དགའ་དབང་།
 
སྐྱེ་བ་སྔོན་མའི་སྐྱེས་ཐོབ་དང་། ད་ལྟའི་སྦྱོར་བྱུང་གི་ནུས་པས་ལུས་ངག་ཡིད་ཀྱི་བྱ་བ་གང་ཞིག་ཡིན་ནའང་ཆོས་མཐུན་གྱི་སྤྱོད་པ་འབའ་ཞིག་པ་ལས་འཇིག་རྟེན་གྱི་ཆོས་ཀྱིས་གཏན་ནས་མ་གོས་པའི་སྐྱེས་བུ་ངོ་མཚར་ཅན། མཁན་སྤྲུལ་ཨ་བསྟན་ཕུན་ཚོགས་རིན་པོ་ཆེ་མཆོག་གིས།

༡ ཕྱག་ཆེན་ངེས་དོན་རྒྱ་མཚོའི་ནང་ལུས་གནད་སྐབས་རྗེ་བཙུན་མར་པས་ཆེད་དུ་བསྔགས་པ་བླ་མ་ཞང་གིས་བཀྲལ་བའི་བསམ་གཏན་གྱི་ཆོས་ལྔ་ཡི་ནང་ཚན། ལྀ་རྀ་ལྟར་བསྒྲིམ་ཞེས་པ་སྙན་བརྒྱུད་ཀྱི་ཡིག་ཆར་རྩྭ་དྲས་མའི་མདུད་པ་ལ་དཔེར་མཛད་འདུག་པ། རྩྭ་དྲས་མ་འདི་གང་ལ་ངོས་འཛིན་ལགས།

༢ རྐང་པའི་ལོང་བུ་རེ་མིག་ལྟར་བསྣོལ་ཞེས་པའི་བསྣོལ་སྟངས་དེ་སྟེང་འོག་སྐྱིལ་ཀྲུང་གི་དོད་གང་རུང་ངམ། སེམས་སྐྱིལ་ལམ་ཆེད་དུ་ལོང་བུ་ཕྱིར་བསྣོལ་ལྟ་བུ་གང་ལ་གོ་ལགས།

༣ ཁྲིད་ཐུང་བརྒྱ་རྩའི་ནང་བཞུགས་བྱང་ཆུབ་ཀྱི་སེམས་གཉིས་ཀྱི་མན་ངག་ཟབ་རྒྱས་སྣང་བའི་ནང་བླ་རྣལ་ཨང་གསུམ་པར། རྗེ་བཙུན་ཆེན་པོ་སངས་རྒྱས་མཉན་པ་གྲུབ་ཐོབ་དགེ་སློང་དུར་ཁྲོད་པ་མི་སྡུག་པའི་བསམ་གཏན་གྱི་ཕྱག་རྒྱ་ཅན། ཞེས་གསུངས་པའི་བཞུགས་སྟངས་དེ་ཅི་འདྲ་ཞིག་ལ་ངོས་འཛིན་པ་བཅས་རྨོངས་པའི་བློ་ཅན་རང་གིས་ངེས་འདྲོངས་ཆེད་ནང་སྟབས་སུ་ཞུས་པ་ལགས་ན་གསལ་འདེབས་གནང་བར་མཁྱེན།
ཞེས་མཁན་པོ་དཔའ་བརྟན་གྱི་དྲ་བའི་བརྒྱུད་ནས་བཀའ་འདྲི་གནང་སོང་བ་ལ་བཀའ་ལན་ཞིག་འབུལ་བར་སྤྲོ་མོད་དེ། ཆོས་ད་བྱེད་ངང་ནས་མི་ཚེ་རྫོགས། ཞེས་པའི་དཔེ་བཞིན། ལན་ད་འབུལ་ངང་ནས་ལོ་མང་ལྷོད་གཡེང་དུ་ཤོར་བ་ལ་ཐོག་མར་མཐོལ་བཤགས་ཞུ་བ་ལགས་སོ། །

རེ་ཞིག་སྙན་བརྒྱུད་ཀྱི་ཡིག་ཆར་གསལ་བའི་རྩྭ་དྲས་མའི་མདུད་པ་ནི། འགྲེང་བུ་ཡོད་མེད་ཙམ་ལས་དོན་རང་ཡུལ་སྐྱོ་བྲག་གི་རི་ལུང་གང་སར་སྐྱེས་པའི་རྩྭ་དྲེས་མ་སྟེ། དེའི་མདུད་ཁུག་སྒོར་མོར་འདུག་པ་དཔེར་མཛད་པའོ། །
རྐང་པའི་ལོང་བུ་རེ་མིག་ལྟར་བསྣོལ་བ་ནི། མར་པ་ལོ་ཙཱའི་སྐུ་བརྙན་བྲིས་འབུར་རྣམས་སུ་གསལ་བ། སྐུ་ཤ་ཚོན་པོའི་རྡོ་རྗེ་སྐྱིལ་ཀྲུང་། རྐང་པའི་ལོང་བུ་གཡོན་འོག་དང་གཡས་སྟེང་དུ་བྱས་ནས་བཞུགས་པ་དེ་ཀའོ། །
མཉན་པ་གྲུབ་ཐོབ་དགེ་སློང་དུར་ཁྲོད་པ་མི་སྡུག་པའི་བསམ་གཏན་གྱི་ཕྱག་རྒྱ་ཅན་ནི། སྤྱིར་སངས་རྒྱས་མཉན་པའི་སྐུ་བརྙན་གྲགས་ཆེ་ཤོས་དངུལ་སྐུ་བར་སྣང་མ། དུས་འཁོར་འགྲེལ་ཆེན་ལས། སྐྱིལ་ཀྲུང་ལ་ལག་པ་གཡོན་པའི་སྟེང་དུ་ལག་པ་གཡས་པ་གན་རྐྱལ་མཉམ་པར་གནས་པ་ནི་ཕྱག་ན་པདྨ་སྟེ། སྣང་བ་མཐའ་ཡས་ཀྱི་ཏིང་ངེ་འཛིན་གྱི་ཕྱག་རྒྱའོ། །ཞེས་པ་མཉམ་གཞག་གི་ཕྱག་རྒྱ་ཅན་དུ་ཡོད་མོད་དེ། ཟབ་རྒྱས་སྣང་བར་གསལ་བ་ནི། བཀའ་བརྒྱུད་གསེར་ཕྲེང་གི་ཞལ་ཐང་གྲས་སུ་ཡོད་པ་སངས་རྒྱས་མཉན་པ་དགེ་སློང་གི་ཆ་ལུགས་སྐྱོ་བའི་ཉམས་ཅན་ཕྱག་གཉིས་ཁུ་ཚུར་སྐྱིལ་ཀྲུང་གི་བར་དུ་བཅུག་ནས་བཞུགས་པ་དེ་ཀ་ཡིན། བཞུགས་སྟངས་འདི་ཉིད། དུས་འཁོར་འགྲེལ་ཆེན་ལས། མཐེ་བོ་སྲིན་ལག་གི་རྩར་བཞག་པའི་ཁུ་ཚུར་གཉིས་བརླ་གཡས་པ་དང་གཡོན་པའི་སྟེང་དུ་བཞག་པ་ནི་རྡོ་རྗེ་སེམས་དཔའི་འདུག་སྟངས་སོ། །ཞེས་པ་ལས་ལོགས་ཀ་ཡིན་པ་ཤེས་དགོས་སོ། །

སྣ་ཚོགས།

Post navigation

Previous Post: སེམས་ཀྱི་འཁུན་སྒྲ
Next Post: མཆོད་ལྡན་མཆོད་པའི་མེ་ཏོག

Comments (1) on “བཞུགས་སྟངས་དཔེ་དོན།”

  1. ཀརྡོ་རབ་འབྱམས་པ says:
    2020-11-21 at 8:21 am

    དཔེ་ཆའི་ནང་ལ་ང་ཚོའི་མིག་གི་དབང་པོ་དེ་ཡང་། རྩྭ་དྲས་མའི་མེད་ཏོག་ལྟར་ཡོད་གསུངས་འདུག རྩ་དྲས་མ་ནི། རི་མཐོར་སྤང་ཐང་དུ་ལོ་ལེབ་མོ་ཁ་ཤས་ཡར་དྲངས་ནས་སྐྱེས་པའི་དཀྱིལ་དུ་རྩྭའི་སྡོང་པོ་གཉེན་མོ་ཞིག་གི་རྩེར་དྲིལ་བུ་ཁ་བཤགས་པ་ལྟར་ཤིན་ཏུ་མཛེས་པ་ཞིག་ཡོད་རེད། ཆུང་དུས་ང་ཚོ་སྤུན་མཆེད་ཚོས་སྣེ་གཤང་རི་མགོར་རྩྭ་དེ་ཡི་ལོ་རིང་མོ་དེ་དག་གི་སྐྲ་ལྷས་མ་ལྷས་པ་ལྟར་ལྷས་པ་ཡང་དྲན་བཞིན་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (70)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme