Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཨ་རི་སྟོབས་ལྡན་རྒྱལ་ཁབ་དང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་གཉིས་ཀྱི་འོས་བསྡུ་དང་འབྲེལ་ནས་བསམ་ཚུལ་ཡི་གེར་བཀོད་པ།

Posted on 2020-11-092020-11-09 By ཁ་བརྡ 1 Comment on ཨ་རི་སྟོབས་ལྡན་རྒྱལ་ཁབ་དང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་གཉིས་ཀྱི་འོས་བསྡུ་དང་འབྲེལ་ནས་བསམ་ཚུལ་ཡི་གེར་བཀོད་པ།

ཧྥ་རན་སིར་གནས་སྡོད་ཆ་འགག་མེ་བསྟན་ནས།
 
འདས་མ་ད་གསུམ་གྱི་ལོ་རྒྱུས་ལ་གཞིགས་ཏེ་ཞིབ་ཚགས་ཀྱི་བསམ་བློ་ཞིག་བཏང་བ་ཡིན་ན། ཨ་རིའི་སྲིད་འཛིན་སུ་ལ་ཐོབ་ཀྱང་བོད་ཐོག་འཛིན་པའི་སྲིད་ཇུས་དང་། བོད་ཀྱི་གནད་དོན་ཐད་བོད་མིའི་བློ་འགུགས་ཙམ་ཕྲན་བུ་རེ་མ་གཏོགས་ང་ཚོས་འདོད་བློ་ཁེངས་པ་ཞིག་ཡོང་རྒྱུ་མེད་པ་མངོན་གསལ་དོད་པོ་རེད། དེའི་ཐདབཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་བོད་མི་མི་རེ་ངོ་རེ་ནས་སེམས་ཤུགས་མ་ཆག་པའི་ངང་ལས་འགུལ་རྒྱ་ཆེར་མུ་མཐུད་དུ་སྤེལ་རྒྱུ་ལས་གཞན་ཞིག་ལ་རེ་བ་རྒྱག་རྒྱུ་ལྷག་མེད། ལྷག་པར་དུ་ད་ལྟའི་བོད་ཀྱི་གནས་བབ་ཉག་ཕྲ་བའི་སྐབས་འདིར་སྲིད་སྤྱི་གཉིས་ཀྱི་འོས་མི་དག་ལས་གལ་འགངས་ཆེ་བ་ཞིག་མ་མཐོང་པས། བཙན་བྱོལ་ལ་གནས་པའི་བོད་མི་དག་གི་མང་གཙོ་དང་རང་དབང་གི་ཐོབ་ཐང་ལོངས་སུ་སྤྱོད་རྒྱུ་ནི་ཕྱོགས་ལྷུང་གི་གནས་སུ་མ་སོང་བར་རང་རང་གི་རྣམ་དཔྱོད་རྩལ་འདོན་ངང་ཁེ་བཟང་གི་འབྲས་བུ་གཡུར་ཟ་བ་ཞིག་གནང་རྒྱུ་ཐུགས་འགན་བཞེས་གལ་ཆེ་སྙམ།

འདིར་སྐབས་བབ་ཀྱི་བརྗོད་བྱའི་གཙོ་བོ་ནི། ཉེར་གཅིག་སྲིད་སྐྱོང་གི་འོས་མི་སྐོར་ཡིན་ལ། འདི་ལོ་སྲིད་འོས་མི་བརྒྱད་ཡོད་པ་དག་ལས་དབུ་དཀར་ཚང་སྐལ་རྡོར་སྲིད་སྐྱོང་ལ་འཚམ་པོ་དང་རན་པོ་མེད་པ་ཀུན་གྱི་མཁྱེན་གསལ་རེད། འདས་པའི་ལོ་བཅུའི་རིང་སྐྱོན་དང་ནོར་འཁྲུལ་ཅི་བྱུང་བོད་མི་དོ་སྣང་ཅན་ཞིག་ཡིན་ཕྱིན་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ར་བའི་ནང་གླེང་གཞི་རྒྱུན་ཆད་མེད་པར་བྱུང་ཡོད་པ་དེའི་འཐུས་པ་བྱས། འདིར་མང་པོ་ཞིག་འབྲི་རྒྱུ་ཡོད་ནའང་དུས་ཚོད་ཀྱི་དབང་གིས་དགོས་པ་མ་མཐོང་།

གཞན་རྒྱ་རི་སྒྲོལ་མ་ལགས་ནི་སེམས་ཤུགས་དང་སྤྱི་དོན་འཁུར་ལེན་ཅན་ཞིག་ཡིན་སྲིད་ལ། ཡིན་ཡང་བོད་རང་གི་ཐུན་མོང་མ་ཡིན་པའི་སྐད་ཡིག་དང། ལོ་རྒྱུས་སོགས་ལ་རྨོངས་ཞེན་ཆེ་པས་བོད་ཀྱི་རྩ་དོན་ཉག་ཕྲ་བའི་སྐབས་འདིར་སྲིད་སྐྱོང་ལ་འོས་ཤིང་འཚམ་པོ་མེད་པ་སྨྲ་བསམ་བརྗོད་འདས་ལྟ་བུ་རེད།

རྒྱ་བལ་འབྲུག་གསུམ་གཙོས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གནས་སྡོད་བྱེད་མཁན་བོད་མི་རྩམ་ཟན་ཡོངས་ཀྱིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་འདི་ཕྱི་གཉིས་ཀྱི་སྐྱབས་གནས་སུ་འཛིན་བཞིན་ཡོད་ན། བླ་མ་དང་སློབ་མ་ཡིན་བསམ་བཞིན་ཡོད་ན། ཁ་ནས་རྒྱལ་བ་རིན་པོ་ཆེ་ཟེར་བ་དང་། སྐྱབས་སུ་མཆི་ཟེར་བ་ཙམ་མ་ཡིན་པར་བོད་ཀྱི་རྩ་དོན་དང་། བོད་མིའི་སྒྲིག་འཛུགས་ཀྱི་ནུས་པ་གོང་མཐོར་གཏོང་རྒྱུ། གཞིས་བཞུགས་བོད་མིའི་གནས་བབས་སོགས་ཀྱི་ཐད། བོད་མི་ཚོ་སོ་སོར་རྒྱང་བསྲིངས་ནས་བསྡད་པ་ལས་དོན་ཕན་ཡོང་བ་ཞིག་དང་། ཕུགས་རྒྱང་རིང་པོའི་དམིགས་འདུན་བརྟན་པོ་ཞིག་བཟུང་ནས་ཆོལ་ཁ་དང་ཆོས་ལུགས། ལུང་ཚན་ག་གེ་མོ་སོགས་ཀྱི་འཐེན་འཁྱེར་དང་ཕྱོགས་སུ་མ་ལྷུང་པར་སྤྱི་དོན་སྙིང་བཅིངས་ཀྱི་སྲིད་སྐྱོང་འོས་འདེམས་ཚད་ལྡན་ཡོང་རྒྱུ་སྐོམ་པ་ཆུ་འདོད་ཀྱི་དཔེ་བཞིན་གནས་ཡོད་པ་ངས་འདིར་བརྗོད་མི་དགོས་སོ།།

སྲིད་སྐྱོང་འོས་མི་སྐུ་ངོ་འབྲོང་ཆུང་དངོས་གྲུབ་ལགས་ཀྱི་བབ་ལྷིང་བརྟན་གསུམ་ངང་དུས་ཡུན་རིང་པོར་བོད་མིའི་སྒྲིག་འཛུགས་ལ་ཞབས་ཞུ་བསྒྲུབས་པ་ཚང་མས་ཤེས་གསལ་རེད། ཡིན་ཡང་སྐུ་ངོ་ཚོགས་ཟུར་སྤེན་པ་ཚེ་རིང་དང་བསྡུར་ཐབས་གཏན་ནས་མེད། སྐུ་ངོ་ཚོགས་ཟུར་སྤེན་པ་ཚེ་རིང་ལགས་ལ་ལྷན་སྐྱེས་ཀྱི་རྣམ་དཔྱོད་དང་། སྦྱང་སྟོབས་ཀྱི་ཡོན་ཏན། མི་མང་གི་མདུན་དུ་འཐོན་ཐུབ་པས་སྤོབས་པ་ལྡན་ལ་གཤིས་རྒྱུད་བཟང་། ལྷག་པར་དུ་ཁྲིམས་ལུགས་གོང་དུ་བཀུར་ལ། མང་གཙོའི་གོ་རྟོགས་ཟབ་པ། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོ་ཀ་བ་གསུམ་དང་ལྷན་ཁང་ཁག་ལ་རྒྱུས་མངའ་ལྡན་པ་ལག་མཐིལ་ལ་སྐྱུ་རུ་ར་བཞག་པ་ལྟ་བུའི་ཤེས་འཇོན་གཉིས་ལྡན་གྱི་ཕོ་ཁྱོ་ག་ཡིན་པ་ཟུར་བལྟས་ལེབ་མཐོང་ལ་སོང་ངས་སྒྲུབ་བྱེད་མང་པོ་འདིར་འབྲི་མི་དགོས་སྙམ།

རབ་བྱུང་ན་བོད་མི་ཡོངས་ཀྱིས་སྲིད་སྐྱོང་འོས་མི་སྤེན་པ་ཚེ་རིང་ལགས་ལ་འོས་འཐོབ་པར་འབད་རྒྱུ་ན་ལེགས།

༡ ༧གོང་ས་མཆོག་ལ་དད་པ་དང་དམ་ཚིག་གཡོ་བ་མེད་པ།
༢ སྤྱི་བའི་ལས་དོན་ཐོག་མངོན་ལྐོག་རྒྱབ་མདུན་མེད་པ།
༣ ཆོལ་ཁ་ཆོས་བརྒྱུད་དང་བཅས་པ་སྤྱི་སྙོམས་དྲང་བདེན་གྱི་ནུས་པ་འདོན་ཐུབ་པ།
༤ ཕྱི་རྒྱལ་ཡུལ་གྲུ་ཁག་གི་གནད་ཡོད་མི་སྣ་དང་། བོད་དོན་རྒྱབ་སྐྱོར་བ་སོགས་ལ་འབྲེལ་ལམ་ཧ་ཅང་ལེགས་པ།
༥ བོད་རང་གི་སྐད་དང་ཡི་གེ་ལོ་རྒྱུས་སོགས་ལ་རང་སྐྱ་འཕེལ་བ་མ་ཟད། སྐད་ཡིག་སྣ་འཛོམས་ཀྱི་ཆ་རྐྱེན་ལྡན་པ།
༦ དབུ་མའི་ལམ་གྱི་ལངས་ཕྱོགས་ལ་དམ་བཅའ་རྡོ་རྗེ་བྲག་ལྟར་བརྟན་པ།

གོང་འཁོད་འདི་ལྟར་ཆ་རྐྱེན་ལྡན་པའི་གང་ཟག་ཅིག་ཡིན་པའི་ངས་ཉེར་གཅིག་སྲིད་སྐྱོང་སྐུ་ངོ་སྤེན་པ་ཚེ་རིང་ཁོང་ལ་རྒྱབ་སྐྱོར་བྱེད་དགོས་པའི་རྒྱུ་མཚན་འདི་ལྟར་ཡིན།

ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༠༩ ཉིན་ལ།

བསམ་ཚུལ།

Post navigation

Previous Post: ཐོལ་བྱུང་ངག་གི་འགྱུར་ཁུགས།
Next Post: ཏོག་དབྱིབས་གཉན་རིམས་ ༡༩ ཡི་སྔོན་འགོག་སྨན་ཁབ་ཐོན་ལ་ཉེ་བའི་གཏམ་བཟང་།

Comment (1) on “ཨ་རི་སྟོབས་ལྡན་རྒྱལ་ཁབ་དང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་གཉིས་ཀྱི་འོས་བསྡུ་དང་འབྲེལ་ནས་བསམ་ཚུལ་ཡི་གེར་བཀོད་པ།”

  1. ཀརྡོ་རབ་འབྱམས་པ་ says:
    2020-11-10 at 2:18 am

    ལགས་རེད། བློ་སེང་གིས་༸གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་རྒྱུའི་དམ་བཅའ་སོགས་མང་པོ་བྱས་པ་ནང་བཞིན། ཌོ་ནལ་ཊམ་གྱིས་ཀྱང་། མེ་སི་ཀོ་ཡི་བརྩིགས་པ་དང་། ཨ་རི་ཡང་བསྐྱར་རྒྱལ་ཆེན་པོ་བཟོ་བགྱི་ཡིན་ལབ་པ་རེད། ཁོང་གཉིས་ཀས་ཆབ་སྲིད་པས་རྫུན་ཤོད་སྟངས་དེ་གཅིག་མཚུངས་ཆགས་པ་རེད།

    ཊརམ་གྱིས། རང་གི་སྣེ་ཡོད་མི་སྣ་མང་པོར་མ་འཆམ་ནས་གནས་དབྱུང་བཏང་བ་རེད། སྲིད་སྐྱོང་བློ་སེང་གིས་ཨ་རི་དོན་གཅོད་སྤེན་ཚེ་སོགས་གནས་དབྱུང་བཏང་བ་དང་། གནས་སྤོར་མ་བྱས་ཐབས་མེད་རང་བཟོས་པ་ཡང་ཉུང་ཉུུང་མིན།

    ཊོམ་གྱིས་རང་ཉིད་ཐང་མ་གཉིས་པར་སྲིད་སྟེགས་འཛེགས་འདོད་ཀྱིས། རང་ཕྱོགས་གསར་པ་སུ་ལ་ཡང་རྒྱབ་སྐྱོར་མ་བྱས་པ་རེད། འོནད་ཀྱང་། བློ་སེང་གིས། ཡང་བསྐྱར་སྤེན་ཚེ་མ་ཐོབ་པའི་ཕྱིར་དུ་རང་གི་གྲོགས་པོ་སྐལ་རྡོར་ལགས་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད་རེད།

    དེས་ན། སྐལ་རྡོར་ལགས་ནི་རྙོང་གླེང་དུ་ལྷུང་ཟིན་འདུག རྒྱ་སྒྲོལ་ལགས་ལ་ཐོབ་ཡ་རེད་བ་མི་འདུག འབྲོང་ཆུང་ལགས་ནི། སྤེན་ཚེ་ནང་བཞིན་འཇོན་ཐང་ཡོད་བཟོ་མིན་འདུག

    དེས་ན་ད་ལོ་ཕྱེད་ཨ་མདོ་བ། ཚོགས་ཟུར། དོན་ཟུར་དང་བཙན་བྱོལ་སྒྲིག་འཛུགས་རང་གི་ཁྲིམས་ཐོག་ནས་རྒྱལ་ཁ་ཐོབ་མཁན་སྲིད་སྐྱོང་གི་འོས་མི་སྤེན་པ་ཚེ་རིང་མཆོག་ཁོ་ན་སྲིད་སྐྱོང་ལ་འོས་ཤིང་འཚམ་པ་འདུག

    གུས་པ་ཤར་ཡོ་རོབ་ཧང་གྷ་རིའི་རྒྱལ་ས་བུདྷ་པེསཊ་ཨེལཊེ་མཐོ་སློབ་ཀྱི་སློབ་དཔོན་གྱི་ལས་འགན་ཁུར་བཞིན་པ་རབ་འབྱམས་པ་ཀརྨ་རྡོ་རྗེས་བསམ་བློ་ཐང་མ་མང་པོ་བཏང་ནས་རྒྱབ་སྐྱོར་བྱེད་བཞིན་ཡོད་པས། བདེན་པ་ཉིད་རྣམ་པར་རྒྱལ་གྱུར་ཅིག སྤེན་པ་ཚེ་རིང་ཉིད་སྲིད་སྐྱོང་ཐོབ་གྱུར་ཅིག །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme