Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྟོང་ལོ་ཉེར་གཅིག་སྲིད་སྐྱོང་ཁྱོད་ཡིན།

Posted on 2020-11-17 By ཁ་བརྡ 20 Comments on སྟོང་ལོ་ཉེར་གཅིག་སྲིད་སྐྱོང་ཁྱོད་ཡིན།

བོད་ཀྱི་བུ་ནས།
 
ཁྱོད་ལ་ཟབ་རླིང་བརྟན་གསུམ་འཛོམས་ཡོད།།
ཁྱོད་ལ་དབྱིན་བོད་ཧིན་གསུམ་ལྡན་ཡོད།།
ཨ་མའི་བུ་ཡིས་དཔལ་འབྱོར་པ་རིག་སྦྱང་ཡོད།།
ཁྲིམས་ཀྱི་བདེན་པ་གཙུག་ཏུ་བཀུར་མཁན་ཁྱོད་ཡིན།།

ཨ་གསར་མེད་པའི་མི་གཤིས་བརྟན་པོ་བྲག་ཡིན།།
དད་དམ་གཙང་མ་ངོ་ལྐོག་མེད་པ་ཁྱོད་ཡིན།།
གོང་འོག་མེད་པར་མཛའ་མཐུན་ཡོད་པ་ཁྱོད་ཡིན།།
གྲོས་ཚོགས་ཧྲིལ་པོ་སྣེ་ཁྲིད་མཁས་པ་ཁྱོད་ཡིན།།

མགོ་ནག་བོད་ལ་སྤྱི་སེམས་ཡོད་པ་ཁྱོད་ཡིན།།
ཕྲག་དོག་ཅན་ལ་ལྡང་ཟུག་མེད་པ་ཁྱོད་ཡིན།།
གཡོ་ཅན་གཏམ་མགོ་བདེན་པས་སྣོན་པ་ཁྱོད་ཡིན།།
རང་མཐོ་ངལ་རྒྱལ་གཏན་ནས་མེད་པ་ཁྱོད་ཡིན།།

སྔ་ཕྱི་བར་གསུམ་བསམ་བློ་གཏོང་ཤེས་ཁྱོད་ཡིན།།
ཆོལ་གསུམ་སྤུན་ལ་ཁྱད་པར་མེད་པ་ཁྱོད་ཡིན།།
འོས་ཐོབ་ཆེད་དུ་རྔམ་ཧེབ་མེད་པ་ཁྱོད་ཡིན།།
རྫུན་དང་གཡོ་སྒྱུའི་ཁྲབ་སྟོན་མེད་པ་ཁྱོད་ཡིན།།

ཐེན་ཁྱེར་ཅན་ཚོ་སེམས་ནས་སྐྲག་ས་ཁྱོད་ཡིན།།
སྤྱི་སེམས་ཅན་ཚོས་མཐེ་བོང་སྒྲེང་ས་ཁྱོད་ཡིན།།
ཤེས་རྒྱ་ཅན་ཚོས་རེ་བ་བཅོལ་ས་ཁྱོད་ཡིན།།
མི་རབས་གསར་བས་ཡིད་ཆེས་ཡོད་ས་ཁྱོད་ཡིན།།

རྒྱལ་བས་ཅི་གསུང་བཀའ་བཞིན་སྒྲུབ་མཁན་ཁྱོད་ཡིན།།
དམངས་ཀྱི་སྤྱི་དོན་འཐུས་ཤོར་མེད་པ་ཁྱོད་ཡིན།།
དབང་ཆེན་མི་ལ་འབྲེལ་བ་བཟང་བ་ཁྱོད་ཡིན།།
བོད་དོན་སྒྲུབ་ལ་འཇོན་ཐང་ཡོད་པ་ཁྱོད་ཡིན།།

མདོར་ན་རྒྱལ་ཁབ་བསམ་ན་ཁྱོད་དགོས།།
གང་ལྟར་ཉམས་མྱོང་ཅན་པོ་ཁྱོད་ཡིན།།
སྟོང་ལོ་ཉེར་གཅིག་སྲིད་ཀྱི་ཁྲི་འཕང་དེ་ལ།།
འོས་མཚམས་ཡོད་པ་སྤེན་པ་ཚེ་རིང་མཆོག་ཡིན།།

ཆོལ་ཁ་འཐེན་པའི་འོས་ཤོག་ཁྱོད་ལ་མི་དགོས།།
མཐུན་སྒྲིལ་དཀྲིགས་པའི་ངོ་སྟོད་ཁྱོད་ལ་མི་དགོས།།
བོད་དོན་བརླག་པའི་དབུང་སྒྲིག་ཁྱོད་ལ་མི་དགོས།།
སྲིད་སྐྱོང་ཁྲི་ལ་དགོས་པའི་དཔོན་བཟང་ཁྱོད་ཡིན།།

སྙན་ངག

Post navigation

Previous Post: ཚེ་སྲོག་གི་གཤེད་མའི་ནད་ཡམས། (ནད་ཡམས་མི་འདོད་ན། ཁོར་ཡུག་ལ་བདག་གཅེས་བྱོས།)
Next Post: སེམས་ཀྱི་འཁུན་སྒྲ

Comments (20) on “སྟོང་ལོ་ཉེར་གཅིག་སྲིད་སྐྱོང་ཁྱོད་ཡིན།”

  1. ཀརྡོ་རབ་འབྱམས་པ says:
    2020-11-18 at 1:11 am

    སྤེན་པ་ཚེ་རིང་།
    སྤེན་པ་སྤེན་པ་ཟེར་ན་ཁྱོད་ལ་ཟེར། །
    པ་ཕ་པ་ཕ་ཟེར་ན་ཁྱོད་ལ་ཟེར། །
    ཚེ་རིང་ཚེ་རིང་ཟེར་ན་ཁྱོད་ཟེར། །
    རིང་ཐུང་གང་བཤད་སྲིད་སྐྱོང་ཁྱོད་ལ་ཟེར། །

  2. ཉི་སྣང་། says:
    2020-11-19 at 4:09 am

    མངོན་པར་བསྟོད། སྤེན་པ་ཚེ་རིང་རྒྱལ་ལོ།།

  3. བོད་ལ་དགའ། says:
    2020-11-19 at 6:17 am

    སྲིད་སྐྱོང་འོས་མིའི་ནང་དུ་ བོད་ཀྱི་ཁ་སྐད་ཙམ་ལས་བོད་ཡིག་ལ་རྨོངས་པའི་འོས་མི་ཡོད་ན་དེ་ཕམ་པར་གྱུར་ཅིག

  4. ཀརྡོ་རབ་འབྱམས་པ says:
    2020-11-20 at 12:41 am

    ཀ་ཕྲེང་སྤེན་པ་ཚེི་རིང་ཁྱོད་རང་ང་ཚོའི་སྲིད་སྐྱོང་ཡིན་གདའ།
    ་
    ཀ་ཡེ་གསོན་དང་འོས་ཤོག་འཕེན་མཁན་ཚོ། །
    ཁ་བ་ལྗོངས་ཀྱི་སྲིད་སྐྱོང་འོས་འདེམས་འདིར། །
    ག་ཚད་བཤད་དང་སུ་ཞིག་འདེམས་བསམ་ཡང་། །
    ང་ཚོའི་སྲིད་སྐྱོང་འོས་ཤོས་སྤེན་ཚེ་འདུག །

    ཅ་མ་ཟིག་གི་མི་ལ་བཟོད་སྲན་བརྟན། །
    ཆ་རྐྱེན་ཡོངས་རྫོགས་ཚང་བའི་སྲིད་སྐྱོང་ཞིག །
    ཇ་ཆང་ཙམ་ལ་མགོ་བོ་མ་འཁོར་བར། །
    ཉ་རྒྱས་ཟླ་བ་དེ་ནི་སྤེན་ཚེ་ལགས། །

    ཏྰ་ལའི་བླ་མའི་ཐུགས་དགོངས་སྒྲུབ་ལ་མཁས། །
    ཐ་ཤལ་རྒྱ་ཁྱིར་སྐྱོན་འཛུགས་བྱེད་ལ་མཁས། །
    ད་ལན་སྲིད་སྐྱོང་རྩོད་མེད་བསྐོ་འདོད་ན། །
    ན་ཚོད་མ་རྒས་སྤེན་ཚེ་མཆོག་ཉིད་དོ། །

    པ་ཕ་བཟང་པོའི་སེམས་གཤིས་ཁྱོད་ལ་འཇགས། །
    ཕ་དང་བུ་ཡི་ལས་འགན་ཁྱོད་ཀྱིས་ཤེས། །
    བ་གླང་འདྲ་བའི་རྒྱ་མིར་ཁྱོད་ཀྱིས་རྩོད། །
    མ་ཉེས་ཁ་ཡོགས་རྒྱལ་མཁན་སྲིད་སྐྱོང་དགོས། །

    ཙ་རིའི་གནས་སྐོར་ལམ་ཆེན་དབུ་མའི་ལམ། །
    ཚ་ངར་ཆེན་པོས་བོད་དོན་སྒྲུབ་ལ་མཁས། །
    ཛ་དྲག་ལས་བྱེད་བོད་རྒྱ་འབྲེལ་མོལ་མོལ། །
    ཝ་སྐྱེས་རང་བཙན་རྩོད་མཁན་ཐེར་འདོན་མཛད། །

    ཞྭ་ལྟར་བཀུར་འོས་སྲིད་སྐྱོང་ཚོགས་ཟུར་དགོས། །
    ཟ་མཁས་སྤྱོད་མཁས་མི་གཤིས་ཡ་རབས་དགོས། །
    འ་ཅག་ལྷ་གཅིག་༸གོང་ས་ཡིད་བཞིན་དགོས། །
    ཡ་མེད་སྲིད་སྐྱོང་སྐུ་ངོ་སྤེན་ཚེ་དགོས། །

    ར་སྤྲོད་ཁུངས་འཚོལ་ཐུབ་མཁན་སྤེན་ཚེ་རེད། །
    ལ་རྒྱའི་ཆོད་སེམས་ཡོད་མཁན་སྤེན་ཚེ་རེད། །
    ཤ་ཞེན་ཆོལ་གསུམ་ཁྱབ་མཁན་སྤེན་ཚེ་རེད། །
    ས་གོལ་གང་སར་སླེབ་མཁན་སྤེན་ཚེ་རེད། །

    ཧ་ཅང་སྨྲ་མཁས་ནང་དགྲ་ཕྱི་དགྲ་ཤེས། །
    ཧ་གོ་དོན་རྟོགས་ཡོད་པའི་སྤེན་ཚེ་མཆོག །
    ཧ་ལོག་མི་ལ་རང་འོས་མ་འཕེན་པར། །
    ཧ་ཧ་ཧི་ཧི་ངང་ལ་སྤེན་ཚེར་འཕེན། །

    ཨ་ཁུ་སྟོན་པའི་རྣམ་ཐར་བློ་སེང་བསྟན། །
    ཨ་མདོ་མིན་པའི་མངའ་རིས་ཀརྡོ་ངས། །
    ཨ་མདོ་སྤེན་ཚེ་སྲིད་སྐྱོང་འཁོད་ཕྱིར་དང་། །
    ཨ་མདོ་༸གོང་ས་མཆོག་དེ་རྒྱལ་ཕྱིར་བྲིས། །
    ་
    ཀརྡོས།

  5. མི་ཉག་སྐལ་བཟང་། says:
    2020-11-20 at 8:43 am

    སྤེན་ཚེ་ལ་སྲིད་སྐྱོང་འཐོབ་སོང་ན་བོད་མི་ཚོ་སླར་ཡང་དུམ་བུ་དུམ་བུར་མ་ཆགས་པའི་སྨོན་ལམ་འདེབས།

  6. ཀརྡོ་རབ་འབྱམས་པ says:
    2020-11-21 at 6:38 am

    སྤེན་ཚེ་ལ་སྲིད་སྐྱོང་འཐོབ་སོང་ན་བོད་མི་ཚོ་སླར་ཡང་དུམ་བུར་མི་འགྲོ་བའི་རྒྱུ་མཚན་དང་པོ་ནི། བློ་སེང་དང་བློ་སེང་བཀའ་ཤག་འཁྱུར་ཟིན་པས་རེད།
    གལ་སྲིད་སྤེན་ཚེ་མ་འཐོབ་ན། འབྲོང་ཆུང་ཐོབ་ན། ཁམས་རིགས་ངར། རྒྱ་རི་དང་སྐལ་རྡོར་གང་རུང་ཞིག་ཐོབ་ན། སྟོད་མངའ་རིས་དང་དབུས་དབུས་གཙང་ངར་ནས་དུམ་བུ་འགྲོ་སྟངས་གསར་པ་ཞིག་མ་ཆགས་པའི་ངེས་པ་ཡོད་མ་རེད་དོ།།

  7. ཀརྡོ་རབ་འབྱམས་པ says:
    2020-11-21 at 8:00 am

    བློ་སེང་ཧམ་པ་ཆེན་པོ་ཡོད་ཙང་། སྲིད་སྐྱོང་ཐང་མ་གཉིས་ཐོབ་པ་རེད། ད་ཆ་སྤེན་ཚེ་བོད་ཀྱི་ཁྲིམས་ཁང་ནས་ཐོབ་པ་ནང་བཞིན། ད་ལན་སྲིད་སྐྱོང་ཡང་ངེས་པར་དུ་ཐོབ་དགོས་རེད་དོ།།

  8. jigwang Abharu says:
    2020-11-21 at 9:57 pm

    ༄༅། བཀའ་ཤག་ངོ་རྒོལ་བྱེད་མཁན་སྤེན་རེད། སྐུ་མདུན་མཇལ་ཁ་མེད་པ་སྤེན་ཚེ་རེད།
    ཁ་ནས་འུར་བཤད་བྱེད་མཁན་སྤེན་ཚེ་རེད། དོན་དངོས་ཇི་ཡིན་མ་ཤེས་་སྤེན་ཚེ་རེད།
    ད་ནི་སྤེན་ཚེའི་དུས་ཚོད་ཚོད་རྗོགས་པ་རེད།
    འུར་བཤད་ཁོ་ན་བཤད་མཁན་སྤེན་ཚེ་རེད། ཁ་བཤད་དོན་དངོས་མེད་པ་སྤེན་ཚེ་རེད„

  9. ཀརྡོ་རབ་འབྱམས་པ says:
    2020-11-22 at 1:21 am

    བཀའ་ཤག་ངོ་སྤྲོད་་བྱེད་མཁན་སྤེན་ཚེ་རེད། སྐུ་མདུན་དད་པ་ཡོད་མཁན་སྤེན་ཚེ་རེད། ཁ་ནས་ལ་རྒྱ་ཤོད་མཁན་སྤེན་ཚེ་རེད། དོན་དངོས་ཇི་ཡིན་ཤེས་མཁན་་སྤེན་ཚེ་རེད། ད་ནི་སྤེན་ཚེའི་དུས་ལ་བསླེབས་ཚོད་རེད། ད་ནི་སྲིད་སྐྱོང་འཇོན་མཁན་སྤེན་ཚེ་རེད། འབྲོང་ཆུང་དངོས་གྲུབ་ངག་ནས་སྐད་མི་ཐོན། རྒྱ་རི་སྒྲོལ་མ་ངག་ངུ་སྐད་ཐོན། སྐལ་རྡོར་བློ་སེང་མཉམ་དུ་ཞབས་འདྲེན་ཞུས། ད་ནི་སྤེན་ཚེ་མ་གཏོགས་མི་འདུག་གདའ།

  10. jigwang Abharu says:
    2020-11-22 at 3:47 pm

    རང་གིས་རང་བཀྱགས་མཁན་སྤེན་ཚེ་རེད།
    རང་རྒྱལ་གཞན་ཕམ་འཛིན་མཁན་སྤེན་ཚེ་རེད།
    གཞུང་ལ་ངོ་རྒོལ་བྱེད་མཁན་སྤེན་ཚེ་རེད།
    ད་ནི་སྤེན་ཚེའི་ལེའུ་རྫོགས་ཐལ་སོང།

  11. tashi dolkar says:
    2020-11-24 at 1:29 am

    བོད་མི་སྒྲིག་འཛུགས་ཀྱི་སྒལ་ཚིག་ཁྲིམས་ཁག་རྩི་སྲུང་མི་བྱེད་མཁན་སེང་གེ་རེད།
    རང་གི་གྲོགས་པོ་དང་ཉེ་རང་ལ་རྐུབ་སྟེགས་འབུལ་མཁན་སེང་གེ་རེད།
    དབང་ཆ་སྒེར་སྤྱོད་བྱེད་མཁན་སེང་གེ་རེད།
    གང་སྐྱིད་ལས་བྱེད་རྒན་པ་སེམས་ཤུགས་ལྕོགས་མཁན་སེང་གེ་རེད།
    དོལ་ཚོགས་དང་རྒྱ་ཁྱི་སྐུ་མགྲོོན་དུ་འབོད་མཁན་སེང་གེའི་རྒྱུག་ཁྱིེ་རེད་དོ།

  12. tashi dolkar says:
    2020-11-24 at 1:45 am

    སེང་གེ་སྲིད་སྐྱོང་སླེབས་ནས་དོན་དངོས་ལས་བྱེད་མང་ཤེས་སེམས་ཤུགས་བཅན་ཟིན་རེད།དགའ་མིན་དགའ་མདོག་དང་སྤྲེལ་ལེ་བྱེད་མཁན་ལས་བྱེད་ལ་ཁེ་ཕན་སྐྱང་ཕུལ་ནས་ཐེམས་པ་རིམ་འཛིགས་བྱེད་མཁན་གྱི་ལས་བྱེད་རྣམས་ཟུར་དུ་གཡུགས་པ་གསལ་པོ་རེད།༢༠༡༦་གངས་སྐྱིད་ནས་ལས་བྱེད་འོས་ཤོག་ཤོར་བ་བརྡ་ལེན་ཅིག་རེད།དཔེར་ཆུང་ཙམ་བཤད་ན་ཁོང་གི་ཤར་གླིང་འུ་ཚུགས་ཀྱི་དྲུང་ཆེ་ཚད་མཉམ་སྤྲད་པ་རེད་ཡིན་ཡང་མཐར་སེང་གེ་ཐ་ཟ་ཅུག་ནས་ཕྱིན་པ་རེད།་དེ་སྔ་ཕྱི་རྒྱལ་དོན་གཅོད་ལས་བྱེད་རྣམས་ཡིག་རྒྱུག་གི་ལམ་ནས་འདེམས་སྲོལ་ཡོད་ཀྱང་ཤར་གླིང་གི་གྲོགས་མོ་དཔལ་སྐྱིད་ཟེར་བ་ཞིག་ལམ་སྲོལ་མེད་པར་འུ་ཚུགས་ཀྱི་བཞག་རེད་ཡིན་ཡང་ལོ་གཅིག་མ་ཟིན་གོང་ཁེ་ཕན་ཚང་མ་བླང་ནས་དགོངས་པ་ཞུ་རེད།མོ་ལ་ཁེ་ཕན་ག་རེ་རག་རེད་ཞུ་ན་ལས་བཅར་མ་ཞུ་གོང་གང་སྐྱིད་ལ་བཞག་ནས་རྒྱ་གར་ནང་གཞུང་འབྲེལ་སྐོར་སྐྱོད་དུ་བཏང་ནས་སྐྱིད་རྒྱབ་བཅུག་རེད།དེ་ནས་སི་བི་སི་དོན་གཅོད་ལས་ཁུངས་ལ་ཡང་བུ་མོ་དཀོན་མཆོག་གཡག་ར་ཟེར་བ་ཞིག་ལམ་སྲོལ་མེད་པར་བཞག་ནས་ཤར་གླིང་ཕྱོགས་སྐྱོད་འགྲོ་སྐབས་རྩོད་པ་ཤོར་བའི་ལོ་རྒྱུས་ཡང་འདུག།་བུ་མོ་དེ་དང་མཉམ་སྲིད་སྐྱོང་གཞུང་འབྲེལ་ཕྱོགས་སྐྱོད་སྐབས་ཉིག་གཅིག་གཉིས་ག་སོང་ཆ་མེད་དུ་འགྱུར་ནས་མགྲོན་ཁང་ལ་སྐྱིད་པོ་བཏང་བའི་སྐད་ཡང་ཡོད་གསལ་རེད།སྟབས་མ་ལེགས་པ་ཞིག་མོ་ཡང་དགོངས་པ་ཞུས་བ་རེད།་དེ་དེ་མཚུངས་གངས་སྐྱིད་ཕྱི་དྲིལ་ལས་ཁུངས་ལ་ཡང་ཕྱི་རྒྱལ་སློབ་སྦྱང་བྱེད་ནས་སླེབས་པ་དྲུང་གཞོན་གྱི་རྐུབ་སྟེགས་སྤྲད་ནས་གོང་ལ་བཞག་ནས་ལས་བྱེད་རྙིང་པ་ལོ་15་་་20་ཞབས་ཞུ་བྱེད་ནས་དྲུང་ལས་མ་སླེབས་པ་རྣམས་གཡོགས་ལྟར་འོག་ལ་བཞག་ཡོད།།།།ལམ་སྲོལ་འདི་རྣམས་གང་ཡིན་དངོས་ནས་མ་ཤེས་ཐ།

  13. jigwang Abharu says:
    2020-11-24 at 4:02 pm

    རྒྱལ་བའི་བཀའ་ལ་བརྕི་མཁན་བློ་སེང་རེད།
    སྒྲིག་འཛུགས་ཡར་ལ་བཀྱགས་མཁན་བློ་སེང་རེད།
    ཤེས་ཡོན་ཕུལ་དུ་ཕྱིན་ཡོད་བློ་སེང་རེད།
    བོད་མིའི་མཚན་ཡར་བསྟོད་མཁན་བློ་སེང་རེད།
    འཇོན་ནས་ལོ་བཅུ་བསྐྱངས་མཁན་བློ་སེང་རེད།
    རྒྱལ་བ་དགྱེས་སུ་བཅུག་མཁན་བློ་སེང་རེད།
    བློ་སེང་བྱས་རྗེས་ཕྲག་མདོག་སྐྱེས་མཁན་ཚོ།
    འཆལ་གཏམ་བཤད་པ་ཙམ་ལས་བྱེད་རྒྱུ་མེད།

  14. གཞུང་པ་ཚེ་དབང་བསོད་ནམས says:
    2020-11-24 at 4:52 pm

    ཕོ་འགའ་རེའི་གནམ་ལ་ཀྱག་གི་འདའ་།
    ཕོ་འགའ་རེའི་ས་ལ་བརྡབས་ཀྱི་འདའ་།
    དོན་ངོ་མ་ཕྱོགས་ལྷུང་ཕྱོགས་གཏོགས་རེད་།
    དེ་ཆོལ་གསུམ་ཆིག་སྒྲིལ་གཏོར་བྱེད་རེད་།

  15. ཀརྡོ་རབ་འབྱམས་པ says:
    2020-11-25 at 5:04 am

    རྒྱལ་བའི་བཀའ་ལ་མི་བརྕི་མཁན་བློ་སེང་རེད།
    སྒྲིག་འཛུགས་མར་ལ་གཡུགས་མཁན་དེ་བློ་སེང་རེད།
    ཤེས་ཡོན་ཕུལ་དུ་མི་ཕྱིན་དེ་ཡོད་བློ་སེང་རེད།
    བོད་མིའི་མཚན་ཡར་གནོད་མཁན་དེ་བློ་སེང་རེད།
    མ་འཇོན་ནས་ལོ་བཅུར་རྙོང་གླེང་སློང་མཁན་དེ་བློ་སེང་རེད།
    སྤེན་ཚེ་རྒྱལ་བ་དགྱེས་སུ་མི་བཅུག་མཁན་དེ་བློ་སེང་རེད།
    བློ་སེང་བྱས་རྗེས་ལ་ཁྲག་དོག་མེད་མཁན་དེ་ང་རེད།
    འབེལ་གཏམ་བཤད་མཁན་མང་ཤོས་དེ་ང་ཡིན། །

  16. ཀརྡོ་རབ་འབྱམས་པ says:
    2020-11-25 at 1:41 pm

    རྒྱལ་བའི་བཀའ་ལ་བརྕི་མཁན་སྤེན་ཚེ་རེད།
    སྒྲིག་འཛུགས་ཡར་ལ་བཀྱག་མཁན་སྤེན་ཚེ་རེད།
    ཤེས་ཡོན་ཕུལ་དུ་ཕྱིན་མཁན་སྤེན་ཚེ་རེད།
    བོད་མིའི་མཚན་མཐོང་སྤེལ་མཁན་སྤེན་ཚེ་རེད།
    མ་ཉེས་ཁ་གཡོག་འཁྱེར་མཁན་སྤེན་ཚེ་རེད།
    ཁྲིམས་ཐོག་རྒྱལ་ཁ་ཐོབ་མཁན་སྤེན་ཚེ་རེད།
    ༸རྒྱལ་བ་དགྱེས་སུ་བཅུག་མཁན་སྤེན་ཚེ་རེད།
    མི་མང་དགའ་རུ་བཅུག་མཁན་སྤེན་ཚེ་རེད།
    མི་མང་རེ་བ་བཅོལ་ས་སྤེན་ཚེ་རེད།
    སྲིད་སྐྱོང་འོས་ཤོག་སྤེན་ས་སྤེན་ཚེ་རེད། །

  17. ཚེ་བརྟན་འགྱུར་མེད། says:
    2020-11-25 at 7:08 pm

    ། བོད་ཀྱི་བུ་ལགས་ཀྱིས་སྟོང་ལོ་ཉེར་གཅིག་སྲིད་སྐྱོང་ཁྱོད་ཡིན་ཅེས་ནང་ཚོགས་ཟུར་སྤེན་པ་ཚེ་རིང་ལ་བསྟོད་མངགས་ཡག་པོ་ཕུལ་འདུག ཁྱེད་ཀྱི་འདོད་པ་མ་ཟད་བོད་ཡིག་ཤེས་པའི་དགོིས་དོན་དེ་བེད་སྤྱད་ཐུབ་རེད། ཡིན་ཀྱང་བསམ་ཤེས་མ་ཐུབ་མཁན་གྱི་བོད་མི་ཡོད་ན་དེ་དག་གི་དགོངས་ཞིབ་ཆེད་གནས་དོན་འགའ་རེ་ལ་ངའི་བསམ་ཚུལ་ཞུ་འདོད་བྱུང་བ།
    རྒྱལ་བས་ཅི་གསུང་བཀའ་བཞིན་སྒྲུབ་མཁན་ཁྱོད་ཡིན།། དམངས་ཀྱི་སྤྱི་དོན་འཐུས་ཤོར་མེད་པ་ཁྱོད་ཡིན།།
    དབང་ཆེན་མི་ལ་འབྲེལ་བ་བཟང་བ་ཁྱོད་ཡིན།། བོད་དོན་སྒྲུབ་ལ་འཇོན་ཐང་ཡོད་པ་ཁྱོད་ཡིན།། ཅེས་ནས།
    ཤོ་ལོ་ཀའི་ནང་གསལ་ ཁྱོད་ཡིན་ཅེས་ཁྱོད་དེ་ཚོགས་ཟུར་སྤེན་པ་ཚེ་རིང་ལ་གོ་རྒྱུ་དང་ཚིག་རྐང་དང་པོའི་ཐད་༸རྒྱལ་བའི་བཀའ་བཞིན་སྒྲུབ་མཁན་ཡིན་ན་གང་གིས་ཕྱིར་སྤེན་ཚེ་ལ་བཀའ་སྐྱོན་གནང་རེད། དེ་ཡང་ཐེངས་འགའ་ཤས་གནང་གནས། མཇལ་ཁ་ག་རེ་བྱས་ནས་མ་ཐོབ།

    ཚིག་རྐང་གཉིས་པ། དམངས་ཀྱི་སྤྱི་དོན་འཐུས་ཤོར་མེད་ན་དོན་གཅོད་ལས་སྣེ་ནས་བཀའ་ཤག་གིས་ཕྱིར་འཐེན་བྱེད་དགོས་དོན་མ་ཟད་ལྷག་ཏུ་ང་ཚོའི་དབུས་ཁྲིད་མཆོག་དགོངས་པ་མཚོམ་པ། ཨ་རི་དབུས་པས་ཤ་ཞེན་ཅན་བོད་རྒྱ་ཆེ་མང་པོས་ཁ་གཏོང་དོན་གང་ཡིན་ནམ།

    ཚིག་རྐང་གསུམ་པ། དབང་ཆེན་མི་ལ་འབྲེལ་བ་བཟང་ཅེས་པའི་དབང་ཆེན་མི་དེ་སུ་ལ་གོ ཁོ་རང་ལས་ལ་བཀོད་མཁན་དང་གནས་དབྱུངས་གཏོང་མཁན་གྱི་མི་ལ་དབང་ཆེན་ཟེར་ན་སྲིད་སྐྱོང་བློ་སེང་ལ་འབྲེལ་བ་དབེན་པས་མ་བྱུང་བ་ལས་འབྲེལ་བཟང་བས་གང་ནས་ཡིན། དེ་མིན་དབང་ལྡན་ཨ་རི་གྲོས་ཚོགས་ཚོགས་གཙོ་དང་བོད་མིའི་རྒྱབ་སྐྱོར་བ་རི་ཅཌ་སོགས་ལ་གོ་དགོས་ན་ཁོང་རྣམ་པས་སྤེན་པ་ཚེ་རིང་ལགས་ལས་དོན་ལ་རྟག་རྟག་མེད་པས་སྐྱོན་བརྗོད་ཞུས་པ་གོ་རྒྱུ་འདུག རྒྱལ་ཁབ་བཅུ་གཉིས་ནང་ལོ་མང་རིང་ནས་དོན་གཅོད་ཡོད་ཀྱང་དེ་འདྲའི་གནས་ཚུལ་བྱུང་བ་ཐོག་མ་ཡིན། བོད་དོན་སྒྲུབ་ལ་འཇོན་ཐང་ཡོད་པ་ཁྱེད་ནས་མཐོང་བ་ལས་མི་མང་བས་དེ་ལྟར་མ་མཐོང་བས་བོད་མི་སྤྱི་ནས་བློ་སེང་ལ་ཐེངས་གཉིས་སྲིད་སྐྱོང་དུ་འོས་གནང་མ་རེད་པས། ཐེངས་གསུམ་པ་ཡོད་ན་དེ་ཡང་ཐོབ་རྒྱུ་ཆེར་ངེས་གནས་འདུག་པ་བསམ་ཚུལ་དུ་ཞུས།།

    ཡང་ཀརྡོ་རབ་འབྱམས་ལགས། ང་ཚོ་བོད་པ་སྤྱི་བའི་སྲིད་སྐྱོང་ཞིག་འོས་འདེམས་ཞུ་བ་ལས་ཆོལ་ཁ་སོ་སོའི་སྲིད་སྐྱོང་འོས་ཞུ་གི་མེད་དོ། མང་མོས་ཅན་གྱི་སྐྱེ་ཕོ་མོ་ཨ་མདོ་བའམ་ཁམས་པའམ་དབུས་པ་གང་ནས་ཡིན་ཀྱང་བྱུང་ཀྱང་འཐུས་པ་ལས་དཀའ་ངལ་མེད། ཁྱེད་ཀྱི་རྩོམ་དུ།
    ཨ་ཁུ་སྟོན་པའི་རྣམ་ཐར་བློ་སེང་བསྟན། །
    ཨ་མདོ་མིན་པའི་མངའ་རིས་ཀརྡོ་ངས། །
    ཨ་མདོ་སྤེན་ཚེ་སྲིད་སྐྱོང་འཁོད་ཕྱིར་དང་། །
    ཨ་མདོ་༸གོང་ས་མཆོག་དེ་རྒྱལ་ཕྱིར་བྲིས། ། ཅེས་ནས།

    ཚིག་རྐང་དང་པོ་དེ་བློ་སེང་ལ་བསྟོད་པ་ཆེ་མིན་ནམ། ཨ་ཁུ་སྟོན་པ་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་དུ་ངོས་འཛིན་གྱིས་བོད་གངས་ཅན་པའི་ལྐུག་རྨོངས་སེལ་བའི་ཆེད་དུ་བྱོན་པའི་སྒྲུང་མང་པོ་གོ་མྱོང་།

    ཀརྡོ་ཁྱེད་གཞི་ནས་ཨ་མདོ་བ་ཡིན་པ་ཧ་གོ་སོངོ་། ཧཧཧཧཧཧཧ ཆོས་སྐྱོང་སྲུང་མས་དད་རེད་ལབ་ན་ཆེ་སོང་ང།
    ཨ་མདོ་བ་སྤེན་ཚེ་སྲིད་སྐྱོང་ཐོབ་མི་སྲིད་ཀྱང་ཐོབ་ན་ཆོལ་གསུམ་སྲིད་སྐྱོང་ལས་ཨ་མདོའི་སྲིད་སྐྱོང་མིན་ནོ།
    དེ་སྔ་ཡང་ཞུས་ཡོད་ལ་ད་སྐབས་སླར་ཞུས་ན་༸གོང་ས་མཆོོག་ནི་བོད་ཆོལ་ཁ་གསུམ་དུ་སྐུའི་སྐྱེ་བ་དུ་མ་བཞེས་པའི་དེད་དཔོན་ཁོ་ན་ཡིན་པས་དད་པ་དང་མོས་གུས་དེ་༸གོང་ས་མཆོག་ཉིད་དུ་ཞུ་བ་ལས་འཁྲུངས་ཡུལ་དུ་མ་འཇོག་ན་མི་ལེགས་སམ། ༸གོང་ས་མཆོག་བོད་ཤར་ཕྱོགས་མདོ་སྨད་ཡུལ་དུ་སྐུ་སྐྱེས་བཞེས་དགོས་དོན་དུ་མ་ཞིག་ཡོད་པ་ནས་གཙོ་བོ་དེ་ཆབ་སྲིད་གནད་དུ་གལ་ཆེར་གཟིགས་ནས་ཨ་མདོའི་ཡུལ་དུ་འཁྲུངས་མི་སམ། ༸གོང་ས་མཆོག་དེ་རྒྱལ་ཕྱིར་སེམས་འཚོར་དང་གདུང་ཤུགས་དྲག་པོ་ཡོད་ན་༸ཁོང་གིས་དགོས་དབང་ལས་གཟིགས་པའི་ཐུགས་དང་འགལ་མཁན་གྱི་མི་ཁྱེད་ཀྱི་ཡིད་དུ་བརྣགས་པའི་སྤེན་ཚེ་ལ་རྒྱབ་སྐྱོར་མ་ཞུས་ན་ལེགས་པ་ལས་དེ་མིན་དགོན་པའི་ཁྱི་ལ་ཞུས་ན་བླ་མའི་ཐུགས་ལ་ཕོག་ཞེས་པའི་རང་རེའི་དཔེ་དེ་བདེན་ན་དེ་མིན་ཅི་ཞུ་དགོས། སོ་སོའི་རང་དབང་ཡིན་ཞེས་ན་དམངས་གཙོ་རེད། ༸གོང་ས་མཆོག་ཉིད་རྒྱལ་ཕྱིར་གྱི་སེམས་ཁུར་ཡོད་ན་བུད་མེད་སྲིད་སྐྱོང་འོས་མི་ལ་དམིགས་ཤོག བུས་མེད་ཀྱི་ནུས་ཤུགས་སྤེལ་རྒྱུར་༸ཁོང་ནས་དགོངས་བཞེས་རྒྱུན་མར་གནང་ཡོད། ད་ཆ་རང་རེའི་སྤྱི་ཚོགས་ནང་དུའང་འོས་མི་ལངས་འདུག དེ་ནི་རྒྱ་རི་སྒྲོལ་མ་ལགས་ཡིན་འདུག་ལ་འོས་ངེས་ཀྱང་ཆེ་ལགས།།

  18. tashi dolkar says:
    2020-11-26 at 1:19 am

    ཚེ་བརྟན་འགྱུར་མེད་ལགས་དོན་དངོས་གང་ཡང་མི་ཤེས་བར་མཇལ་ཁ་མ་རག་བའི་སྐོར་ཞུས་ན་སྟོང་པ་རེད།ཚོགས་གཙོ་གཞོན་དང་མཛད་གཙོ་རྣམས་པའི་མཇལ་ཁ་སྐབས་སེང་གེ་དང་སྐལ་རྡོར་གཉིས་ལ་ཀབ་སྐྱོན་རག་པ་དེ་ཁྱེད་མ་ཤེས་བ་ཡིན་ནམ།དེ་སྔ་སེང་གེ་རྒྱལ་བའི་དགོངས་པ་དཀྲུགས་ནས་སྐུ་མདུན་ལྡི་ལི་ལ་ཨོ་སྦ་མ་མཇལ་ནས་ཕྱིར་གྷ་གྷལ་གནམ་ཐང་ལ་ཕེབས་སྐབས་དགའ་ལྡན་ཕོ་བྲང་ནས་སྲིད་སྐྱོང་ཕེབས་བསུ་གནམ་ཐང་ལ་ཡོང་མ་བཅུག་བ་མ་ཤེས་སམ།ངོ་ཚ་ཁྲལ་མེད་སེང་གེའི་དབང་ཆ་བེད་སྤྱོད་ལོགས་པ་བྱས་ནས་བུ་མེད་འདྲ་མིན་་མཉམ་རྒྱབ་ལ་ཁེ་ཕན་ལང་བ་མང་པོ་ཡོད་རེད།གངས་སྐྱིད་ལས་བྱེད་བསྟན་འཛིན་ཉི་མ་ཞེས་པ་དྲག་ཅན་དེ་ཡང་སྲིད་སྐྱོང་གི་visa སྤྲད་བ་ཡོང་གྲགས་རེད།དེ་འདྲ་བུ་མེད་ལས་བྱེད་ལ་visa སྤྲད་པ་ཉུང་ཉུང་མ་རེད།མི་དེ་སྐོར་མང་པོ་བཤད་ན་ངོ་ཚ་རེད།མི་དེ་འདྲ་ཐབ་ཆགས་ཞིག་བོད་རྩ་དོན་ལ་ཕན་གནོད་ཡང་སྤྱི་ཀྱག་ལ་ཤེ་གསལ་རེད།

  19. ཀརྡོ་རབ་འབྱམས་པ says:
    2020-11-26 at 6:11 am

    ་་་་་་་་་་་་་་ ཁཡང་ཀརྡོ་རབ་འབྱམས་ལགས། ང་ཚོ་བོད་པ་སྤྱི་བའི་སྲིད་སྐྱོང་ཞིག་འོས་འདེམས་ཞུ་བ་ལས་ཆོལ་ཁ་སོ་སོའི་སྲིད་སྐྱོང་འོས་ཞུ་གི་མེད་དོ། མང་མོས་ཅན་གྱི་སྐྱེ་ཕོ་མོ་ཨ་མདོ་བའམ་ཁམས་པའམ་དབུས་པ་གང་ནས་ཡིན་ཀྱང་བྱུང་ཀྱང་འཐུས་པ་ལས་དཀའ་ངལ་མེད། ཁྱེད་ཀྱི་རྩོམ་དུ།
    ཨ་ཁུ་སྟོན་པའི་རྣམ་ཐར་བློ་སེང་བསྟན། །
    ཨ་མདོ་མིན་པའི་མངའ་རིས་ཀརྡོ་ངས། །
    ཨ་མདོ་སྤེན་ཚེ་སྲིད་སྐྱོང་འཁོད་ཕྱིར་དང་། །
    ཨ་མདོ་༸གོང་ས་མཆོག་དེ་རྒྱལ་ཕྱིར་བྲིས། ། ཅེས་ནས།

    ཚིག་རྐང་དང་པོ་དེ་བློ་སེང་ལ་བསྟོད་པ་ཆེ་མིན་ནམ། ཨ་ཁུ་སྟོན་པ་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་དུ་ངོས་འཛིན་གྱིས་བོད་གངས་ཅན་པའི་ལྐུག་རྨོངས་སེལ་བའི་ཆེད་དུ་བྱོན་པའི་སྒྲུང་མང་པོ་གོ་མྱོང་།

    ཀརྡོ་ཁྱེད་གཞི་ནས་ཨ་མདོ་བ་ཡིན་པ་ཧ་གོ་སོངོ་། ཧཧཧཧཧཧཧ ཆོས་སྐྱོང་སྲུང་མས་དད་རེད་ལབ་ན་ཆེ་སོང་ང།ཡང་ཀརྡོ་རབ་འབྱམས་ལགས། ང་ཚོ་བོད་པ་སྤྱི་བའི་སྲིད་སྐྱོང་ཞིག་འོས་འདེམས་ཞུ་བ་ལས་ཆོལ་ཁ་སོ་སོའི་སྲིད་སྐྱོང་འོས་ཞུ་གི་མེད་དོ། མང་མོས་ཅན་གྱི་སྐྱེ་ཕོ་མོ་ཨ་མདོ་བའམ་ཁམས་པའམ་དབུས་པ་གང་ནས་ཡིན་ཀྱང་བྱུང་ཀྱང་འཐུས་པ་ལས་དཀའ་ངལ་མེད། ཁྱེད་ཀྱི་རྩོམ་དུ།
    ཨ་ཁུ་སྟོན་པའི་རྣམ་ཐར་བློ་སེང་བསྟན། །
    ཨ་མདོ་མིན་པའི་མངའ་རིས་ཀརྡོ་ངས། །
    ཨ་མདོ་སྤེན་ཚེ་སྲིད་སྐྱོང་འཁོད་ཕྱིར་དང་། །
    ཨ་མདོ་༸གོང་ས་མཆོག་དེ་རྒྱལ་ཕྱིར་བྲིས། ། ཅེས་ནས།

    ཚིག་རྐང་དང་པོ་དེ་བློ་སེང་ལ་བསྟོད་པ་ཆེ་མིན་ནམ། ཨ་ཁུ་སྟོན་པ་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་དུ་ངོས་འཛིན་གྱིས་བོད་གངས་ཅན་པའི་ལྐུག་རྨོངས་སེལ་བའི་ཆེད་དུ་བྱོན་པའི་སྒྲུང་མང་པོ་གོ་མྱོང་།

    ཀརྡོ་ཁྱེད་གཞི་ནས་ཨ་མདོ་བ་ཡིན་པ་ཧ་གོ་སོངོ་། ཧཧཧཧཧཧཧ ཆོས་སྐྱོང་སྲུང་མས་དད་རེད་ལབ་ན་ཆེ་སོང་ང། ་་་་་་་་་་་་་་་་ ཟེརབ་ལ།
    ་
    ཧ་ཧ་དང་། ཧི་ཧི་ཞེས་བགད་མོ་དགོད་རྒྱུ་ཙམ་ལས་ཞུ་རྒྱུ་གང་ཡང་མེད་དོ།།

  20. ཚེ་བརྟན་འགྱུར་མེད། says:
    2020-11-26 at 1:59 pm

    Tashi Dolkar ལ་དང་ཐོག་ང་རང་ལ་མི་བདེ་བའི་གནས་དོན་ཞིིག་འདུག་དེ་ཞུས་ན་བསམ་པ་ལྟར་ན་ཁྱེད་བོད་ཡིག་ཤེས་མཁན་ཞིག་གི་རང་གི་མིང་སྐད་ཡིག་གཞན་ནང་བེད་སྤྱོད་དགོས་དོན་ཅི་ཡིན་ནམ་སྙམ་བྱུང། ད་གནད་དོན་སྐོར་བསམ་བསྡུར་ཞུས་ན། བཀྲ་ཤིས་སྒྲོལ་དཀར་ལགས་།་བཀྲིས་སྒྲོལ་དཀར་ལགས། བཀྲ་སྒྲོལ་ལགས།་ང་དོན་དངོས་གང་ཡང་མི་ཤེས་མིན་ལ་སྟོང་པའང་མ་རེད། གནས་ཚུལ་མང་པོ་ཞིག་ང་ཚོའི་དབུ་ཁྲིད་མཆོག་དང་འབྲེལ་བས་ཆ་ཚང་ཞིག་ཞུ་འདོད་མིན་འདུག ༸ཁོང་སྤེན་ཚེ་ལགས་སུ་ཐུགས་མི་བདེ་བའི་གནས་དོན་འགའ་ཤས་ཤེས་ཀྱི་ཡོད་པ་ནས་གཅིག་དཔེ་རུ་ཞུས་པ་དེ་ཕྲན་བུ་བཟོ་ཡང་དུ་གཏང་ནས་མཇའ་ཁ་མ་རག་པའི་སྐོརཞུས་ཡིན། ད་ཆ་ང་རེས་ཤེས་པ་དེ་དམར་དམར་རྗེན་རྗེན་དུ་ཞུ་དགོས་ན་མཇལ་ཁར་བཏང་མི་ཡོང་ཅེས་བཀའ་ཕེབས་གནས་རེད། དེ་ནི་ཤིན་ཏུ་ཚབ་ཆེ་ཡིན་པ་ཞུས་ན་མ་འཐུས་པ་ཨེ་ཡོད། ང་རང་གི་དངོས་སུ་གོའམ་གསུངས་ན་མ་གོ གཞནནས་གོ་སོང་། དེ་བཞིན་ཁྱེད་ཀྱི་སེང་གེར་བཀའ་སྐྱོན་གནང་བ་གཞན་ནས་གོ་གཤའ་ལ་ངས་ཀྱང་གོ་སོང། ཡིན་ཀྱང་ངས་༸ཁོང་གི་བཀའ་སྐྱོན་ལ་རྣམ་པ་གཉིས་སུ་དབྱེ་བྱེད། དང་པོ་དེ་ལས་དོན་ཞུ་ལམ་མ་བྱུང་བའི་སྐོར་དེ་ཡིན་པ་བཟོ་ཡང་ཀྱང་སྣང་མེད་དུ་ག་ནས་འཇོག་ནུས། སྲིད་སྐྱོང་ལ་དེ་འདྲའི་གནས་ཚུལ་བྱུང་གཤའ། དེ་མིན་གནས་དོན་འགའ་རེའི་ཐོག་བློ་སེང་ལགས་གངས་སྐྱིད་ཁུལ་དུ་བྱང་བ་མེད་པའི་སྐྱོན་གནད་ཀྱང་བྱུང་ཡོད་སྲིད། དྲང་དགོས། དེ་འདྲ་སོང་དགོངས་འགལ་གྱི་གནས་ཚུལ་ཚང་མ་ཞུས་ན་མ་འཐུས་པ་ཨེ་ཡོད་གང་ལྟར་མང་བ་ཁོ་བ་སྲིས་སྐྱོང་ཐེངས་དང་པོའི་སྐབས་བྱུང་ངེས། ད་ཆ་བློ་སེང་ལ་དགོངས་པ་དག་པའི་ཆ་འཛིན་ཞུ་ཡི་ཡོད།
    ང་སྤེན་ཚེ་ལགས་སྲིད་སྐྱོང་དུ་འཁོད་རྒྱུར་མི་བདེ་བའི་གནས་དོན་གཙོ་བོ་དེ་༸ཁོང་དགོངས་པ་མ་དག་པའི་མི་ཞིག་སྲིད་སྐྱོང་དུ་བཀོད་ན་༸ཁོང་གནང་ཐབས་མི་བདེ་བ་ཞིག་བྱུང་ན་ཅི་མ་རུང་ཅེས་བསམ་གྱི་འདུག བོད་མི་མང་གི་འོས་འདེམས་ཞུས་བའི་གང་ཟག་ལ་༸ཁོང་འདོད་པ་མེད་ནའང་སྣེ་ལེན་མ་ཞུ་རང་ཞུ་སུས་བཟོས་རེད། འོས་བླུགས་མཁན་གྱི་བཟོས་མ་རེད་དམ། སྤེན་ཚེ་ལ་དགོངས་པ་མཚུམ་དགོས་དོན་དེ་ཚབ་ཆེན་པོ་རེད། གནས་དོན་གཞན་དེ་ཆོལ་གསུམ་ཆིག་སྒྲིལ་གྱི་བོད་དོན་ལ་ཧུར་བརྩོན་ཞུ་རྒྱུ་དེ་ཆོལ་གསུམ་མི་མང་ནས་གསུམ་བཅུའི་དུས་དྲན་ལས་ལྷག་པ་གནང་རྒྱུ་ཡོད་དང་མེད་དེ་ཞུ་དཀའ་ཡང་མི་འདོད་པའི་ཆོལ་ཁའི་རྙོགས་ཁྲ་དེ་ལོ་ལྔའི་རིང་རྫོགས་རྒྱུ་མེད་པ་ཡོང་རྒྱུ་ཕལ་ཆེར་ཞུ་ཐུབ། དཔེ་ན་སྤེན་ཚེ་ལགས་གྲོས་ཚོགས་ནས་དགོངས་པ་མ་ཞུས་བར་མི་གསོད་མཁན་ཅེས་ལབ་གླེང་དེ་གྲོས་ཚོགས་ནང་ནས་རྫོགས་མ་སོང་ང་། གནས་དོན་འདི་གྲོས་ཚོགས་ནང་ནས་ང་རང་གོ་འདོད་ཀྱང་མེད་ལ་བཤད་མཁམ་གྱི་མི་ལའང་དགའ་བསུ་མེད། ད་ཆ་མི་དགོས་པའི་གནས་ཚུལ་འདི་གོ་རྒྱུ་མེད་པས་ང་ནི་ཡིད་བདེ་ལགས།
    བཀྲིས་སྒྲོལ་དཀར་ལགས། སེང་གི་མི་ཐབ་ཆགས་ཁྱེད་ནས་གཟིགས་ཀྱང་སྐྱབས་བཅོལ་བོད་མི་མང་བས་སྲིད་སྐྱོང་དུ་བཀོད་ཚར་བ་མར་དབྱུངས་རྒྱུ་ཁག་པོ་མ་རེད་པས། ང་དང་མི་མང་པོས་སྤེན་ཚེ་ལགས་དེ་བས་སྐྱོན་ཆེ་བར་མཐོང་ནས་སེམས་ཚབ་ཀྱིས་བོད་མི་རྣམས་སུ་དགོངས་བཞེས་ནན་པོ་མ་གནང་ན་འཕངས་ཟིན་པའི་མདའ་མོ་ཚུར་ལོག་ཤོག་ཞུ་དཀའ་བའི་གསན་བསམ་ཞུས་པའི་ཚུལ་ཡིན།
    གོ་ཤེས་ལྡན་པའི་ཆོལ་གསུམ་མི་དམངས་ནས་བསམ་ཞིབ་ནན་གཏན་གནང་གལ་ངས་ག་ནས་ཞུ་དགོས་ཀྱང་ཡོད་ན་རྨོངས་པའི་བསལམ་ཚུལ་ནན་དུ་ཞུས་པས་དགོངས་འཚོམ་མེད་པ།། དེ་བཞིན་སྤེན་ཚེ་ནས་སྔ་བྱས་ལ་འགྱོད་ནས་ད་གནས་ནས་ཡར་ལངས་ཐབས་ཞུས་ནས་དང་པོ་སྲིད་སྐྱོང་ལས་ལྷག་༸ཁོང་གི་དགོངས་པ་དག་པའི་རེ་འདོད་ཞུ་ཆོག་ཁ། དེ་ནས་སྲིད་སྐྱོིང་ལ་བཞེངས་ནས་རེ་བ་ཆེ་བ་མི་མངོན་ནམ། དེ་བར་རྒྱ་རི་སྒྲོལ་མ་ལགས་སམ་འབྲོང་ཆུང་ལགས་རྣམ་གཉིས་སུ་འོས་གནང་ཤོག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme