Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྗེས་ལོ་ ༢༠༢༡ གི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་ཀ་བཤད།

Posted on 2020-11-082020-11-08 By ཁ་བརྡ 4 Comments on རྗེས་ལོ་ ༢༠༢༡ གི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་ཀ་བཤད།

གཞུང་པ་ཚེ་དབང་བསོད་ནམས།
 
ཀ་ཁའི་འོག་ཏུ་འཚོ་བའི་བོད་རིགས་ཚོ།།
ཁ་བ་གངས་ལྗོངས་ཕ་ཡུལ་དགྲ་འོག་ལྷག།
ག་པ་གནས་ཀྱང་ཕ་ཡུལ་བརྗེད་མི་ཉན།།
ང་ཚོ་ཆོལ་གསུམ་བོད་མིའི་ཆིག་སྒྲིལ་བརྟན།།

ཅ་ཅོ་འར་འུར་མང་བའི་དུས་སྐབས་འདིར།།
ཆ་བསྡུ་ཡ་བསྡུའི་སྲིད་སྤྱིའི་འོས་མི་མང་།།
ཇ་ཁང་ཆང་ཁང་ནང་གི་ཁ་དམག་དེ།།
ཉ་ཟིན་ལྕགས་ཀྱུ་མིན་པ་ཤེས་པ་བགྱིས།།

ཏ་ལའི་ཤིང་འབྲས་མངར་སྐྱུར་ཟས་ན་ཤེས།།
ཐ་མ་སྲིད་སྤྱིའི་འོས་བསྡུའི་ལས་རིམ་ནང་།།
ད་ཐེངས་སྔོན་དང་མི་འདྲའི་འགན་ཁུར་ཟབ།།
ན་ཚ་བསྐྱར་ལོག་མི་ཡོང་ཕྱོགས་གཏོགས་འགན།།

པ་རི་པི་རི་སྤྱི་ཚོགས་འཁྲུགས་པོ་འདིར།།
ཕ་བུ་བསམ་ཚུལ་མི་མཐུན་ནང་འགལ་མང་།།
བ་རྫིའི་ཉམས་མྱོང་སྲིད་སྤྱི་གང་ནས་ཡོང་།།
མ་འཕྱུགས་མ་ནོར་འོས་འཕེན་མི་མང་ཚོ།།

རྩ་བ་མང་གཙོ་ཁྲིམས་དང་སྒྲིག་གཞིའི་འོག།
ཚ་ག་ཚིག་གེ་མང་ན་རང་དོན་ཤོར།།
ཛ་དྲག་མ་གནང་སྔོན་འགྲོ་མི་མང་འགན།།
ཝ་ཞ་འཐོམ་ཞ་བསྐྱུར་ནས་སྤྱང་ཞ་གྱོན།།

ཞ་མོ་འཐོམ་ཞའི་འོག་ཏུ་ཚུད་མི་ཉན།།
ཟ་འཐུང་ལོངས་སྤྱོད་འོག་ཏུ་ནོར་འཕྲུལ་མང་།།
འ་ར་འུར་རེ་མང་ན་དོན་ཆེེན་ཤོར།།
ཡ་རབས་དྲང་བདེན་མང་གཙོའི་སྲོག་རྩ་རེད།།

ར་བ་གངས་རི་ཕ་ཡུལ་བོད་ལྗོངས་དེ།།
ལ་ལུང་ས་མཐར་སླེབས་ཀྱང་བརྗེད་མི་ཉན།།
ཤ་ཚའི་གཏམ་ལ་སྙན་ཆ་མེད་ན་ཡང་།།
ས་ཕྱོགས་འདི་ནི་མི་ཡུལ་གནས་ཚང་རེད།།

ཧ་ཅང་ཉེ་བའི་སྲིད་སྤྱིའི་འོས་བསྡུ་ལ།།
ཨ་མའི་བུ་ཚོ་འོས་བསྡུའི་ཆ་ཤས་བཞེས།།

ཀོ་ལི་གྷལ་གཞིས་ཆགས་གཞུང་པ་ཚེ་དབང་བསོད་ནམས་ནས་སྤྱི་ལོ་ ༢༠༢༠  སྤྱི་ཟླ་ ༡༡   ཚེས་ ༨ ཉིན་རང་ཁྱིམ་དུ་ཟིན་བྲིས་སུ་བཏབ།

སྙན་ངག

Post navigation

Previous Post: དེ་རིང་འཇིག་རྟེན་འདིའི་མང་གཙོ་རྒྱལ་་སོང། 
Next Post: ཐོལ་བྱུང་ངག་གི་འགྱུར་ཁུགས།

Comments (4) on “རྗེས་ལོ་ ༢༠༢༡ གི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་ཀ་བཤད།”

  1. ཀརྡོ་རབ་འབྱམས་པ་ says:
    2020-11-08 at 11:18 am

    ཀ་ཁ་བོད་ཡིག་ཤེས་པའི་སྤྱི་འཐུས་འདེམས། །
    ཁ་ཕྱོགས་བོད་ཕྱོགས་མཐུན་པའི་སྲིད་སྐྱོང་འདེམས། །
    ག་རེ་ཤོད་དགོས་ལས་ཐུབ་སྲིད་སྤྱི་འདེམས། །
    ང་ཚོའི་ད་ལོའི་སྲིད་སྐྱོང་སྤེན་ཚེ་འདེམས། །

  2. ཀརྡོ་རབ་འབྱམས་པ་ says:
    2020-11-09 at 2:04 am

    ཀ་བཤད་བྲིས་ན་སྤེན་ཚེར་བྲིས། །
    ཁ་བཤད་བརྒྱབས་ན་འབྲོང་ཆུང་རྒྱོབས། །
    ག་སར་འབྲེལ་ན་རྒྱ་རིར་འགྲོགས། །
    ང་ཡི་ཀ་ཕྲེང་དེ་ཙམ་མོ།། །།

  3. གཞུང་པ་ཚེ་དབང་བསོད་ནམས says:
    2020-11-10 at 3:55 am

    ཁ་དམག་འོག་གི་སྲིད་སྤྱི་བོད་ཕན་མིན་།
    ཕྱོགས་གཏོགས་འོག་གི་སྲིད་སྤྱི་བོད་ཕན་མིན་།
    སྐབས་ཚོལ་འོག་གི་སྲིད་སྤྱི་བོད་ཕན་མིན་།
    བཅའ་སྒྲིག་འགན་ཁུར་སྲིད་སྤྱི་བོད་ཕན་ཡིན་།
    ཧཧཧཧཧ

  4. བདེ་འཇགས་ཕོ་ཉ། says:
    2020-11-10 at 8:36 am

    ཧ་ཧ། ཀ་ཁའི་འོག་ཏུ་འཚོ་བའི་བོད་རིགས་ཤིག་ཡོད་ན་དེ་ཁྱེད་རང་ཡིན་རྒྱུ་རེད་ཡ།

    ཀ་ཁ་བྲིས་ན་ལག་ན་སྤྱད།།
    ཁ་ཏོན་བཏོན་ན་ཁ་ན་སྤྱད།།
    ག་ཤེད་ཅིག་ནས་འཇམ་ཐིང་ཐིང་།།
    ང་ནི་ཁ་རོག་འདུག་རྒྱུ་ཡིན།།

    འ་ཤོག་འོས་ཤོག་ངས་མི་ཤེས།།
    སྲིད་སྤྱི་ཁྲིམས་ལོག་ཆོལ་ལོག་རེད།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme