Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་ཀྱིས་སྐྱབས་གཏད་ས་ངོ་མ་དེ་ཁྲོམ་ཕི་སྲིད་གཞུང་ཡིན།

Posted on 2020-11-13 By ཁ་བརྡ 20 Comments on བོད་ཀྱིས་སྐྱབས་གཏད་ས་ངོ་མ་དེ་ཁྲོམ་ཕི་སྲིད་གཞུང་ཡིན།

རྭ་འཕྲིན། ༼ ཨ་རི ༽
 
ཚང་མས་མཁྱེན་གསལ་ལྟར། ཨ་རིའི་སྲིད་འཛིན་འོས་འདེམས་ཁྲོད་ཀྱི་མངོན་ལྐོག་གི་འཐབ་འཛིང་མཇུག་མ་སྒྲིལ་གོང་། གསར་འགྱུར་བརྒྱུད་ལམ་ཁག་ཅིག་ནས་བྷེ་ཌིན་ལ་འོས་ཐོབ་སོང་ཞེས་གསལ་བསྒྲགས་བྱས་ཡོད་པ་དང་། དེ་བཞིན་དུ་རྒྱལ་ཁབ་སྐོར་ཞིག་གི་དབུ་འཛིན་གྱི་གཙོས་ཡུལ་གྲུ་མང་པོ་ཞིག་ནས་ཀྱང་བྷེ་ཌིན་ལ་བཀྲ་ཤིས་པའི་རྟེན་འབྲེལ་ཞུས་ཡོད། འོན་ཀྱང་ཨ་རིའི་སྲིད་འཛིན་སུ་འདེམས་ཐོན་བྱུང་ཡོད་མེད་དེ་ཨ་རིའི་འོས་བསྡུ་ལྷན་ཚོགས་དང་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཐག་གཅོད་དང་གསལ་བསྒྲགས་བྱེད་དགོས་པ་ཞིག་ཡིན་པ་ལས། གསར་འགྱུར་བརྒྱུད་ལམ་ཁག་ག་གེ་མོ་ཞིག་གཏན་ནས་མ་རེད། འདི་ལ་དོ་སྣང་གནང་མཁན་ཡོད་ན་གསར་འགྱུར་བརྒྱུད་ལམ་ཁག་ལ་མི་ལྟ་བར། Real Clear Politics བདེན་གསལ་ཆབ་སྲིད་ཅེས་པ་འདིའི་གསལ་བསྒྲགས་ལ་དོ་ཁུར་བྱོས། རྔ་མ་གཡུག་དགོས་ཐུག་ཡོད་རུང་ག་དུས་གཡུག་དགོས་མིན་དེ་ཤེས་དགོས་པ་རེད།

ཐེངས་འདིའི་ཨ་རིའི་སྲིད་འཛིན་སུ་ལ་ཐོབ་མིན་ཧ་ཅང་གི་གནད་འགག་ཆེན་པོ་ཡིན་པ་སྔོན་མ་ནས་ཞུས་ཟིན། རྒྱུན་ལྡན་གྱི་དབང་དུ་བཏང་ན་སྲིད་འཛིན་ཁྲོམ་ཕི་ལ་ཐོབ་ཚར་བ་རེད། འོན་ཀྱང་བྷེ་ཌིན་ཕྱོགས་ཁག་ནས་ཐབས་བརྒྱ་ཇུས་སྟོང་གི་གཡོ་སྒྱུ་ཁྲམ་གསུམ་བཀོལ་ཏེ། འོས་ཤོག་རྫུན་བཟོ་བྱས་ནས་སྲིད་འཛིན་ཐོབ་སོང་བ་འདྲ་བོ་ཞིག་བཟོས་ཡོད་པ་རེད། ཡིན་ནའང་ད་སྐབས་ཨ་རིའི་མངའ་སྡེ་དོགས་པ་ཡོད་ས་དག་གི་འོས་ཤོག་ཡོངས་ལ་བསྐྱར་ཞིབ་བྱེད་བཞིན་པ་རེད། མཐར་སུ་ཐོབ་ད་དུང་མི་གསལ་བ་མ་ཟད། མངའ་སྡེ་སྐོར་ཞིག་ནས་ཡང་བསྐྱར་སྲིད་འཛིན་ཁྲོམ་ཕི་ལ་འོས་ཐོབ་སྟེ་བདེན་པའི་རྒྱལ་ཁ་ནམ་མཁར་བགྲོད་ཚར་བ་རེད། ད་དུང་མི་མཐུད་ནས་བསྐྱར་ཞིབ་བྱེད་བཞིན་ཡོད་པ་མ་ཟད། ང་ཚོ་རྣམ་པར་རྒྱལ་ཡོང་ཞེས་སྲིད་འཛིན་རང་ཉིད་དང་འབྲེལ་ཡོད་མི་སྣ་གལ་ཆེན་མང་པོ་ཞིག་གིས་སྐད་གསང་མཐོན་པོའི་ངང་ནས་བསྒྲགས་བཞིན་ཡོད་པ་རེད། མཐར་ཨ་རིའི་སྲིད་འཛིན་ཁྲོམ་ཕི་འཁོར་དང་བཅས་ཀྱིས་བདེན་པའི་རལ་གྲི་ནམ་མཁར་བསྒྲེངས་ནས། ནུབ་ཕྱོགས་མུན་པའི་འཁོར་ཚོགས་བྷེ་ཌིན་སོགས་ཕམ་པར་བརྒྱབ་སྟེ། སྲིད་དབང་རི་རྒྱུད་ལྷུན་པོ་བཞིན་བརྟན་ཚར་དུས་ཡང་བསྐྱར་སྲིད་འཛིན་ཁྲོམ་ཕི་མཆོག་ལ་འཚམས་འདྲི་ཞུ་དགོས་ཐུག་གི་རེད། དེ་དུས་བྷེ་ཌིན་ལ་འཚམས་འདྲི་ཞུ་མཁན་ཚོས་ངོ་ཤ་མ་འདར།

བོད་པ་ཚོར་མཚོན་ན་སྐྱབས་གཏད་ས་ངོ་མ་དེ་ཁྲོམ་ཕི་སྲིད་གཞུང་ཡིན་པར་འདོད་ལ། རྒྱུ་མཚན་ནི། ད་ལྟའི་བར་དུ་རྒྱ་ནག་དམར་ཤོག་དང་ཁ་གཏད་དུ་ལངས་ཐུབ་པའི་སྲིད་གཞུང་གཅིག་ཀྱང་བྱུང་མྱོང་མེད། དཔེར་ན། རྒྱ་ནག་ལ་དཔལ་འབྱོར་བཀག་སྡོམ་བཀའ་རྒྱ་དང་། སྲིད་དོན་གྱི་གནོན་ཤུགས་བཀའ་རྒྱ། འཕྲུལ་ལས་མཉམ་འབྲེལ་ལ་བཀག་སྡོམ། དཔོན་རིགས་སྒེར་བ་སོ་སོའི་ཐོག་ལ་ཉེས་ཆད་ཀྱི་བཀའ་རྒྱ་སོགས་ཀྱིས་མཚོན། རྒྱ་ནག་དམར་གཞུང་ལ་ཕྱོགས་གང་ཐད་ནས་གནོན་བཙུར་བྱེད་ཐུབ་མཁན་ཞིག་ཨ་རིའི་གཞུང་མ་གཏོགས་ཡོད་མ་རེད་ལ། ཁྲོམ་ཕི་སྲིད་གཞུང་གིས་མུ་མཐུད་ནས་རྒྱ་ནག་ལ་བཀའ་རྒྱ་འདྲ་མིན་སྣ་ཚོགས་ཤིག་བཀོལ་རྒྱུ་ཡིན་པ་གསལ་བོ་རེད། ང་ཚོས་སྤྱི་ཚོགས་ཁྲོད་ནས་མི་མང་པོ་ཞིག་གི་རྒྱ་ནག་ལ་འགྲན་ཟླ་ཡོང་ཡ་ཡོད་མ་རེད་ཅེས་ནམ་རྒྱུན་དཔའ་ཞུམ་ཞུམ་བྱེད་ཀྱིན་ཡོད། དེ་དག་ནི་རྒྱ་ནག་ལ་རྒྱུས་ལོན་མེད་པའི་རྟགས་མཚན་ཁོ་ནར་མཐོང་ལ། མདོར་བསྡུས་ན་རྒྱ་ནག་གི་དཔོན་རིགས་སྒེར་བ་ཚོ་ཕམ་པར་བརྒྱབ་ཚར་དུས་དམར་ཤོག་གཞུང་རང་བཞིན་གྱིས་འཐོར་འགྲོ་བ་རེད། རྒྱུ་མཚན་ནི་རྒྱ་ནག་དམར་ཤོག་གཞུང་ཟེར་བ་དེ་དཔོན་པོ་རུལ་སུངས་པའི་རུ་ཁག་ཅིག་གིས་བཟུང་བསྡད་ཡོད་པ་ལས། རྒྱ་ནག་མི་དམངས་དུང་ཕྱུར་བཅུ་བཞི་དང་འབྲེལ་བ་དེ་ཙམ་གྱིས་ཡོད་མ་རེད། མི་མང་ལ་མཚོན་ན་དགའ་ཞིང་སྤྲོ་བའི་ངང་ནས་སྒེར་གཅོད་སྲིད་གཞུང་འདི་མཇུག་སྒྲིལ་རྒྱུར་རེ་བ་བཅངས་བསྡད་ཡོད་པ་གསལ་བོ་རེད། གཙོ་བོ་དེ་རྒྱ་ནག་གི་ཤེས་ཡོན་པའི་སྡེ་ལྟ་བུ་ཡིན་ན་མཐའ་གཅིག་ཏུ་རྒྱ་ནག་དམར་ཤོག་གི་སྲིད་དབང་སྒེར་གཅོད་ལ་ཁ་གཏད་གཅོག་མཁན་གྱི་སྟོབས་ཤུགས་ཡིན་པ་ཤེས་པར་མཛོད།

ཡང་ཁག་ཅིག་ལ་བསམ་བློ་འདི་འདྲ་ཞིག་འཁོར་སྲིད། དཔེར་ན། ཁྲོམ་ཕི་སྲིད་གཞུང་ལ་སྐྱབས་གཏད་ཚར་བའི་རྗེས་ལ་གལ་ཏེ་ཁྲོམ་ཕི་ཕྱོགས་ཁག་ལ་རྒྱ་ཁ་མ་ཐོབ་ན་ཅི་བྱ། ད་ང་ཚོར་མཚོན་ན་རི་བོང་རི་བོང་ཤོར། སྡོམ་པ་སྡོམ་པ་ཤོར་ཟེར་བ་ནང་བཞིན་ཆགས་ཀྱི་མ་རེད་དམ་ཞེས་བསམ་སྲིད། འོན་ཀྱང་ང་ཚོའི་དུས་རབས་ཕྱེད་ཀ་ཡས་མས་ཤིག་ལ་རྒྱ་ནག་དམར་ཤོག་དང་ལྷན་དུ་སྐད་ཆ་ཙམ་བཤད་སར་ཐོན་ཡོད་མ་རེད། གལ་ཏེ་ཐེངས་འདིའི་ཨ་རིའི་སྲིད་འཛིན་ཁྲོམ་ཕི་མཆོག་ལ་མ་ཐོབ་པ་ཡིན་ན་རྒྱལ་ཁ་ངོ་མ་དེ་རྒྱ་ནག་དམར་ཤོག་པའི་བླངས་ཚར་ཡོད་རེད། སྐབས་དེར་རྒྱ་ནག་གི་མགོ་འཕང་སྔར་ལས་ཇེ་མཐོར་སོང་སྟེ། ང་ཚོ་བོད་པ་ཚོ་ལྟ་བུས་རྒྱ་ནག་གི་དཔོན་རིགས་ཤིག་ལ་སྐད་ཆ་བཤད་རྒྱུ་ཕར་ཞོག དམར་ཤོག་དཔོན་པོ་གཅིག་གི་རྐང་རྗེས་ཙམ་མཐོང་སར་ཡང་ཐོན་གྱི་མ་རེད། དེ་བས་ཁྲོམ་ཕི་སྲིད་གཞུང་ལ་སྐྱབས་གཏད་ཏེ་བདེན་པ་ཉིད་གཞིར་བཟུང་གི་ཐོག་ནས། བདེན་པའི་རྒྱབ་རྩར་ལངས་ཐུབ་ན་ད་གཟོད་ནས་དོན་དམ་པའི་ལམ་ཁ་ཞིག་ཡོད་པར་བསམས། བདེན་པ་ཉིད་རྒྱལ་ལོ། །བོད་རྒྱལ་ལོ། །

སྤྱི་ལོ་༢༠༢༠ལོའི་ཟླ་༡༡་ཚེས་༡༣ ཉིན།

བསམ་ཚུལ།

Post navigation

Previous Post: ནང་མི་ཞིག་གི་ཡིད་སྐྱོའི་གཏམ་རྒྱུད།
Next Post: འབྱུང་བོ་རོ་ལངས་ཀྱི་གཏམ་རྒྱུད།

Comments (20) on “བོད་ཀྱིས་སྐྱབས་གཏད་ས་ངོ་མ་དེ་ཁྲོམ་ཕི་སྲིད་གཞུང་ཡིན།”

  1. འཇོན says:
    2020-11-13 at 10:04 am

    མི་ཤེས་ན་མི་ལ་དྲིས། མི་རིག་ན་སྒང་ལ་བུད། “མངའ་སྡེ་སྐོར་ཞིག་ནས་ཡང་བསྐྱར་སྲིད་འཛིན་ཁྲོམ་ཕི་ལ་འོས་ཐོབ་སྟེ་བདེན་པའི་རྒྱལ་ཁ་ནམ་མཁར་བགྲོད་ཚར་བ་རེད།”འདི་འདྲ་ཞིག་གང་ནས་གོ་སོང་། ཨ་རིའི་དམངས་གཙོ་འདི་ལོ་ངོ་ཉིས་བརྒྱ་ལྷག་གི་ལོ་རྒྱུས་ཡོད་རེད། དུས་དེ་རིང་བར་རྫུན་བཟོ་དང་གཡོ་སྒྱུས་འདེམས་བཞག་པའི་སྲིད་འཛིན་ཞིག་ཡོད་མ་རེད། ལྷག་པར་ཏུ་ཁ་སང་དེ་རིང་དུས་རབས་གང་རེད། ཨ་རི་ན་རྫུན་དང་ཁྲམ་པ་འཁྲབ་ཆོག་ཆོག་ཡོད་རེད་པས། ཨ་རིའི་ཁ་མ་སོས་ཐ། ནམ་ལངས་ཀི་མེད་ཀི རྙོག་དྲ་ཏག་ཏག་བཟོས་ནས་བསྡད་ཡོད་རེད་ཟེར་བ་འདི་ཚོ་རྒྱ་གུང་ཁྲན་གྱི་སྐད་ཆ་བཤད་སྟངས་རེད།

  2. གནམ says:
    2020-11-13 at 8:07 pm

    འོ་ཡ། ཡང་ང་འདྲེ་འདྲེ་འདྲེ་ཁྱེད་ཁའི་དཔྱད་བརྗོད་ལ་མཇལ་བར་བུད་ཡོང་ནི།

    འོས་མ་བླུག་སྔོན་ལ། བོད་མི་ཚོར་སྐུལ་མ་བྱས་ཡོད་ན་དགེ་མཚན་འདྲ་ཡོད་འགྲོ། ཡིན་ན་ཡང་རྟ་རྒྱུགས་ཚར་རེད། རྡུལ་གཙུབ་ཚར་རེད། ད་བོད་པ་ཚོར་བྱས་རྒྱུ་ཆེན་པོ་ལྷག་ཡོད་ནི་མ་རེད། ཁྱོའི་ཀླད་པའི་མགྱོགས་ཚད་མགོར་སོང་ནི། ཧ་ཧ་ཧ།

    བདེན་པ་རེད། ཨ་རི་ཚང་གི་གསར་འགྱུར་རྒྱུད་ལམ་མང་པོ་རུལ་ཚར་འདུག། སྲིད་འཛིན་ཁྲིརོམ་ཕུ་ལ་མི་དགའ་བ་དང་། སྙིང་གི་གཏིང་ནས་བྷའཌེན་དང་ཀ་མཱ་ལ་ཡང་མི་དགའ་བ་གཅིག་མཚུང་རེད། ༼གསར་འགོད་པ་ནི་སྤྱི་ཚོགས་ཀྱི་དགྲ་བོ་དང་། གསར་འགྱུར་ནི་གསར་འགོད་པའི་དགྲ་བོར་ཆགས་བའི་དུས་ཤར་བ་རེད།༽ གསར་ཁང་ཆེ་ཆེ་ཚོ་བས་མ་ཚད། ངོ་དེབ། ཁྲེའུ་ཁྲེར། གུ་གུལ་སོགས་ཚང་མས། ང་ཚོའི་སྨྲ་བརྗོད་རང་དབང་ལ་་ཁ་ཐུམ་གསར་བ་རེ་དཀོན་ཡོད། མང་གཙོ་ཚོགས་མིས་ང་ཚོ་ལ་རིམས་ནད་འགོས་ཁྱབ་གཏང་འཛིན་ཡིན་ཁུལ་གྱིས་ཁ་ཐུམ་དཀོན་པར་རང་དབང་བཙན་གནོན་གྱིས་བཙན་བཀའ་བཀོད་ཡོད།

    ནད་རིམས་འགག་སྨན་ཡང་ནིའུ་ཡོག་ལ་འབྱོར་རྒྱུ་མ་རེད། ས་གནས་མགོ་དཔོན་མང་གཙོ་ཚོགས་མི་ཡིན་ན་དེ་འདྲ་རེད། ཇེ་སོན་ཧ་ཡེ་ལ་ཡོད་པའི་བོད་རིགས་ཚོ། ད་གང་བྱེད། གནས་སྤོ་ན་བཟང་ངམ།

    མང་གཙོ་ཚོགས་མིའི་དབང་འོག་ཏུ་ཡོད་ན། འོས་ཤོག་ཡང་རྩི་བྱེད་རུང་། སྐྱག་པ་ས་འོག་ན་ཡོད་པ་ལ་ལག་པ་འཆང་ཐུབ་ནི་ཡོད་པ་མ་རེད། འཆང་གིར་འཇུག་གི་ཡང་མ་རེད། མིང་སྙན་པོ་ཞིག་གིས། མི་མང་གི་འདོད་བློ་གནོན་ཐབ་ཙམ་རེད། དེ་ནས་ཡང་རྩི་ཡི་ཡང་རྩི་ཡང་ཡོང་ནི་རེད། རྩ་བ་རུལ་བ་ལ་རེ་བ་ཆེན་པོ་མེད་ཀི།

    ཨ་རི་མ་དར་ན། བོད་དོན་ནི་ཉིན་སྐར་རེད། ཁྲིརོམཕུ་མ་རྒྱལ་པར་རུལ་སོང་ནི་རྐུབ་མེད་རེད། བོད་པ་མང་པོ་ཞིག་རྨི་ལམ་ན་ཡོད། གཉིད་སད་ནས་ཡོད་མཁན་རྭ་འཕྲིན་ཙམ། ཧ་ཧ་ཧ།

    གྱེན་ལོག་ཞིག་མེད་པར་རྩིས་ལོག་ཞིག་སྐོར་བས། ཕན་ཚུན་གྱི་འདོད་པ་མི་འགྲུབ། ཡིན་ན་ཡང་། མགར་བའི་ཐབ་རྩར་ལག་མ་སྔ་ཟེར་ནི་རེད། ད་བལྟས་འདུག་རྒྱུ་བྱེད།

  3. རྭ་འཕྲིན says:
    2020-11-14 at 5:32 am

    གནམ་ལགས་བཀའ་དྲིན་ཆེ། ཕེབས་བསུ་ཡོད།
    དེ་ག་རང་རེད། ཨ་རིའི་གསར་འགྱུར་བརྒྱུད་ལམ་ཁག་ཆེ་ཤོས་གྲས་ཕལ་ཆེར་ཚང་མ་རུལ་ཚར་འདུག ཁྱེད་རང་གི་བཤད་པ་ནང་བཞིན་སྤྱི་ཚོགས་དྲ་རྒྱ་དེ་དག་ཀྱང་གཅིག་པ་རེད། ངོ་མ་ཡིད་སྐྱོ་དགོས་བ་རང་རེད།
    ཐེངས་འདིའི་འོས་ཤོག་མ་བླུག་གོང་ལ་ངའི་རེ་བ་འདི་བརྒྱབ་བསྡད་པ་ཡིན། འོན་ཀྱང་ཅི་ཡང་གོ་མ་ཐལ། གོ་སྐབས་ཁ་ཤས་བྱུང་ཡོད་བསམ་སོང་། སྲིད་འཛིན་ཁྲོམ་ཕི་མཆོག་ལ་ཞི་བདེའི་གཟེངས་རྟགས་འོས་མིའི་མིང་ཐོན་པ་དེ་གཅིག་རེད། གོ་སྐབས་གཉིས་བ་དེ་འོས་འདུ་མ་བྱས་གོང་ལ་རྒྱལ་སྤྱིའི་རང་བཞིན་ཡིན་ཟེར་ནས་ངན་སྔགས་མ ༼Witch 女巫 ༽དྲུག་སྟོང་གི་སྲིད་འཛིན་ཁྲོམ་ཕི་ལ་དམོད་མོ་བྱས་བ་རེད། གོ་སྒྲིག་བྱེད་མཁན་དེ་དམིངས་གཙོ་རིང་ལུགས་པ་ཚོ་ལོས་ཡིན་བསམ་གི། སྲིད་འཛིན་ཁྲོམ་ཕི་ཕོ་བྲང་དཀར་པོ་ནང་སྡོད་མི་ཐུབ་པ་བཟོ་དགོས་ལབ་གི་ཡོད་རེད། ཐ་ན་ཕོ་བྲང་དཀར་པོའི་ནང་ལ་རྒྱ་ནག་ཏོག་དབྱིབས་ཕོག་གི་འཇུག་མཁན་དེ་ཁོང་ཚོ་ཡིན་ལབ་རེད། ད་དུང་མུ་མཐུད་ནས་དམོད་ཀྱིན་ཡོད་བ་འདྲ། དེ་ཡང་ང་ཚོར་མཚོན་ན་གོ་སྐབས་རེད། བླ་གྲྭ་སུ་ལ་ཡོད་རེད་བོད་ལ་ཡོད་རེད་བ། གྲུབ་རྟགས་དང་མཐུ་ཆེན་པོ་སྟོན་རྒྱུ་མེད་ནའང་སྨོན་ལམ་ཙམ་འདོན་ཐུབ་གི་རེད་བ་ཡ། ཧ་ཧ་ཧ་་་་་

  4. གནམ says:
    2020-11-14 at 6:11 pm

    https://youtu.be/BKeVQafEhtg འདི་ལ་ཡང་ཅིག་གཟིགས་དང་།
    འོ་རྭ་འཕྲིན་ལགས། ལྟ་རྒྱང་དང་མཐོང་རྒྱང་ཅན་ལ་དགའ། ཁྱེད་རང་དེ་འདྲ་ཞིག་ཡིན་པ་འདྲ། ཧ་ཧ་ཧ།
    ཆོས་བཤད་ན་གོ་ལ་ཧྲིལ་པོར་ཡོད་པའི་ཆོས་ལུགས་ཀྱི་སྤྱི་ཁོག་ཤེས་ནས་བཤད་རྒྱུར་དགའ།
    སྲིད་བཤད་དུས་རྒྱལ་ཁབ་གང་གི་སྲིད་ཇུས་ཀྱི་དགེ་མཚན་ལ་མིག་ལྟ་བྱས་ནས་བཤད་རྒྱུར་དགའ།
    ལོ་རྒྱུས་བཤད་དུས་འཛམ་གླིང་ཡོངས་ཀྱི་ལོ་རྒྱུས་ལ་གོ་ཐོས་བཞག་ནས་བཤད་རྒྱུར་དགའ།

    ཡིན་ན་ཡང་། བོད་རིགས་ཚོ་ལ། བོད་པའི་ལོ་རྒྱུ་དང་ཆོས་ཙམ་ལས། རྒྱ་ནག་གི་ཕྱོགས་ཙམ་ལ་ཡང་ཆ་རྒྱུས་དེ་ཙམ་མེད་ཀི། འཛམ་གླིང་ཕར་བཞག། སེམས་སྐྱོ་བོ་འདྲ་རེད།

    དེང་སང་བོད་ཕྲུག་ཕྱི་རྒྱལ་བ་ཚོ་ལ་ནི་ཨ་རི་འམ་རང་གང་ན་ཡོད་པའི་རྒྱལ་ཁབ་ཀྱི་མགོ་སྔ་གང་ཡང་མི་ཤེས་བས་མ་ཚད། ཡོད་ཚད་པོ། ཞི་མི་ལ་ཤ་སྟེར་དང་ཞི་མི་ཡིས་ཤ་འཕྲོག་པའི་སྣང་པ་ལས། ལུང་པ་དེའི་ཨ་མྱེ་ཚོ་ལ་རྩིས་མཐོང་མེད་ཀི།

    གང་ལྟར་ཨ་རི་འདི་ལ་རེ་བ་དང་དུང་བ་ཆེ། འདི་རྒྱལ་ན་ང་ཡང་རྒྱལ།

  5. རྭ་འཕྲིན says:
    2020-11-14 at 6:48 pm

    ཡ་ཡ་་་་གནམ་རྒན་མ། བཀའ་དྲིན་ཆེ།

    བརྙན་དེར་བལྟས་ཡིན། 希望之声 དབྱིན་ཡིག་ཐོག་གི་ཐད་གཏོང་ཅིག་རེད། འདིའི་མང་ན་རྒྱ་མཁས་ཏག་ཏག་ཡོད་རེད། བརྙན་ནང་གི་གན་ཝ་ཞེན་ཊོན་ཡིན་པ་འདྲ། ང་ཡང་དེའི་ཐག་ཉེ་ཞིག་ན་ཡོད། འོན་ཀྱང་འགྲོ་མ་ཐུབ་ཐལ། ཧ་ཧ་ཧ་་་

    སྤྱིར་ན་འདིའི་སྐོར་ནས་སྐད་ཆ་གླེང་ཐུབ་ན་ཡག་པོ་འདུག ད་ལམ་ཁ་གཞན་ཞིག་མ་བསྙེག་ན་མུ་མཐུད་དུ་འདི་ལྟར་ལྷག་ས་རེད་ད་ཁོ་རེ།

  6. རྭ་འཕྲིན says:
    2020-11-16 at 4:30 pm

    དགོངས་དག་མཆན་གནང་མཁན་དང་པོ་དེ་འཇོན་ལགས་རེད་བཞག འོན་ཀྱང་ངའི་ཁོར་ལན་བརྒྱབ་མི་འདུག
    ཁྱེད་རང་གི་ཐེངས་འདིའི་འོས་བསྡུ་རྫུན་མ་བཟོས་ཡོད་པ་མཐོང་མེད་ན་ཕལ་ཆེར་གཡོན་ཕྱོགས་པའི་གསར་འགྱུར་རྐྱང་རྐྱང་ལ་བལྟས་བསྡད་པ་མིན་འགྲོ། ཨ་རིའི་ཁ་ཟོས་དང་མིན་གི་སྐད་ཆ་སྒེར་བ་ག་གེ་མོ་ཞིག་གིས་བཤད་ནས་ཐག་གཅོད་རྒྱུ་ཞིག་ག་ལ་ཡིན། འོན་ཀྱང་སྐབས་འདིའི་སྲིད་འཛིན་འོས་བསྡུ་ནི་སྲིད་འཛིན་གཅིག་པུ་མ་ཡིན་པ། མཐར་དེད་ན་བདེན་པ་ཉིད་དང་གཡོ་སྒྱུ་ཁྲམ་གསུམ་གྱིས་རྒྱལ་ཕམ་ཞིག་ཡིན་པ་གསལ་བོ་རེད། ད་ལྟ་ནུབ་ཕྱོགས་སྟོབས་ཆེན་རྒྱལ་ཁབ་ཨ་རི་ཡིན་རུང་རུལ་སུངས་བའི་ནུས་ཤུགས་ཆེན་པོ་ཡོད་ས་ཞིག་ཏུ་གྱུར་དང་འགྱུར་བཞིན་ཡོད་བ་རེད། ད་སྐབས་ཨ་རིའི་གསར་ཁང་ཕལ་མོ་ཆེར་ལྟ་རྒྱུ་མི་འདུག གཡོན་ཕྱོགས་རྐྱང་བར་གྱུར་ཚར་འདུག་གོ།

  7. ལྷ།བྱ་འཕུར་མ། says:
    2020-11-18 at 5:13 pm

    ཁྲི་རོན་ཕུ་ལགས།

  8. ལྷ།བྱ་འཕུར་མ། says:
    2020-11-18 at 5:30 pm

    ཐེངས་འདིའི་ཨ་རིའི་སྲིད་འཛིན་གྱི་རྒྱལ་ཁབ་སུ་ལ་འཐོབ་མིན་སྐོར་ལ་ཨ་རིའི་དབུས་འོས་བསྡུ་ལྷན་ཁང་གིས་གསལ་བསྒྲགས་གང་ཡང་གནང་མེད། ཐེངས་འདིའི་ཨ་རིའི་སྲིད་འཛིན་འོས་བསྡུ་སྐབས། ཨ་རིའི་གྷོ་གྷིལ་དང་གུ་ཡངས་གསར་འགྱུར་བརྒྱུད་ལམ་ཁག་གིས་ལས་ཐོག་སྲིད་འཛིན་ཁྲི་རོན་ཕུ་ལ་དྲང་པོ་གཏན་ནས་བྱས་མེད། ལྷག་དོན་རྒད་པོ་བོང་རྒན་གྱི་བུ་ཡི་ནག་ཉེས་སྐོར་གྱི་གནས་ཚུལ་བཀག་འགོག་དང་གསང་སྦས་གང་ཐུབ་བྱས་སྟབས། སྲིད་འཛིན་ཁྲི་རོན་ཕུ་ཡི་འོས་ཤོག་ལ་གྱོང་གུན་ཆེན་པོ་རག་ཡོད།

    ཁྲི་རོན་ཕུ་ལ་སྲིད་འཛིན་གྱི་འོས་བསྡུ་རྒྱལ་ཁབ་མ་ཐོབ་ཚེ། རྒད་པོ་བོང་རྒན་གྱིས་ནམ་ཡང་ཨ་རིའི་ཕྱི་འབྲེལ་གྱི་སྲིད་བྱུས་གྱོང་གུན་ཆེན་པོ་རག་གི་རེད། བོང་རྒན་གྱིས་རྒྱ་ནག་དང་ཨེ་རན། བྱང་ཀོ་རེ་ཡ་ཡང་བསྐྱར་ངན་ལངས་གཏོང་གི་རེད།་

  9. རྭ་འཕྲིན says:
    2020-11-18 at 8:07 pm

    བྱ་འཕུར་མ་འདིར་བབས་འདུག་དགའ་བསུ་ཡོད། མ་མཇལ་ཡུན་རིང་། དེ་ག་རང་རེད། ད་ཐེངས་གི་འོས་འདམས་འདི་ལྷ་སྒྲུང་ནང་གི་ཧོར་གླིང་གཡལ་འགྱེད་འདྲ་བོ་ཞིག་རེད། ཧ་ཧ་ཧ་་་
    མདོར་ན་ང་ཚོ་བོད་ཀྱི་མ་འོངས་བའི་ཁ་ཕྱོགས་ཀྱང་ཐེངས་འདིའི་འགྱུར་ལྡོག་དང་སྟུན་ཤེས་ཤེས་མ་བྱས་ན་ཉི་མ་གཅིག་ལ་འགྲམ་ཤ་སྐོར་འཐེན་བྱེད་དགོས་ཐུག་ས་རེད། གལ་ཏེ་བྷེ་ཌིན་ཕྱོགས་ཁག་ལ་ཐོབ་པ་ཡིན་ན་ངའི་ཉིས་སྟོང་བཅུ་དྲུག་ལོར་《 ང་ཚོ་ཐུན་མོང་གི་དཀའ་ངལ 》ཞེས་བའི་རྩོམ་ཡིག་ཅིག་བཀོད་ཡོད་པ་དེ་ལས་བོད་པ་ཚོར་ལམ་ཁ་ཞིག་ཁག་པོ་རེད་བསམ། འོན་ཀྱང་གོ་སྐབས་འདི་འཛིན་ཤེས་བ་ཡིན་ན་རེ་བ་ཞིག་ཡོད་རེད་བསམ་པ་ཙམ་མོ།

  10. བན་དེ་བ། says:
    2020-11-18 at 10:35 pm

    རྭ་འཕྲིན་ལགས་ཁྱེད་རང་ཕོགས་གསར་Fox News གསར་འགྱུར་ཁོ་ནར་གཟིགས་ནས་བཞུགས་ན་ཐུགས་བདེ་མོ་ཡོང་གི་རེད། བྱས་ཙང་ཁྱེད་རང་རྙིང་ཞེན་རིང་ལུགས་པ་ཚོར་གསར་འགྱུར་དེ་འོས་ཤིང་འཚམས་ཤོས་རེད།

  11. རྭ་འཕྲིན says:
    2020-11-19 at 6:57 am

    ཡ་ཡ་བན་དེ་བ། བཀའ་དྲིན་ཆེ། Fox News ད་ལོ་ནས་ཕལ་ཆེར་གཡོན་སར་ཕྱོགས་སོང་བ་འདྲ་བོ་ཞིག་ཡོད་ཐལ། ད་སྐབས་ང་གསར་འགྱུར་བརྒྱུད་ལམ་ཁག་སུ་གཅིག་ལ་ཡིད་ཆེས་མེད། ངའི་ལྟ་ས་གཙོ་བོ་དེ་སྲིད་འཛིན་ཁྲོམ་ཕི་ཁོ་རང་ཉིད་ཀྱི་ Twitter དང་གློག་འཕྲིན། ད་དུང་སྤྱི་ཚོགས་ནང་གི་ཞིབ་འཇུག་པ་གང་ཟག་སྒེར་བ་ཚོས་གཏམ་གཤད་ལ་ཉན་བསྡད་ཡོད། དེ་མ་གཏོགས་ད་སྐབས་ཨ་རིའི་གསར་ཁང་ཕལ་མོ་ཆེ་CCTV ནང་བཞིན་ཆགས་ཚར་འདུག་གོ

  12. ལྷ།བྱ་འཕུར་མ། says:
    2020-11-19 at 11:33 am

    རྭ་འཕྲིན་ལགས་ཁམས་བཟང། དེང་སང་གླང་རྒན་ཁྲི་རོན་ཕུའི་སྐོར་བཤད་ན་བོང་རྒན་བྷ་ཌིན་ཕྱོགས་ཁག་གིས་Fox གསར་འགྱུར་རྐྱང་རྐྱང་ལ་ལྟ་གིན་འདུག་ཟེར་ནས་སྐྱོན་འཛུགས་བྱེད་ཀྱི་རེད། སི་ཨན་ཨན་གསར་ཁང་གིས་གླང་རྒན་གྱིས་ག་རེ་བྱས་ན་ནོར་འཁྲུལ་ཡིན་ཚུལ་བཤད་ཀྱི་ཡོད། ལྷག་དོན་སི་ཨན་ཨན་གྱིས་བོང་རྒན་གྱི་བུ་ཡིས་ལྐོག་དངུལ་དང་ཉེས་སྤྱོད་སྐོར་ལ་གསར་འགྱུར་གང་ཡང་སྤེལ་མེད།
    གང་ལྟར། གཡས་གཡོན་གྱི་གསར་འགྱུར་ཆ་ཚང་ལ་ལྟ་ཀློག་བྱས་རྗེས་མཇུག་བསྡོམས་རྒྱག་རྒྱུ་གལ། ཐེངས་འདིར་ཁྲི་རོན་ཕོ་ཨ་རིའི་སྲིད་འཛིན་མ་ཐོབ་ཚེ། ཨ་རིའི་མི་མང་གིས་དཔྱ་ཁྲལ་མང་ཙམ་སྤྲོད་དགོས་པ་དང་བོང་རྒན་གྱི་ཁྱིམ་རྒྱུད་ཡང་བསྐྱར་ཕྱུག་པོ་ཆགས་རྒྱུ་རེད།

    བོང་རྒན་བྷ་ཌིན་གྱི་སྲིད་གཞུང་གིས་ལྷོ་རྒྱ་ནག་གི་རྒྱ་མཚོ། ཨི་རན་དང་བྱང་ཀོ་རི་ཡའི་རྡུལ་མཚོན་བཅས་ཀྱི་དཀའ་ངལ་ཞི་འཇགས་གཏོང་བ་ནི་ཧ་ཅང་ཁག་པོ་རེད། དཔེར་ན། ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་དཀའ་ངལ་དེ་ཨོ་བྷ་མ་བྷ་ཌིན་སྲིད་གཞུང་གི་སྐབས་སུ་རྒྱ་ནག་ངན་ལངས་སྐྱག་ལངས་བཏང་སྟབས། ལོ་འགའི་སྔོན་ནས་རྒྱ་ནག་ཏང་ཇག་གིས་མཚོ་གླིང་འགའ་ཞིག་གི་སྟེང་དུ་གནམ་ཐང་བཟོས་ཏེ་རྡུལ་མཚོན་དང་མེ་ཤུགས་འཕུར་གསོག་འཇོག་བྱས་ཡོད།

  13. རྭ་འཕྲིན says:
    2020-11-19 at 4:38 pm

    ཁམས་བཟང་ཁམས་བཟང་། ཡ་ཡ་་་་་བྱ་འཕུར་མ་དབྱིན་ཡིག་ཡག་པོ་ཡོད་རེད། གསར་ཁང་དེ་ཚོའི་གནས་སྟངས་དེ་ག་རེད། གང་ལྟར་ད་ཐེངས་སྲིད་འཛིན་ཁྲོམ་ཕི་ལ་བསྐྱར་དུ་མ་ཐོབ་ན་ཨ་རི་ཞེས་བའི་སྟོབས་ཆེན་རྒྱལ་ཁབ་དེ་ཚར་ཐལ། འོན་ཀྱང་ད་དུང་རེ་བ་ཆེན་པོ་འདུག སྤྱི་ཟླ་བཅུ་གཉིས་པའི་ཚེས་བཅུ་གསུམ་ཉིན་འོས་ཤོག་ལ་བསྐྱར་ཞིབ་བྱེད་ཚར་འགྲོ་བ་འདྲ།
    ཐེངས་འདིའི་འོས་བསྡུ་འདི་དཀར་ནག་གི་གཡུལ་འགྱེད་ཞིག་ཏུ་གྱུར་སོང་། དམིངས་གཙོའི་ལུང་པ་མང་པོ་ནས་ smarttech དང་ཡང་ན་ dominion ཟེར་བའི་འོས་བརྩི་འཕྲུལ་ཆས་དེ་བེད་སྤྱད་ནས་འོས་རྫུན་མང་པོ་ཐོབ་པ་བྱས་ཡོད་ས་རེད། བྱས་ཙང་ཐེངས་འདིར་ཨ་རི་ནས་ཐབས་ཤེས་འདི་དེ་ག་རང་བཀོད་འདུག Venezuela དང་ Mexico སོགས་རྒྱལ་ཁབ་མང་པོ་ནས་དེ་སྔ་འཕྲུལ་ཆས་འདི་བེད་སྤྱད་ཡོད་པ་འདྲ། འོས་མ་འདམས་སྔོན་ལ་གཡོན་ཕྱོགས་པ་མང་པོའི་ཁོང་ཚོར་ཐོབ་ཤག་ཤག་ཡིན་ཞེས་ལབ་ཡོད་རེད། འདི་ཚོའི་རྫུན་འཁྲབ་རྒྱུ་དང་པོ་ནས་རྩིས་བརྒྱབ་འདུག

  14. རྭ་འཕྲིན says:
    2020-11-19 at 6:06 pm

    བོད་པ་ཚོའི་ཤེས་དགོས་བ་ཞིག་ནི་ཐེངས་འདིའི་ཨ་རིའི་སྲིད་འཛིན་སུ་ལ་ཐོབ་ཀྱང་རུང་། གང་ལྟར་འཛམ་གླིང་ལ་འགྱུར་ལྡོག་ཆེན་པོ་ཞིག་བྱུང་རྒྱུ་ཡིན་པ་ཐག་ཆོད་རེད། བྱས་ཙང་ང་ཚོ་ཡང་གྲ་སྒྲིག་ཞིག་དགོས་བ་རེད།

  15. འཇོན says:
    2020-11-19 at 11:24 pm

    ད་ཐེངས་གི་རྒྱ་འབུ་འདིས་ཨ་རིའི་མི་མང་ཉིས་འབུམ་ལྔ་ཁྲི་ལྷག་གི་ཚེ་སྲོག་འཕྲོག་ནས་བུད་སོང་ལ་ད་དུང་ཅི་ཙམ་ཤི་རྒྱུ་ཡིན་པ་སུས་ཀྱང་ཚོད་རྩིས་ཐུབ་ཁག་པོ་རེད། རྐྱེན་ངན་འདིའི་འགན་རྒྱ་གུང་ཁྲན་དང་ཁྲོམ་གློའོ་རྒན་འཁོར་དང་བཅས་པར་བརྒྱ་ཆ་ལྔ་བཅུ་ལྔ་བཅུ་ཡོད་རེད། དྲང་བདེན་ལ་དགའ་བའི་ཨ་རིའི་མི་མང་ས་ཡ་མང་པོ་འདི་ཚོ་ཤི་བོ་རྗེས་ཀྱི་གསོན་པོ་རེད། ཁོ་ཚོས་ལས་སླ་བོར་འཇོག་གི་མ་རེད། ད་ནི་ཁྲོམ་ཡར་འཇོག་བྱས་ཟིན་པ་རེད། ངུ་འབོད་བྱས་རུང་ཕྱིར་ཡོང་ཡོད་མ་རེད། ད་རུང་གཡག་རྭ་སྦོམ་པོ་གཞུག་ན་ཡོད་རེད། རྒྱ་གུང་ཁྲན་ཡང་བྲོས་ནས་ཐར་ས་ཅང་ཡོད་ལེ་མ་རེད། ད་ང་ཚོས་ལྟད་མོ་རྒྱང་ནས་བལྟ་འདུག་ཡ།

  16. རྭ་འཕྲིན says:
    2020-11-20 at 7:05 am

    འཇོན་ལགས་བཀའ་དྲིན་ཆེ། སྲིད་འཛིན་ཁྲོམ་ཕི་གློའུ་རེད་ཟེར་ཡོང་དུས་ད་ཁྱེད་རང་གི་ཤེས་ཚད་ཧ་གོ་སོང་།

  17. བན་དེ་བ། says:
    2021-01-07 at 6:20 am

    དྲ་གྲོགས་རྭ་འཕྲིན་ལགས། ཨ་རིའི་སྲིད་འཛིན་གསར་པ་སུ་ཐོབ་འདུག་གམ་ལགས།

  18. རྭ་འཕྲིན says:
    2021-01-11 at 9:35 am

    ཊོམ་ཕི་ཐོབ་རྒྱུ་རེད་བསམ་གི་ཡོད། ད་དུང་ཐག་ཆད་ཡོད་མ་རེད།

  19. བན་དེ་བ། says:
    2021-01-11 at 9:00 pm

    རྭ་འཕྲིན་ལགས། ཁྲོམ་བུས་ཨ་རིའི་རྒྱལ་ཁབ་དང་མི་མང་ལ་ཁོ་རང་ཕོ་བྲང་དཀར་པོ་ནས་ཕྱིར་ཐོན་ལ་རན་སྐབས་བྱ་བརྔན་གང་གནང་སོང་བ་ཤེས་སམ། དམངས་གཙོའི་དཀྱིལ་འཁོར་གྱི་ལྟེ་བ་གྲོས་ཚོགས་ཁང་གཏོར་བཅོམ་དང་ཅ་དངོས་རྐུས་ཁྱེར་མི་གསོད་ཁྲག་སྦྱོར་བྱས་པ་དེ་ཁོ་ཡིས་མཐའ་མའི་ལག་རྟགས་དེ་མ་རེད་དམ། ད་དུང་སྲིད་འཛིན་གསར་པའི་དམ་འབུལ་སྐབས་གོ་མཚོན་ཐོགས་ནས་གཏོར་བཤིག་གཏོང་རྒྱུའི་གྲྭ་སྒྲིག་བྱེད་ཀྱི་འདུག་ཟེེར། དེ་ལྟར་བྱེད་པ་ཐམས་ཅད་ཁྲོམ་བུས་བསྐུལ་ལྕག་གམ་ངན་ཇུས་བྱས་པ་མ་རེད་དམ། རི་བོང་ཅལ་འདྲོག་མ་གནང། ཁྱེད་ཚོའི་སྐྱབས་ཡུལ་ངོ་མ་དེའི་རང་མདོག་གསལ་པོ་གཞི་ནས་རིམ་བཞིན་ཤེས་ངེས་རེད།

  20. རྭ་འཕྲིན says:
    2021-01-12 at 7:56 am

    ཧ་ཧ་ཧ་་་་་་་་་
    ཅི་འདྲའི་དགོད་བྲོ་བ་ཞིག་རེད་ཨང་་་་་་་་་་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (68)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme