Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱ་གར་གྱི་ལོ་སར་དང་། བུ་ཆུང་སེམས་བཟང་ཅན་གྱི་གཏམ་རྒྱུད།

Posted on 2020-11-13 By ཁ་བརྡ 1 Comment on རྒྱ་གར་གྱི་ལོ་སར་དང་། བུ་ཆུང་སེམས་བཟང་ཅན་གྱི་གཏམ་རྒྱུད།

ཆབ་མདོ་ངག་དབང་ཕུན་ཚོགས།
 
བསམ་པ་བཟང་པོའི་བུ་ཆུང་ཡིས།། སྦྱར་བ་བཟང་པོའི་རོགས་པ་གནང་།།
ཨ་མ་བཟང་པོ་བགྲེས་སོང་ལ།། ལོ་གསར་བཟང་པོ་བཏང་རྒྱུ་བྱུང་།།

ཕ་མ་བཟང་པོའི་བུ་རྒྱུད་ལ།། ཡ་རབས་བཟང་པོའི་གོམས་གཤིས་བསླབ།།
བུ་རྒྱུད་བཟང་པོ་འགའ་ཤས་ཀྱིས།། ཡ་རབས་གོམས་སྲོལ་ཚུར་ཡང་བསླབ།།

ཡང་པའི་ས་ཆེན་འདི་སྟེང་དུ།། བསམ་པ་བཟང་པོ་ལྷག་གཅིག་མེད།།
ཤི་ཡང་རིན་ཐང་དེ་ལྷག་མེད།། གསོན་ཡང་རིན་ཐང་དེ་ལྷག་མེད།།

འགྲོ་རྣམས་བསམ་པ་བཟང་པོ་ལ།། རྟག་ཏུ་འབད་པ་བྱེད་དགོས་ལས།།
ཚང་མས་བཟང་པོར་བརྩོན་པ་ན།། བདེ་སྐྱིད་འོང་བར་སྨོན་ཅི་དགོས།།

བསམ་བཟང་ཅན་གྱི་བུ་ཆུང་གིས།། བསམ་བཟང་ལས་དོན་གནང་བས་དྲིན།།
ཉམ་ཆུང་བུད་མེད་ས་ཀོང་རྣམས།། ཚོང་ཞིང་ལོ་གསར་རོལ་རྒྱུ་བྱུང་།།

དེ་རིང་ངས་བརྙན་ཐུང་ཞིག་ལས་འཕྲོས་པའི་སྒྲུང་གཏམ་ཞིག་འབྲི་བར་འདོད། དེ་ཡང་གནས་ཚང་རྒྱ་གར་འཕགས་པའི་ཡུལ་གྱི་ལོ་གསར་འཆར་ལ་ཉེ་བའི་སྐབས་དེར་གྲོང་དང་གྲོང་ཁྱེར་གྱི་ཁྲོམ་གཞུང་ཁག་ཏུ་ལོ་གསར་ལ་མཁོ་བའི་ཅ་དངོས་མང་པོ་ཞིག་ཉོ་རྒྱུ་ཡོད་ཅིང་། ཅ་ལག་ཉོ་མཁན་ནི་གྲོ་ཚང་ནས་དོན་པ་ལྟར་མི་རྣམས་ཁྲོམ་གཞུང་དུ་མཐོང་རྒྱུ་ཡོད། དེར་བརྟེན་ཉིན་གཅིག་མ་བུ་གཉིས་གྲོང་ཁྱེར་གྱི་ཁྲོམ་གཞུང་དུ་ཅ་ལག་རྩག་རྩིག་ཉོ་བ་ཕྱིན། གྲོང་ཁྱེར་གྱི་གཞུང་ལམ་གཡས་ཕྱོགས་སུ་བུད་མེད་གཅིག་གིས་སའི་མཆོད་ཀོང་ཚོང་བཞིན་བསྡད།

དེ་ཉིན་ནི་ཉི་མ་ཧ་ཅང་ཚ་རུང་བུད་མེད་དེས་ལམ་ཟུར་ནས་འགྲུལ་པ་ཡར་མར་འགྲོ་མཁན་ཚང་མར་ལོ་གསར་གྱི་ཆེད་དུ་སའི་མཆོད་ཀོང་ཉོ་རོགས་གནང་དང་གོང་ཚད་ཆུང་ཆུང་ཡིན་ཚུལ་གྱིས་སྐད་འཛེར་འཛེར་གྱིས་འབོད་བཞིན་ཡོད་རུང་། ལམ་ཟུར་ནས་འགྲོ་མཁན་ཚོས་ཉོ་རྒྱུ་ཕར་བཞག་སྟེ་མིག་ཙམ་ཡང་ལྟ་རོགས་བྱེད་ཀྱི་མེད། བུད་མེད་དེ་ཉིད་ཡིད་ཐང་ཆད་ནས་བསྡད་མུར། མ་བུ་གཉིས་དེའི་འགྲམ་ནས་ཡར་འོང་བ་དང་། བུད་མེད་དེས་སའི་མཆོད་ཀོང་ཉོ་རོགས་བྱོས་དང་གོང་ཚད་ཉུང་ཉུང་ཡིན་ཟེར། བུ་ཆུང་གིས་ཨ་མ་ལགས་ལོ་གསར་གྱི་ཆེད་དུ་སའི་མཆོད་ཀོང་ཉོ་རོགས་ཞེས་བརྗོད་རུང་། ཨ་མས་སའི་མཆོད་ཀོང་ཉོ་དགོས་མ་རེད་ཅེས་བརྗོད་ནས་ཉོ་རོགས་མ་བྱས་ནས་བུ་ཆུང་དེ་ཉིད་ལག་པ་ནས་འཐེན་བཞིན་ཁྲིད་ཕྱིན།

མ་བུ་གཉིས་ཕྱིར་ནང་དུ་སླེབས་པ་དང་། བུས་སའི་མཆོད་ཀོང་ཚོང་མཁན་གྱི་བུད་མེད་དེ་ལམ་ཟུར་དུ་ཚ་བ་དེ་འདྲའི་ཆེ་རུང་ཨུ་ཚུགས་རྒྱབ་བཞིན་སའི་མཆོད་ཀོང་ཚོང་བ་དང་། བུད་མེད་བགྲེས་སོང་དེ་ཉིད་ཡིད་ཐང་ཆད་པའི་རྣམ་འགྱུར་དེ་དག་ཡིད་དུ་འཁོར་ནས་རང་ཉིད་ལ་དཀའ་འཕྲད་ཀྱི་ཡོད་པའི་ཚོར་སྣང་འདྲ་ཞིག་ཤར་ནས་ཉལ་ཡག་པོ་ཞིག་ཁྱོན་ནས་མ་ཁུག །ཕྱི་ཉིན་ནམ་ལངས་པ་དང་། བུས་མ་ལགས་ང་ལ་སྒོར་མོ་གནང་དང་ཞེས་ལབ་པ་དང་། ཨ་མས་གང་གི་ཆེད་དུ་ཡིན་མིན་ཙམ་ཡང་མ་དྲིས་ནས་བུ་ལ་སྒོར་མོ་ག་ཚོད་དགོས་ལབ་ན་སྤྲད། བུས་ལམ་སང་ལྕགས་རྟ་བཞོན་ནས་ཁྲོམ་གཞུང་དུ་ཕྱིན། དེ་སྔོན་བུད་མེད་སའི་མཆོད་ཀོང་ཚོང་སར་ཕྱིན་ཏེ་བུ་ཆུང་གིས་ངོ་གདོང་ལ་འཛུམ་མདངས་དང་འབྲེལ་སླེབས་ལ་ཉེར་བའི་ལོ་གསར་ལ་འཚམས་འདྲི་ཞུ་རྒྱུ་ཡིན། ང་ལ་སའི་མཆོད་ཀོང་ཁ་ཤས་ཚོང་རོགས་ཞེས་བརྗོད་པ་དང་འབྲེལ། བུད་མེད་དེས་ཡིད་ཐང་ཆད་པའི་རྣམ་འགྱུར་འབྲེལ་སའི་མཆོད་ཀོང་འདི་དག་མ་ཚོང་ན་ལོ་གསར་ག་རེའི་བཏང་དགོས་རེད་ཟེར་བཞིན་སྐྱོ་ཉམས་ཀྱི་ཚུལ་དུ་བུ་ཆུང་ལ་འཛུམ་ཙམ་ཞིག་བྱས་ཏེ་སའི་མཆོད་ཀོང་འགའ་ཤས་བུ་ཆུང་དེར་སྤྲད། ཡང་བསྐྱར་བུ་ཆུང་གི་ངོ་གདོང་ལ་ཡག་པོ་བལྟས་ཏེ་སའི་མཆོད་ཀོང་གཅིག་སྦྱིན། བུ་ཆུང་གིས་སྟོད་ཐུང་གི་གློ་ཁུག་ནས་ཁ་དཔར་དེ་ཚུར་བླངས་ཏེ་བུད་མེད་དེ་འདྲ་དཔར་ཞིག་བརྒྱབ་སྟེ་ལམ་སང་རྐང་ལྕགས་བཞོན་ནས་ནང་དུ་ལོག་ཕྱིན།

ནང་དུ་སླེབས་པ་དང་ལམ་སང་གློག་ཀླད་ཁ་ཕྱེས་ཏེ་བུད་མེད་དེའི་འདྲ་དཔར་བཟོ་སྒྲིག་བྱས་ཤིང་། འདྲ་དཔར་གྱི་གཤམ་འོག་ཏུ་”ད་ནི་སླེབས་ལ་ཉེ་བའི་ལོ་གསར་ནང་དུ་ཁོར་ཡུག་ལ་གནོད་པ་མེད་པའི་རིགས་ནི་སའི་མཆོད་ཀོང་འདི་ཉིད་ཡིན་ཞིང་། འདི་ཉིད་སྒྲོན་གནང་མཛད་ན་ཁོར་ཡུག་དང་། མིའི་འཕྲོད་བསྟེན་སོགས་ལ་མི་གནོད་ཅིང་། ལྷག་དོན་སའི་མཆོད་ཀོང་འདི་ཉིད་སྒྲོན་པའི་ལུགས་སྲོལ་ནི་ང་ཚོའི་ཕ་མེས་ཡང་མེས་དུས་ནས་ཁྱབ་གདབ་ཏུ་བྱུང་བའི་གོམས་སྲོལ་ཞིག་ཡིན་ན། སྲོལ་བཟང་འདི་ཉིད་ང་ཚོས་རྒྱུན་འཛིན་གྱིས་ད་རེས་སའི་མཆོད་ཀོང་འདི་དག་ཉོས་ནས་སྒྲོན་ན་རང་གཞན་ཚང་མར་དགེ་ཕན་རླབས་ཆེ་”ཚུལ་སོགས་བཀོད། དེ་དག་དཔར་བཤུས་དུ་མ་ཞིག་བརྒྱབ་སྟེ་ལོ་གསར་གྱི་ཆེད་དུ་ཅ་ལག་ཉོ་མཁན་ལམ་ཟུར་ནས་ཡར་མར་འགྲོ་མཁན་རྣམས་ལ་སྤྲད་ཅིང་ངོ་སྤྲོད་གནང་བ་དང་། དེ་བཞིན་གཞུང་ལམ་ཟུར་གྱི་གྱང་ངོས་སོགས་སུ་སྦྱར་ཡོད། དེའི་ཤུགས་རྐྱེན་གྱིས་དུས་རྒྱུན་ལྟར་མ་ཡིན་པ་གྲོང་ཁྱེར་གྱི་རྒན་གཞོན་བར་གསུམ་སའི་མཆོད་ཀོང་ཉོ་མཁན་ཚང་ཁའི་ངང་འོང་ཞིང་། བགྲེས་སོང་བུད་མེད་དེའི་ལག་ནས་སའི་མཆོད་ཀོང་ཚང་མ་ཉོས་ཏེ་དུས་ཐོག་འགྲེམས་ཚོང་ཐུབ་པ་བྱུང་བ་རེད།

དགོང་མོ་ས་མ་རུབ་གོང་ནས་བུད་མེད་དེས་སའི་མཆོད་ཀོང་བླུགས་སྣོད་དེ་རུབ་སྟེ་ཐོན་གྲབས་སྐབས་དེར། དེ་སྔོན་བུ་ཆུང་དེ་ཡོང་ནས་བགྲེས་སོང་ཨ་ཅག་ལགས་སའི་མཆོད་ཀོང་ཚང་མ་འགྲེམས་སོང་ངམ་ཞེས་དྲིས། བགྲེས་སོང་བུད་མེད་དེས་ངོ་གདོང་ལ་འཛུམ་མདངས་ཀྱིས་ཁེངས་ཤིང་བུ་ཆུང་ལགས་དཀོན་མཆོག་གི་ཐུགས་རྗེས་བཀའ་དྲིན་ལས་སའི་མཆོད་ཀོང་ཚང་མ་འགྲེམས་སོང་ཞེས་ལབ་པ་དང་། བགྲེས་སོང་བུད་མེད་ཀྱིས་ངོ་གདོང་ནས་དགའ་བའི་འཛུམ་མདངས་དེ་དག་གིས་བུ་ཆུང་གི་སེམས་རྒྱུད་དུ་དགའ་སྣང་དཔག་མེད་དུ་སྦྱིན་ཞིང་། བུ་ཆུང་དེས་ངས་སའི་མཆོད་ཀོང་ཚང་མ་འགྲེམས་ཀྱི་རེད་ཁྱེད་ལ་ཞུས་ཡིན་པ། ད་ཡིན་ན་དཔེ་ཡག་པོ་བྱུང་བ་རེད། ད་ལོ་ནང་མི་ཚང་མ་མཉམ་དུ་ལོ་གསར་སྐྱིད་པོ་གཏོང་ཨང་ཞེས་བརྗོད་དེ་གོད་སྒྲ་དང་འབྲེལ་ཏེ་ལྕགས་རྟ་བཞོན་ཏེ་ལོག་ཕྱིན། བུད་མེད་དེས་བུ་ཆུང་དེར་སྐད་ཅ་ཞིག་བཤད་སྙིང་འདོད་རུང་། བུ་ཆུང་གི་ལྕགས་རྟ་བཞོན་ཏེ་ཕྱིན་པས་བུད་མེད་དེས་སྐད་འབོད་རྒྱབ་བཞིན་རྗེས་དེད་བཏང་རུང་རྗེས་མ་ཟིན། ཡིན་ནའང་བུ་ཆུང་དེའི་རྒྱབ་ལོག་ནས་ཤོག་གུ་ཞིག་ས་ཐོག་ཟགས་པ་དང་། བུད་མེད་དེ་ཚུར་བླངས་ཏེ་བལྟས་པ་དང་། ད་གཟོད་གཞི་ནས་སའི་མཆོད་ཀོང་འགྲེམས་ཚོང་ཐུབ་པ་བྱུང་བ་དེ་ནི་བུ་ཆུང་དེའི་བཀའ་དྲིན་ཉག་ལས་བྱུང་བ་ཡིན་པ་ཤེས་རྟོགས་བྱུང་ཞིང་།

བུ་ཆུང་ཞིག་གིས་གཞན་ཕན་གྱི་བསམ་བློ་གཏོང་ཕྱོགས་དང་། ཀུན་སློང་ཡ་རབས་ཀྱི་བྱ་སྤྱོད་དེ་དག་ལ་བུད་མེད་བགྲེས་སོང་དེ་རང་དབང་མེད་པར་ཡིད་དབང་འཕྲོག་ཅིང་། བུད་མེད་བགྲེས་སོང་དེའི་སེམས་རྒྱུད་ལའང་སེམས་མགུ་ཆེན་པོ་ཞིག་ཀྱང་ཐེབས། ལས་དོན་ཆེ་ཆུང་གང་ཞིག་ཡིན་ཡང་ལྷག་བསམ་རྣམ་དག་གི་ལས་དོན་བྱས་པ་ཡིན་ན་གཞན་ལ་ཕན་ཐོགས་ཡོང་བ་བྱེད་ཐུབ་ཀྱི་ཡོད་པ་ཤེས་རྟོགས་བྱུང་ཞིང་། བུད་མེད་བགྲེས་སོང་དེས་སེམས་རྒྱུད་དུ་བག་ཆགས་བཟང་པོ་ཞིག་ཀྱང་འཇོག་ཡོད་པ་རེད་ལ། དེ་སྔོན་ཡིན་ན་རང་ཉིད་ཀྱི་ཚོང་གཉེར་དེ་དག་ལས་དོན་ཐབས་ཆག་གཅིག་ཡིན་པ་ཚོར་གྱི་ཡོད་རུང་། ད་གཟོད་གཞི་ནས་རང་ཉིད་ཀྱི་ཚོང་གཉེར་དེ་དག་ནི་ཕ་མེས་ཡང་མེས་ནས་བརྒྱུད་འོང་བའི་གོམས་སྲོལ་ཞིག་ཡིན་ཞིང་། གོམས་སྲོལ་འདི་དག་གིས་ཁོར་ཡུག་སོགས་ལ་གནོད་པ་མེད་པའི་ལས་དོན་ཞིག་ཀྱང་ཡིན་པ་ཤེས་རྟོགས་བྱུང་ཞིང་། སེམས་རྒྱུད་ལ་འདེངས་སྤོབས་ཤིག་ཀྱང་རང་བཞིན་མེད་པར་སྦྱིན།

ལྷག་དོན་ལོ་ལྟར་ལོ་གསར་སྐབས་སུ་རྒྱབ་ཏུ་གྱོན་རྒྱུ་དང་ཁ་ལ་བཟའ་རྒྱུ་སོགས་གང་ལ་ཡང་ཕན་ཐོགས་མེད་པས་སྒོར་མོ་ས་ཡ་མང་པོས་རྫས་སྦྱོར་བཟོས་པའི་ཤུགས་སྦག་སྤར་ནས་ཁོར་ཡུག་ལ་ཧ་ཅང་གི་གནོད་ཚབ་ཆེན་པོ་བཟོ་བཞིན་ཡོད་པས། མངའ་སྡེའི་སོ་སོས་ཁོར་ཡུག་ལ་གནོད་པའི་རྫས་དུག་རིགས་སྤར་མི་ཆོག་ཚུལ་ཡང་ཡང་བཀོད་ཁྱབ་བཏང་གི་ཡོད་རུང་དམངས་ཚོགས་ཀྱིས་དེ་ཙམ་དོ་སྣང་དང་ཉན་འཇོག་གནང་མཁན་ཧ་ཅང་ཉུང་ཉུང་ཡིན་པ་རེད། འགྲོ་གྲོན་ཕོན་ཆེ་ཞིག་བཏང་ནས་དུག་རྫས་སྤར་བ་ལས་སའི་མཆོད་ཀོང་སྒྲོན་ན་ཁོར་ཡུག་ལ་མི་གནོད་པ་སོགས་དགེ་མཚན་ཧ་ཅང་ཆེ་བ་ཞིག་ཡིན་པ་ནི་འབྲེལ་བརྗོད་མ་དགོས་སོ། བུད་མེད་བགྲེས་སོང་དེ་ལྟར་འགྲེལ་བརྗོད་བྱེད་ཀྱི་ཡོད་པས། རྒྱ་ཆེ་མི་དམངས་རྣམས་ཀྱང་རིམ་པའི་གོ་རྟོགས་འཕེལ་ནས་ཤུགས་སྦག་སྤར་མཁན་ལོ་རེ་ཉུང་དུ་འགྲོ་ཡི་ཡོད་པས་ཁོར་ཡུག་ལ་རིམ་པས་ཕན་ཐོགས་ཀྱང་ཡོང་གི་ཡོད་པ་རེད་དོ།།

སྨྲས་པ།

བདག་ཅག་སྟོན་པ་འཁྲུངས་སའི་གནས།། སྟོན་པའི་མཛད་འཕྲིན་རྒྱས་སའི་གནས།།
འགྲོ་རྣམས་ཐར་པ་འདྲེན་སའི་གནས།། ཁྱད་འཕགས་ཅན་གྱི་གནས་ཀྱི་མཆོག།

རྒྱ་གར་འཕགས་པའི་ཞིང་གི་གནས།། གནམ་ལོ་སར་དུ་བཞད་པ་ལ།།
རྟག་ཏུ་བདེ་སྐྱིད་འབྱུང་བར་ཤོག། འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ།།

བརྩམས་སྒྲུང་།

Post navigation

Previous Post: འབྱུང་བོ་རོ་ལངས་ཀྱི་གཏམ་རྒྱུད།
Next Post: རྩེད་མོའི་ཁྲོད་ཀྱི་སློབ་གསོ་དང་དེའི་དགེ་མཚན།

Comments (1) on “རྒྱ་གར་གྱི་ལོ་སར་དང་། བུ་ཆུང་སེམས་བཟང་ཅན་གྱི་གཏམ་རྒྱུད།”

  1. ཆབ་མདོ་ངག་ཕུན། says:
    2020-11-13 at 11:01 am

    ཀློག་པ་པོ་རྣམས་ལ་བཟོད་གསོལ་ཞུ་རྒྱུ་ཞིག་ལ། དཀའ་འཕྲད་ཅེས་པ་དཀའ་ངལ་འཕྲད་ཅེས་བཅོས་རོགས་གནང་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (94)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (62)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme