Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༄།:། འཇུག་པའྀ་སྒྲ་བརྒྱད་བསྟན་པའ་ཚིག་ལེའུར་བྱས་པ།

Posted on 2020-11-052020-11-05 By ཁ་བརྡ་ 7 Comments on ༄།:། འཇུག་པའྀ་སྒྲ་བརྒྱད་བསྟན་པའ་ཚིག་ལེའུར་བྱས་པ།
P.T.783ལས་བྱུང་བ།
༄།:། འཇུག་པའྀ་སྒྲ་བརྒྱད་བསྟན་པའ་ཚིག་ལེའུར་བྱས་པ།
འཕགས་པ་འཇམ་དཔལ་གཞོ་ནུར་གྱུར་པ་ལ་ཕྱག་འཚལ་ལོ།།
མེ་ཏོག་རྒྱས་ཚལ་ལྗོན་ཤྀང་ཡོད།། ལྗོན་ཤྀང་ལ་ནི་རླུང་གྀས་བསྐྱོད། །
ལྗོན་ཤྀང་གིས་ནྀ་གླང་པོ་བསྒྱེལད།། ལྗོན་ཤྀང་ཕྱིར་ནྀ་ཆུ་དྲོངས་ཤིག།

ལྗོན་ཤྀང་ལས་ནྀ་མེ་ཏོག་ཁྲུངས།། ཤིང་གྀ་ཡལ་ག་རབ་དུ་ལྡེམ། །
ལྗོན་པའྀ་ཤིང་ལ་བྱ་ཚང་བཅས།། ཀྱེ་ཀྱེ་ལྗོན་ཤིང་ངོ་མཚར་མཛེས། །
དང་པོ་དངོས་པོ་བསྟན་པ་ཡྀན།། གཉིས་པ་ལས་སུ་ཤེས་པར་བྱའ། །
གསུམ་པ་བྱད་པ་བྱེད་པོ་ཡྀན།། བཞྀ་པ་གང་ཕྱིར་སྦྱྀན་བའ་ཡིན། །
ལྔ་བ་གང་ལས་འོང་པ་ཡིན།། དྲུག་པ་ལྷག་པའྀ་དབང་དུ་བྱས། །
བདུན་པ་གནས་གཞྀ་བསྟན་པ་སྟེ།། བརྒྱད་པ་འབོད་པའྀ་ཚིག་ཡིན་ནོ། །
 
Ch.0003ལས་བྱུང་བ།
༄།:། འཇུག་པའྀ་སྒྲ་བརྒྱད་བསྟན་པའ་ཚིག་ལེའུར་བྱས་པ།
འཕགས་པ་འཇམ་དཔལ་གཞོ་ནུར་གྱུར་པ་ལ་ཕྱག་འཚལ་ལོ།།
མེ་ཏོག་རྒྱས་ཚལ་ལྗོན་ཤྀང་ཡོད།། ལྗོན་ཤྀང་ལ་ནི་རླུང་གྀས་བསྐྱོད། །
ལྗོན་ཤྀང་གིས་ནྀ་གླང་པོ་བསྒྱེལད།། ལྗོན་ཤྀང་ཕྱིར་ནྀ་ཆུ་དྲོངས་ཤིག།
ལྗོན་ཤྀང་ལས་ནྀ་མེ་ཏོག་ཁྲུངས།། ཤིང་གྀ་ཡལ་ག་རབ་དུ་ལྡེམ། །
ལྗོན་པའྀ་ཤིང་ལ་བྱ་ཚང་བཅས།། ཀྱེ་ཀྱེ་ལྗོན་ཤིང་ངོ་མཚར་མཛེས། །
དང་པོ་དངོས་པོ་བསྟན་པ་ཡྀན།། གཉིས་པ་ལས་སུ་ཤེས་པར་བྱའ། །
གསུམ་པ་བྱད་པ་བྱེད་པོ་ཡྀན།། བཞྀ་པ་གང་ཕྱིར་སྦྱྀན་བའ་ཡིན། །
ལྔ་བ་གང་ལས་འོང་པ་ཡིན།། དྲུག་པ་ལྷག་པའྀ་དབང་དུ་བྱས། །
བདུན་པ་གནས་གཞྀ་བསྟན་པ་སྟེ།། བརྒྱད་པ་འབོད་པའྀ་ཚིག་ཡིན་ནོ། །
 
༄།:། ཞུ་ཆེན་གྱི་མཁན་པོ་དང་། ལོ་ཙ་པ་བན་དེ་ཆོས་གྲུབ་ཀྱིས་རྒྱའྀ་དཔེ་ལས་བསྒྱུར་ཅིང་ཞུས་ཏེ།གཏན་ལ་ཕབ་པ། །
ངོ་སྤྲོད།

Post navigation

Previous Post: ཉིན་ཐོ་རྐུབ་བཀྱགས་མ།
Next Post: ཉེར་གཅིག་སྲིད་སྐྱོང་འོས་མི་བཀའ་ཟུར་སྐུ་ངོ་འབྲོང་ཆུང་དངོས་གྲུབ་ལགས་སུ་བསྟོད་པའི་ཀ་བཤད་ཁ་སྐད་མ།

Comments (7) on “༄།:། འཇུག་པའྀ་སྒྲ་བརྒྱད་བསྟན་པའ་ཚིག་ལེའུར་བྱས་པ།”

  1. ཀརྡོ་རབ་འབྱམས་པ་ says:
    2020-11-05 at 5:37 pm

    Ch.0003ལས་བྱུང་བ།
    ༄།:། འཇུག་པའྀ་སྒྲ་བརྒྱད་བསྟན་པའ་ཚིག་ལེའུར་བྱས་པ།
    རྣམ་དབྱེ་བརྒྱད།

    འཕགས་པ་འཇམ་དཔལ་གཞོ་ནུར་གྱུར་པ་ལ་ཕྱག་འཚལ་ལོ།།
    མཆོད་བརྗོད།

    མེ་ཏོག་རྒྱས་ཚལ་ལྗོན་ཤྀང་ཡོད།།
    རྣམ་དབྱེ་དང་པོ་ངོ་ཙམ་སྟོན་པ།

    ལྗོན་ཤྀང་ལ་ནི་རླུང་གྀས་བསྐྱོད། །
    རྣམ་དབྱེ་གཉིས་པ་ལས་སུ་བྱ་བ།

    ལྗོན་ཤྀང་གིས་ནྀ་གླང་པོ་བསྒྱེལད།།
    རྣམ་དབྱེ་གསུམ་པ་བྱེད་སྒྲ། ཡིན་པ་ལ་བྱེད་པོ་འཛོལ།

    ལྗོན་ཤྀང་ཕྱིར་ནྀ་ཆུ་དྲོངས་ཤིག།
    བཞི་པ་དགོས་ཆེད།

    ལྗོན་ཤྀང་ལས་ནྀ་མེ་ཏོག་ཁྲུངས།།
    ལྔ་པ་འབྱུང་ཁུངས།

    ཤིང་གྀ་ཡལ་ག་རབ་དུ་ལྡེམ། །
    དྲུག་པ་འབྲེལ་སྒྲ།

    ལྗོན་པའྀ་ཤིང་ལ་བྱ་ཚང་བཅས།།
    བདུན་པ་འབྲེལ་སྒྲ། ཡིན་པ་ལ། བཅས་འདི་བྱ་བ་ཡིན་ན་ནོར་འདུག

    ཀྱེ་ཀྱེ་ལྗོན་ཤིང་ངོ་མཚར་མཛེས། །
    བརྒྱད་པ་འབོད་སྒྲའི་དཔེར་བརྗོད་ཡིན་པ་ལ། སེམས་མེད་ཤིང་ལ་འབོད་པ་ནི། ཁྱད་མཚར་དུ་མཐོང་ལགས།

  2. ཀརྡོ་རབ་འབྱམས་པ་ says:
    2020-11-05 at 5:45 pm

    ༄།:། འཇུག་པའྀ་སྒྲ་བརྒྱད་བསྟན་པའ་ཚིག་ལེའུར་བྱས་པ།
    ་
    འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ།།

    ༡༽མེ་ཏོག་རྒྱས་ཚལ་ལྗོན་ཤྀང་དང་། ༢༽།ལྗོན་པའི་ཤྀང་ལ་བྱ་ཚང་བཅས། །
    ༣༽གླང་ཆེན་གྱིས་ནི་ལྗོན་ཤྀང་བསྒྱེལད། ༤༽།ལྗོན་ཤྀང་ཕྱིར་ནྀ་ཆུ་དྲོངས་ཤིག །
    ༥༽ལྗོན་ཤྀང་ལས་ནྀ་མེ་ཏོག་ཁྲུངས། ༦༽།ཤིང་གྀ་ཡལ་ག་རིང་ཐུང་མང་། །
    ༧༽ལྗོན་པའྀ་ཤིང་ལ་བྱ་ཚང་འདུག ༨༽།ཀྱེ་ཀྱེ་ལྗོན་ཤིང་འཛུགས་མཁན་ལགས། །
    ་
    ཀརྡོས།

  3. ཀརྡོ་རབ་འབྱམས་པ་ says:
    2020-11-06 at 10:32 am

    ཨ་མ།
    ་
    ང་དང་ཁྱོད་དང་སྨྱུག་དེབ་རྣམས། །
    རྣམ་དབྱེ་དང་པོ་ངོ་ཙམ་སྟོན། །

    ཨ་མ་བོད་དུ་འགྲོ་བ་ནི། །
    གཉིས་པ་ལས་སུ་བྱ་བའོ། །

    ཨ་མས་བྱམས་སྐྱོང་བྱས་པ་དེ། །
    གསུམ་བྱེད་སྒྲ་ཞེས་སུ་གྲགས། །

    ཨ་མའི་ཆེད་དུ་དངུལ་གསོག་པ། །
    བཞི་པ་དགོས་ཆེད་དཔེ་རུ་རུང་། །

    ཨ་མ་ལས་ནི་ཕྲུ་གུ་བྱུང་། །
    རྣམ་དབྱེ་ལྔ་པ་འབྱུང་ཁུངས་སོ། །

    ཨ་མ་ལགས་ཀྱི་རྒྱན་ཆ་ནི། །
    དྲུག་པ་འབྲེལ་བའི་སྒྲ་རུ་འོས། །

    ཨ་མ་ལགས་སུ་རྒྱན་ཆ་ཡོད། །
    བདུན་པ་རྟེན་གནས་མི་འོས་སམ། །

    ཨ་མ་ཨ་མ་གསོན་དང་ཀྱེ། །
    བརྒྱད་པ་འབོད་པའི་སྒྲ་རུ་འབོད། །
    ་
    ཀརྡོས།

  4. བསམ་ཤེས། says:
    2020-11-06 at 11:50 pm

    མགྲོན་ཁང་དམར་པོའི་སྨད་ཚོང་མཛེས།
    སྨད་ཚོང་ཐུག་པར་སྔ་པོ་ཐོན།
    སྨད་ཚོང་གིས་ནི་སྣེ་ལེན་བྱས།
    འཁྲིག་པའི་ཆེད་དུ་མལ་ལ་འཛུལ།
    སྨད་ཚོང་ལུས་ལས་དྲི་མ་ཞིམ།
    སྨད་ཚོང་གི་ནི་འོག་འདེགས་བཟང་།
    སྟུ་ཡི་གཡའ་ཆུས་འཇམ་དྲོས་བསྟེར།
    ཀྱེ་ཀྱེ་ཁྱེད་ཀྱི་སྟུ་དེ་དམ།

  5. ཀརྡོ་རབ་འབྱམས་པ་ says:
    2020-11-07 at 9:06 am

    རྣམ་དབྱེ་བརྒྱད་ཀྱི་དཔེར་བརྗོད།
    ་
    མཛེས་མ་ནུ་བུམ་འབུར་མ།
    མཛེས་མ་ལམ་ལ་འགྲོ་བགྱིད།
    མཛེས་མས་མིག་ཟུར་ལྟ་བགྱིད།
    མཛེས་མར་མེ་ཏོག་ཉོས་ཡོད།
    མཛེས་མ་ལུས་ནས་དྲི་བྱུང་།
    མཛེས་མའི་རྣམ་འགྱུར་མཛེས་པ།
    མཛེས་མ་ལུས་ལ་རྒྱན་གོས།
    མཛེས་མར་ཁྱོད་ཀེ་ལྟོས་དང་།
    ་
    ཀརྡོའི་ཁ་བརྡར་དཔེར་བརྗོད།

  6. ཀརྡོ་རབ་འབྱམས་པ་ says:
    2020-11-08 at 2:08 am

    ང་ཡི་རྣམ་དབྱེ་བརྒྱད་པོ་ནི།
    ་
    ང་ཡི་རྣམ་དབྱེ་བརྒྱད་པོ་ནི།
    ་
    ང་ཡི་རྣམ་དབྱེ་བརྒྱད་པོ་ནི།
    ་
    ང་ཡི་རྣམ་དབྱེ་བརྒྱད་པོ་ནི།
    ་
    ང་དང་ཁྱོད་དང་ང་ཚོ་གསུམ།
    དང་པོ་ངོ་བོ་ཙམ་སྟོན་པ།

    ང་རང་ཁྱོད་སར་ཕྱིན་པ་དེ།
    རྣམ་དབྱེ་གཉིས་ལས་སུ་བྱས།

    ང་ཡིས་ཁྱོད་ལ་བསླབས་པ་དེ།
    རྣམ་དབྱེ་གསུམ་པ་བྱེད་སྒྲ་འོ།

    ང་བདེ་ཆེད་དུ་འོངས་པ་དེ།
    རྣམ་དབྱེ་བཞི་པ་དགོས་ཆེད་རེད།

    ང་ལས་བློ་སྐྱེད་བྱུང་བ་དེ།
    རྣམ་དབྱེད་ལྔ་པ་འབྱུང་ཁུངས་རེད། །

    ང་ཡི་དེབ་དང་སྨྱུ་གུ་རེད།
    འདི་ནི་དྲུག་པ་འབྲེལ་སྒྲ་འོ།

    ང་ལ་དེབ་དང་སྨྱུ་གུ་ཡོད།
    དེ་ནི་རྣམ་དབྱེ་བདུན་པ་འོ།

    ང་ལ་ལྟོས་དང་ཨ་ཕོ་ཀྱེ།
    དེ་ནི་བརྒྱད་པ་འབོད་སྒྲ་འོ།།
    ་
    ཨ་ཙི་འདི་འདྲ་ཤེས་སླ་བ།

  7. ཀརྡོ་རབ་འབྱམས་པ་ says:
    2020-11-08 at 2:19 am

    ང་ཚོ་སློབ་གྲྭར་འགྲོ་དུས་སུ།
    ་
    ཀ་བ་བུམ་པ་ཤིང་སྡོང་རྣམས།
    རྣམ་དབྱེ་དང་པོ་ངོ་ཙམ་སྟོན།

    ཤར་ཕྱོགས་ནི་འགྲོ་བ་དེ།
    རྣམ་དབྱེ་གཉིས་པ་ལས་སུ་བྱས།

    སྟ་རེས་ཤིང་དུམ་བཅད་པ་དེ།
    རྣམ་དབྱེ་གསུམ་པ་བྱེད་སྒྲའོ།

    མེ་ཏོག་སྡུམ་རར་ཆུ་དྲངས་པ།
    རྣམ་དབྱེ་བཞི་པ་དགོས་ཆེད་རེད།

    བ་ལས་འོ་མ་བྱུང་བ་ནི།
    རྣམ་དབྱེ་ལྔ་པ་འབྱུང་ཁུངས་སོ།

    ཤིང་གི་ཡལ་ག་ཕ་ཀི་དེ།
    རྣམ་དབྱེ་དྲུག་པ་འབྲེལ་སྒྲའོ།

    ཤིང་ལ་བྱ་ཚང་བརྟེན་པ་དེ།
    བདུན་པ་རྟེན་གནས་ཞེས་སུ་གྲགས།

    ཧ་ཡེ་མ་བྱན་ཁ་རེ་ཁྱོད།
    ད་ལྟ་ལམ་སང་ལོངས་ཤིག་ཀེ
    ་
    འདི་དག་རྣམ་དབྱེ་བརྒྱད་པའོ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (94)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (62)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme