Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མང་གཙོ་དང་ཁྲིམས་ཀྱི་དབང་བསྒྱུར་ལ་དཔྱད་པའི་གཏམ།

Posted on 2020-11-01 By ཁ་བརྡ 6 Comments on མང་གཙོ་དང་ཁྲིམས་ཀྱི་དབང་བསྒྱུར་ལ་དཔྱད་པའི་གཏམ།

གཞུང་པ་ཚེ་དབང་བསོད་ནམས།
 
མིའི་སྤྱི་ཚོགས་ག་འདྲ་ཞིག་ཡིན་ཡང་སྤྱི་ཚོགས་དེ་འཚོ་གནས་ཐུབ་པའི་ཆེད་དུ་སྒྲིག་འཛུགས་ཤིག་དགོས་པ་དང་སྒྲིག་འཛུགས་དེའི་ལས་དོན་ཚགས་ཚུད་ཡོང་བའི་ཆེད་ཁྲིམས་དང་སྒྲིག་གཞིའི་ལམ་སྟོན་དགོས་པ་ནས་བྲིས་པའི་ཁྲིམས་ལུགས་དང་། མ་བྲིས་པའི་ཁྲིམས་ལུགས། བཅས་ཁྲིམས་ལུགས་རྣམ་པ་གཉིས་ཀྱིས་འོག་ནས་སྤྱི་ཚོགས་འཚོ་གནས་ཐུབ་དགོས་པ་དང་། དུས་ཀྱིས་འཕོ་འགྱུར་དང་སྤྱི་ཚོགས་ཀྱིས་འཕེལ་རིམ་བརྒྱུད་ནས་མ་བྲིས་པའི་ཁྲིམས་ལུགས་མང་ཆེ་བ་ཡལ་ནས་དེང་སྐབས་འཛམ་གླིང་གི་ལུང་པ་མང་ཆེ་བའི་ནང་བྲིས་པའི་ཁྲིམས་ལུགས་འོག་ནས་སྤྱི་ཚོགས་དང་སྒྲིག་འཛུགས་ཀྱིས་ལས་དོན་ཡོངས་རྫོགས་འགྲུབ་དགོས་པ་ནས་རང་རེ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཆུང་ཆུང་འདི་ཡང་མང་གཙོའི་ལམ་དུ་ཁ་ཕྱོགས་ནས་ཁྲིམས་བཟོ་སྤྱི་འཐུས་གྲོས་ཚོགས་སྐབས་བཅུ་གཅིག་གི་ཁྲིམས་བཟོའི་འགན་ཁུར་བླངས་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེ་གཏན་འབེབས་གནང་ནས་ད་ལྟ་བར་མི་ལོ་བཅུ་ཕྲག་གསུམ་ལ་ཉེ་བའི་དུས་སྐབས་འདིར་དབུས་བོད་མིའི་སྒྲིག་འཛུགས་འཛིན་སྐྱོང་བཀའ་ཤག་དང་། ཁྲིམས་བཟོ་སྤྱི་འཐུས་གྲོས་ཚོགས། ཁྲིམས་ལུགས་དབང་འཛིན་ཆེས་མཐོའི་ཁྲིམས་ཞིབ་ཁང་། བཅས་མང་གཙོའི་སྒྲིག་འཛུགས་འཛིན་སྐྱོང་གནང་མཁན་གྱི་ཀ་བ་གསུམ་གྱིས་བཅའ་ཁྲིམས་ལ་འགན་ཁུར་ནས་བཙན་བྱོལ་བོད་མིའི་ལས་དོན་ཡོངས་རྫོགས་ཁྲིམས་དང་སྒྲིག་གཞིའི་ལམ་སྟོན་ལྟར་འགྲོ་དགོས་པ་ལས་བཅའ་ཁྲིམས་ལ་འབྲེལ་ལོགས་རྒྱག་སའི་ཆ་རྐྱེན་བཅའ་ཁྲིམས་ནང་གསལ་མེད་པ་དང་། སླེབ་ལ་ཉེ་བའི་སྲིད་སྤྱིའི་འོས་བསྡུའི་ལས་རིམ་ཡོང་སྟངས་ལ་བལྟས་ན་ང་ཚོར་རེ་བ་གསར་པ་དང་ཁ་ཕྱོགས་གསར་པ་ཞིག་གི་འོག་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་བཅོ་ལྔ་ནང་གསལ་བའི་བོད་དོན་བདེན་མཐའ་སེལ་བའི་སྐྱ་རེངས་དེ་ཉི་སྟོང་ཉི་ཤུ་རྩ་གཅིག་ལོར་ཤར་རྒྱུའི་སྔོད་བརྡ་ད་ལྟ་ནས་གཏོང་བཞིན་པ་ནི་སྲིད་སྐྱོང་ལ་མི་འགྲོ་ཚང་ཁ་ཤིག་ཤིག་ཡོད་པའི་ནང་དུ་སྐྱ་སེར་ཕོ་མོ་དང་ཆོལ་གསུམ་བཅས་ཀྱི་སྐུ་ཚབ་འཛོམས་པ་འདི་ནས་ཤེས་ཐུབ་པ་དང་། མ་གཞི་བོད་རྒྱལ་ཁབ་དང་བོད་མི་མང་གི་ཆེད་དུ་ལས་ཀ་བྱེད་འདོད་ཡོད་མཁན་གྱིས་ལྷག་བསམ་དང་རྒྱལ་ཞེན་ཅན་གྱི་འགན་ཁུར་མཁན་ཞིག་ཡིན་ན། དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཞུའི་ལས་བྱེད་ནང་འཛུལ་ནས་རང་གི་ཐུབ་ཚོད་དང་འཇོན་ཚོད་ཀྱིས་ལས་ཀ་བྱེད་ཆོག་པ་ལས་ཡིན་ཅིག་མིན་ཅིག་གིས་སྲིད་སྐྱོང་ལ་ཚང་ཁ་རྒྱག་དགོས་དོན་མ་མཐོང་ཡང། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་སྔོན་འགྲོའི་འོས་བསྡུ་མི་མང་ནས་མ་གནང་གོང་དུ་སྲིད་སྐྱོང་གི་འོས་མི་འདི་ཡིན་ཟེར་བ་མི་མང་ལ་གསལ་བསྒྲགས་དང་ངོ་སྤྲོད་གནང་ཆོག་པའི་བརྒྱུད་ལམ་བཅའ་སྒྲིག་གཉིས་ཀྱི་ནང་མཇལ་མ་སོང་ལ་སྔོན་འགྲོའི་འོས་བསྡུ་མི་མང་ནས་གནང་ཚར་བའི་ནང་ནས་དབུས་འོས་བསྡུ་ལྷན་ཁང་ནས་སྲིད་སྐྱོང་གི་འོས་དམིགས་ལ་མི་གྲངས་དྲུག་ལས་མ་ཉུང་བའི་མིང་མཐོ་སྟོན་ནས་དེའི་ནང་ནས་དགོང་པ་ཞུ་མཁན་ཚོ་ཕུད་པའི་འཕྲོས་ལྷག་མིང་གཞུང་ཨང་རིམ་ལྟར་འོས་མི་གཉིས་ལས་མ་ཉུང་བ་དངོས་གཞིའི་འོས་གཞི་ལ་གསལ་བསྒྲགས་གནང་མཚམས་འོས་གཞི་རང་ཉིད་དང་དགའ་ཉེ་སོགས་རྒྱབ་སྐྱོར་གནང་མཁན་ཚང་མས་བཅའ་སྒྲིག་དང་མ་འགལ་བའི་ཐོག་ནས་དྲིལ་བསྒྲགས་གནང་ཆོག་པ་ལས། སྔོན་འགྲོའི་འོས་བསྡུ་མི་མང་ནས་མ་གནང་གོང་དུ་སྲིད་སྐྱོང་གི་འོས་མི་གསལ་བསྒྲགས་གནང་རྒྱུའི་ལམ་ལུགས་འདི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་བཙན་བྱོལ་བོད་མིིའི་འོས་བསྡུའི་སྒྲིག་གཞི་དང་ཕྱོགས་མཐུན་བྱུང་ཡོད་མེད་ཐེ་ཚོམ་ཆེན་པོའི་ནང་དུ་ལྷག་པ་དང་། སྲིད་སྐྱོང་ལ་གང་ཟག་སུ་འདྲ་ཞིག་སླེབ་ཀྱང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་འགན་ཁུར་ནས་ཁྲིམས་བཟོ་སྤྱི་འཐུས་གྲོས་ཚོགས་ཀྱིས་རྒྱབ་སྐྱོར་འོག་ནས་འཛིན་སྐྱོང་དང་ཆབ་སྲིད་སོགས་བཙན་བྱོལ་བོད་མིའི་འཚོ་བའི་ལས་དོན་ཡོངས་རྫོགས་དང་ལྷག་དོན་དུ་བཅའ་ཁྲིམས་དོན་ཚན་བཅོ་ལྔ་ནང་གསལ་བའི་བོད་དོན་བདེན་མཐའ་སེལ་ཐབས་སོགས་ལ་འགན་ཁུར་དགོས་པ་ལས་འོས་ཤོག་ཐོབ་ཐབས་ལ་དམིགས་ནས་ཁ་སྙན་འདྲ་ཆགས་ཀྱིས་ཁ་སྒྲུང་ལས་འཆར་ངོ་སྤྲོད་ཐུབ་པ་ཙམ་གྱི་སྲིད་སྐྱོང་གི་ལས་འགན་འགྲུབ་པ་ལ་ནམ་ཡང་ངོས་འཛིན་ཞུ་དཀའ་བ་དང་། སྲིད་སྐྱོང་གི་འོས་བསྡུ་འདིའི་བོད་མི་བཙན་བྱོལ་བ་ཚོར་ལྐུག་པའི་ལྷ་མཐོང་བ་ལྟར་ཕྱོགས་གཏོགས་དང་སྐབས་ཚོལ་ལ་འགན་ཁུར་ནས་རང་ཕྱོགས་ལ་བསྟོད་རྒྱུ་དང་གཞན་ཕྱོགས་ལ་སྨད་རྒྱུའི་ཐབས་ལམ་བཙལ་ནས་དྲ་རྒྱ་དང་ངོ་དེབ་སོགས་ནང་ཚང་ཁ་ཤིག་ཤིག་བྱས་ནས་མི་མང་གིས་མིག་མདུན་དུ་འཐོན་ཡོོང་བ་འདིའི་བཙན་བྱོལ་བོད་མིའི་མཐུན་འབྲེལ་དང་ཆོལ་གསུམ་བོད་མིའི་ཆིག་སྒྲིལ་སོགས་ལ་མ་འོངས་ཕན་གནོད་ཇི་ཆགས་ཚོད་དཔག་གི་ཡུལ་ལས་འདས་པ་དང་། དོན་དངོས་ང་ཚོའི་མང་གཙོ་ནི་ཁྲིམས་ཀྱིས་དབང་བསྒྱུར་འོག་གནས་དགོས་པ་མ་ཟད་མང་གཙོ་དེ་ཡང་བྲིས་པའི་ཁྲིམས་ལུགས་འོག་མི་མང་འཚོ་ཐུབ་པའི་མང་གཙོ་འི་སྒྲིག་འཛུགས་ཞིག་ཡིན་པ་ལས་ཁྲིམས་ལུགས་ལ་རང་སྣང་གང་དྲན་གྱི་འབྲེལ་བཤད་རིང་ཙམ་ཐུང་ཙམ་རྒྱབ་ནས་རང་དོན་སྒྲུབ་རྒྱུའི་གྲལ་རིམ་དམངས་གཙོ་མིན་པ་ནི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་གསུམ་པ་ ཆབ་སྲིད་ཀྱི་རང་བཞིན་ ཟེར་བ་ནས་ངོ་སྤྲོད་ཐུབ་རྒྱུ་དང་། ང་ཚོ་མི་ཡུལ་དུ་མི་ལོ་དྲུག་བཅུ་རྫོགས་ལ་ཉེ་བའི་སྐབས་འདིར་རང་ཡུལ་ལ་ཁ་ཕྱོགས་ཐུབ་པའི་ཆབ་སྲིད་ཀྱིས་ལས་འཆར་བང་སྒྲིག་རྒྱུའི་ཚབ་ཏུ་ནུབ་ཕྱོགས་འབྱོར་ལྡན་ལུང་པའི་ནང་སྤྱི་སྒེར་གཉིས་དང་འགོ་དམངས་ཚང་མས་་ཚང་ཁ་ཤིག་ཤིག་གི་འགྲོ་ལམ་ཚོལ་བཞིན་པ་ནི་མི་ཡུལ་ལ་ཁ་ཕྱོགས་ནས་ཁྱིམ་ཚང་སྒེར་གྱིས་འཚོ་ལམ་གསར་པའི་མདུན་ལམ་འཚོལ་ཐུབ་པ་ཙམ་ལས་གཞན་དུ་དམིགས་ཡུལ་ཡོད་པ་མ་མཐོང་ཡང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་བརྒྱད་པ། བོད་ཀྱི་ཡུལ་མི། ནང་གསེས་བཞི་པ། གོང་གསལ་དོན་ཚན་ཁག་ལག་ལེན་དུ་བསྟར་ཆེད་སྤྱི་འཐུས་ལྷན་ཚོགས་ཀྱིས་བོད་ཀྱི་ཡུལ་མིའི་ཁྲིམས་ལུགས་ཤིག་གཏན་འབེབས་བྱ་རྒྱུ། ཅེས་གསལ་ཡོད་ན་ཡང་བཅའ་ཁྲིམས་ཀྱི་ནུས་པ་ཐོན་ནས་མི་ལོ་བཅུ་ཕྲག་གསུམ་ལ་ཉེ་བའི་སྐབས་འདིར་ཁྲིམས་བཟོ་སྤྱི་འཐུས་གྲོས་ཚོགས་ནས་བཅའ་ཁྲིམས་དོན་ཚན་བརྒྱད་པའི་ནང་འཁོད་པའི་བོད་ཀྱི་ཡུལ་མིའི་ཁྲིམས་ལུགས་གཏན་འབེབས་མ་གནང་པ་འདིའི་བོད་མི་ཕྱིའི་རྒྱལ་ཁབ་ནང་འགྲོ་མཁན་གྱིས་གྲངས་ཚད་དེ་ལོ་རེ་ནས་ལོ་རེ་བཞིན་མང་དུ་འགྲོ་བཞིན་པ་ནས་ནམ་ཞིག་བཙན་བྱོལ་བོད་མིའི་གཞིས་ཆགས་བསྲ་བརྟན་དང་རྒྱུན་གནས་ཐུབ་པ་ལ་འང་འགོག་རྐྱེན་འཕྲད་མི་སྲིད་པའི་ངེས་པ་མེད་པ་དང་། བཅའ་ཁྲིམས་དོན་ཚན་རེ་གཅིག་ཀ་པ། ཁྲིམས་དོན་ལས་ཁུངས། སྤྱི་འཐུས་ཚོགས་དྲུང་ལས་ཁུངས་ཀྱི་ལྟ་སྐྱོང་འོག་ཁྲིམས་དོན་ལས་ཁུངས་ཤིག་འཛུགས་ཆོག་པ་དང་ལས་ཁུངས་འདི་ནས་བཀའ་ཤག་དང་སྤྱི་འཐུས་ལྷན་ཚོགས། བཀའ་བློན་བྱེ་བྲག་པ་དང་། སྤྱི་འཐུས་བྱེ་བྲག་པ་སོ་སོ་བཅས་ལ་ཁྲིམས་ཡིག་འཆར་ཟིན་བཟོ་འགོད་དང་ཁྲིམས་དོན་དང་འབྲེལ་བའི་ལས་དོན་ཁག་ལ་རྒྱུས་སྟོན་བྱ་རྒྱུ། ཅེས་གསལ་ཡོད་ན་བཅའ་ཁྲིམས་ཀྱི་ནུས་པ་འཐོན་ནས་མི་ལོ་བཅུ་ཕྲག་གསུམ་ལ་ཉེ་བའི་སྐབས་འདིར་ཁྲིམས་དོན་ལས་ཁུངས་མ་བཙུགས་པ་ནས་སྔ་ལོ་བཀའ་བློན་གསར་བསྐོ་མ་ཐུབ་པའི་ལབ་གླེང་་དང་ཉེ་ལམ་གྲོས་ཚོགས་ཕར་འགྱངས་སྐོར་གྱིས་ལབ་གླེང་སོགས་གཞི་རྩ་ཐུག་ས་ཁྲིམས་དོན་ལས་ཁུངས་མ་བཙུགས་པ་འདིའི་སྐྱོན་གནད་ཡིན་པའི་ངོས་འཛིན་དང་བཅས། མང་གཙོའི་སྒྲིག་འཛུགས་ནང་ཁྲིམས་ཀྱི་དབང་བསྒྱུར་ལས་གལ་ཆེ་བ་མེད་ན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བླ་ན་མེད་པ་དང་གོང་ན་མེད་པའི་བྲིས་པའི་ཁྲིམས་ལུགས་དེ་ཡིན་པ་ནས་བློ་ལྡན་བོད་མི་རང་ལོ་བཅོ་བརྒྱད་ཡན་ཚང་མས་བཅའ་ཁྲིམས་དོན་ཚན་བཅུ་གསུམ་ནང་གསལ་བའི་བོད་ཀྱིས་ཡུལ་མིའི་ལས་འགན་སྒྲུབ་ནས་སྲིད་སྤྱིའི་འོས་བསྡུའི་ལས་རིམ་ནང་ཆ་ཤས་ལེན་དགོས་པ་དེ་མང་གཙོའི་ཐོབ་ཐང་ཆེ་བཤོས་དེ་ཡིན་པའི་ངོ་སྤྲོད་ཡང་ཞུ་འདོད་བྱུང། བཅའ་ཁྲིམས་དོན་ཚན་བཅུ་གསུམ་ནང་གསལ་བའི་བོད་ཀྱི་ཡུལ་མིའི་ལས་འགན་སྒྲུབ་ནས་གང་ཟག་སྒེར་གྱི་བསམ་ཚུལ་གླེང་པ་འདིའི་ཀྱང་མང་གཙོ་དང་ཁྲིམས་ཀྱི་བསྒྱུར་འོག་བོད་མི་མང་ཡུན་རིང་འཚོ་ཐུབ་པའི་སྨོན་པ་བཟང་པོའི་རྒྱན་སྟེ་རེ་ཞིག་འདིར་འཇུག་བསྡུས་པའོ།།

ཀོ་ལི་གྷལ་གཞིས་ཆགས་གཞུང་པ་ཚེ་དབང་བསོད་ནམས་ནས་ཕྱི་ལོ་ ༢༠༢༠ སྤྱི་ཟླ་ ༡༡ ཚེས་ ༡ ཉིན་རང་ཁྱིམ་དུ་ཟིན་བྲིས་སུ་བཏབ།

བསམ་ཚུལ།

Post navigation

Previous Post: ཞོགས་པའི་ཆིག་ལབ།
Next Post: བོད་མིའི་ཚོང་ལས་དང་གཞིས་ཆགས་སྲ་བརྟན།

Comments (6) on “མང་གཙོ་དང་ཁྲིམས་ཀྱི་དབང་བསྒྱུར་ལ་དཔྱད་པའི་གཏམ།”

  1. ཀརྡོ་རབ་འབྱམས་པ་ says:
    2020-11-02 at 2:28 am

    མང་གཙོ་ཁྲིམས་ཀྱིས་དབང་བསྒྱུར་ཡང་། །
    སྒྱུར་མཁན་སྲིད་སྐྱོང་ཁྲིམས་མེད་ན། །
    མང་གཙོ་ཁྲིམས་ཀྱིས་དབང་བསྒྱུར་ཡང་། །
    ཧམ་ཆེན་ཆེན་སྲིད་སྐྱོང་དབང་ཆེ་ན། །

  2. ཚེ་བརྟན་འགྱུར་མེད། says:
    2020-11-07 at 10:39 am

    ཀརྡོ་རབ་འབྱམས་པས། མང་གཙོ་ཁྲིམས་ཀྱིས་དབང་བསྒྱུར་ཡང་། ། སྒྱུར་མཁན་སྲིད་སྐྱོང་ཁྲིམས་མེད་ན། །
    ཚེ་བརྟན་འགྱུར་མེད། ཁྲིམས་མེད་ཆེད་དུ་ཁྲིམས་བཟོས་ཡོད། དེང་སང་མི་མང་ཁ་ཡང་གསེར་ཡིན་ཞེས།

    ཀརྡོ་རབ་འབྱམས་པས། མང་གཙོ་ཁྲིམས་ཀྱིས་དབང་བསྒྱུར་ཡང་། ། ཧམ་ཆེན་ཆེན་སྲིད་སྐྱོང་དབང་ཆེ་ན། །
    ཚེ་བརྟན་འགྱུར་མེད། མང་གཙོའི་དབང་དེ་གྲངས་ལས་བསྒྱུར། གྲངས་མང་མོས་ན་གྲངས་ཉུང་དགོངས་དག་གོ།

  3. ཀརྡོ་རབ་འབྱམས་པ་ says:
    2020-11-07 at 1:48 pm

    བློ་སེང་ལགས་ཀྱི་སྲིད་སྐྱོང་འོས་བསྡུ་ཐང་མ་གཉིསཔར་་་་་
    ་
    དགྲ་ལྷ་ གཉན་པོ།
    OchttneobieenrS mpo2en3 cllasut o5Sul:reet1dnhf4h lPM ·
    ལོ་ཤས་གོང་ནས་བློ་སེང་དང་སྐལ་རྡོར་གཉིས་ཀྱིས་༧གོང་ས་མཆོག་གི་དགོངས་པ་དཀྲུགས་དང་དཀྲུགས་བཞིན་པའི་དཔང་རྟགས་ཡིག་ཆ། སྐལ་རྡོར་ལ་རྒྱབ་སྐྱོར་བྱེད་མཁན་ཚོས་ཀློགས་ཤིག
    ་
    https://www.facebook.com/photo?fbid=789812358521262&set=a.585384038964096

  4. ཀརྡོ་རབ་འབྱམས་པ་ says:
    2020-11-07 at 1:53 pm

    ཚེ་འགྱུར་ལགས་སུ།
    ང་ཡི་ཁ་ཡང་གསེར་ཡིན་དགོས། །
    མི་ང་གྲངས་ཉུང་ཁོངས་གཏོགས་མིན། །
    མཆན་བུ་གསུམ་པ་བཀླགས་ནས་སླར། །
    ལན་འདེབས་འོས་ཤིང་འཚམས་པ་དགོས། །

  5. ཀརྡོ་རབ་འབྱམས་པ་ says:
    2020-11-08 at 6:49 am

    དབུ་དཀར་ཚང་སྐལ་རྡོར་དོན་གཅོད་སྐབས་དོལ་རྒྱལ་བས་༸རྒྱལ་བའི་༸སྐུ་ཕྱར་ཉེན་ཁ་བྱུང་བ།
    ་
    https://www.facebook.com/doon.eric/videos/319356039384011

  6. ཚེ་བརྟན་འགྱུར་མེད། says:
    2020-11-09 at 12:02 pm

    ཀརྡོ་རབ་འབྱམས་པ་ལགས།

    ཁྱེད་ཀྱི་དགོངས་འཆར་གསེར་ཡིན་མིན།
    དམངས་གཙོའི་ཚོགས་སུ་དམངས་ཀྱི་དགོངས་བཅད་ནི།
    ང་ཡི་མི་མཐོང་ཁྱེད་ཀྱི་མཇལ་ན་ལས།
    ང་ལ་ལན་འདེབས་དགོས་པའི་དཀའ་ནན་ལ།
    ལན་གཅིག་མེད་ན་ཁྱེད་ཀྱི་གསེར་དུ་ཞིབ།
    གསེར་དུ་རྩིས་ན་རིག་པས་ངོས་ལོན་མིན།
    ཅ་ཅོ་ཙམ་ལས་གཞི་རྩ་མི་མངོན་ལགས།
    མང་པོས་རྒྱབ་ཏུ་བསྐྱོར་ན་གསེར་ཡིན་ངེས་།
    གྲངས་ཉུང་ཞུ་དུས་ཆོལ་གསུམ་བསྡུས་པའི་གྲངས།
    དམངས་ཀྱི་གྲངས་ཀ་ཉུང་བར་གོ་བར་མཁྱེན།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (68)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme