Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཆོས་སྲིད་ཟུང་འབྲེལ་བྱ་ལ་བློ་མ་བདེ།

Posted on 2020-10-26 By ཁ་བརྡ 9 Comments on ཆོས་སྲིད་ཟུང་འབྲེལ་བྱ་ལ་བློ་མ་བདེ།

སྡིག་པ་ར་ཙས།
 
དགོན་པའི་ནང་དུ་འཇིག་རྟེན་བཤད་པ་གཅིག །
འཇིག་རྟེན་ཁྲོད་དུ་དམ་ཆོས་བཤད་པ་གཉིས། །
གཅིག་གི་ཁྲིམས་ལུགས་ཅིག་ཤོས་བཤིག་མཐོང་བས། །
ཆོས་སྲིད་ཟུང་འབྲེལ་བྱ་ལ་བློ་མ་བདེ། །

ཆོས་གོས་གོན་གིན་དམག་གི་ཁ་འཛིན་བྱེད། །
སྲིད་འབྱོར་སྒྲུབ་བཞིན་ངེས་འབྱུང་སྒྲ་ཆེན་སྒྲོག །
ཁ་བཤད་ལག་ལེན་མི་མཚུངས་ནང་འགལ་ཏེ། །
ཆོས་སྲིད་ཟུང་འབྲེལ་བྱ་ལ་བློ་མ་བདེ། །

ཕྱི་ཡི་དགྲ་ལ་ཐུག་དུས་སྤྲེལ་ལད་འཁྲབ། །
ནང་གི་གཉེན་ལ་འཕྲད་དུས་དཔའ་རྩལ་ངོམས། །
ཕྱི་བླ་ནང་བཙོང་ལུགས་གཉིས་བཀག་རྡོ་སྟེ། །
ཆོས་སྲིད་ཟུང་འབྲེལ་བྱ་ལ་བློ་མ་བདེ། །

མཐོང་ཐོས་ས་ན་འདྲ་ཆགས་སྒྲོས་གཙང་ཅན། །
སེམས་པ་ཙམ་གྱིས་ཞེན་པ་ལོག་པའི་ལུགས། །
འཚེ་མེད་སྒྲ་སྒྲོག་འཚེ་བ་ཁོང་དུ་སྦས། །
ཆོས་སྲིད་ཟུང་འབྲེལ་བྱ་ལ་བློ་མ་བདེ། །

ཁ་ནས་ཚད་མེད་བཞི་པོ་འཆད་བཞིན་དུ། །
ལག་ལེན་རང་ཕྱོགས་ཁོ་ན་སྐྱོང་ལ་བྲེལ། །
ཟོག་པོ་ཡོངས་ཀྱི་གཙུག་ན་འགྱིང་བ་ཅན། །
ཆོས་སྲིད་ཟུང་འབྲེལ་བྱ་ལ་བློ་མ་བདེ། །

གཞན་ལ་ཆོག་ཤེས་བསླབ་བྱ་རྒྱུན་དུ་གནང་། །
རང་ལ་སྲིད་འབྱོར་མ་ལུས་མཁོ་བ་ཡི། །
བོད་ཀྱི་བླ་མའི་གཡོ་སྒྱུའི་འཕྲུལ་འཁོར་ཏེ། །
ཆོས་སྲིད་ཟུང་འབྲེལ་བྱ་ལ་བློ་མ་བདེ། །

ཆེན་པོ་རྣམས་ཀྱིས་སྲིད་འབྱོར་མ་ལུས་ལ། །
རང་དབང་བསྒྱུར་ཞིང་འདོད་ཡོན་དགྱེས་དགུར་རོལ། །
གྲྭ་བཙུན་ཕལ་རྣམས་ཟས་ངན་གོས་ངན་ཅན། །
ཆོས་སྲིད་ཟུང་འབྲེལ་བྱ་ལ་བློ་མ་བདེ། །

བླ་སྤྲུལ་ཆེད་དུ་མི་ཡང་གསོད་ཆོག་ཅིང་། །
དགོན་པའི་ནང་དུ་དམག་ཀྱང་རྒྱག་ཕོད་པའི། །
ཆོས་དང་འཇིག་རྟེན་མ་ལུས་འཆལ་མ་འཆོལ། །
ཆོས་སྲིད་ཟུང་འབྲེལ་བྱ་ལ་བློ་མ་བདེ། །

ཤཱཀྱ་ཐུབ་པ་སྐྱེ་འགྲོའི་གཡོག་ཏུ་ཕེབས། །
བོད་ཀྱི་བླ་མས་སྐྱ་སེར་བྲན་དུ་བཀོལ། །
དགེ་ལྤགས་འོག་ན་སྡིག་པའི་སོ་ཞོ་ཅན། །
ཆོས་སྲིད་ཟུང་འབྲེལ་བྱ་ལ་བློ་མ་བདེ། །

སྡིག་པ་ར་ཙས། ༢༤། ༡༠། ༢༠༢༠།

སྙན་ངག

Post navigation

Previous Post: ཉིན་ཐོ་ཞིག
Next Post: ཡན་ལག་ཕྱིད་པའི་བཅོས་ཚུལ་གཅིག་རྒྱུགས་མ།

Comments (9) on “ཆོས་སྲིད་ཟུང་འབྲེལ་བྱ་ལ་བློ་མ་བདེ།”

  1. ཀརྡོ་རབ་འབྱམས་པ་ says:
    2020-10-27 at 6:37 am

    ཆོས་སྲིད་ཟུང་འབྲེལ་བྱུང་ན་ཨེ་མ་ཧོ་ཞེས་བྱ་བ་བཞུགས་སོ།།

    དགོན་པའི་ནང་དུ་འཇིག་རྟེན་བཤད་པ་གཅིག །
    འཇིག་རྟེན་ཁྲོད་དུ་དམ་ཆོས་བཤད་པ་གཉིས། །
    གཅིག་གི་ཁྲིམས་ལུགས་ཅིག་ཤོས་ཕན་མཐོང་བས། །
    ཆོས་སྲིད་ཟུང་འབྲེལ་བྱ་ལ་ཨ་མ་ཧོ། །

    ཆོས་གོས་གོན་གིན་དམག་གི་ཁ་འཛིང་བཀག །
    སྲིད་འབྱོར་སྒྲུབ་བཞིན་ངེས་འབྱུང་མ་བརྗེད་སྒྲོགས། །
    ཁ་བཤད་ལག་ལེན་མཚུངས་ཤིང་ནང་མཐུན་གྱིས། །
    ཆོས་སྲིད་ཟུང་འབྲེལ་བྱ་ལ་ཨ་མ་ཧོ། །

    ཕྱི་ཡི་དགྲ་ལ་ཐུག་དུས་དཔའ་རྩལ་ངོམས། །
    ནང་གི་གཉེན་ལ་འཕྲད་དུས་བྱམས་བརྩེ་ངོམས། །
    ཕྱི་གནོན་ནང་རྒྱལ་ལུགས་གཉིས་ཆེན་པོ་སྟེ། །
    ཆོས་སྲིད་ཟུང་འབྲེལ་བྱ་ལ་ཨ་མ་ཧོ། །

    མཐོང་ཐོས་ས་ན་འདྲ་ཆགས་སྒྲོས་གཙང་ཅན། །
    སེམས་པ་ཙམ་གྱིས་ཞེན་ལོག་ཐམས་ཅད་བརླགས། །
    འཚེ་མེད་སྒྲ་སྒྲོགས་འཚེ་བ་ཁོང་ནས་ཕྱུངས། །
    ཆོས་སྲིད་ཟུང་འབྲེལ་བྱ་ལ་ཨ་མ་ཧོ། །

    ཁ་ནས་ཚད་མེད་བཞི་པོ་འདོན་བཞིན་དུ། །
    ལག་ལེན་རང་ཕྱོགས་ཁོ་ན་མི་བྲེལ་བ། །
    རྐང་གཉིས་ཡོངས་ཀྱི་གཙུག་ན་འགྱིང་བ་ཅན། །
    ཆོས་སྲིད་ཟུང་འབྲེལ་བྱ་ལ་ཨ་མ་ཧོ། །

    གཞན་ལ་ཆོག་ཤེས་བསླབ་བྱ་རྒྱུན་དུ་གནང་། །
    རང་ལ་སྲིད་འབྱོར་མ་ལུས་མི་མཁོ་མཁན། །
    བོད་ཀྱི་བླ་མའི་རྣམ་ཐར་རྫུ་འཕྲུལ་ཅན། །
    ཆོས་སྲིད་ཟུང་འབྲེལ་བྱ་ལ་ཨ་མ་ཧོ། །

    ཆེན་པོ་རྣམས་ཀྱིས་སྲིད་འབྱོར་མ་ལུས་ལ། །
    རང་དབང་བསྒྱུར་ཞིང་འདོད་ཡོན་དགྱེས་དགུར་རོལ། །
    གྲྭ་བཙུན་ཕལ་རྣམས་ཟས་ངོན་ཙམ་གྱིས་འཚིམ། །
    ཆོས་སྲིད་ཟུང་འབྲེལ་བྱ་ལ་ཨ་མ་ཧོ། །

    བླ་སྤྲུལ་ཆེད་དུ་མགོ་འབུལ་ལུས་འབུལ་ནུས། །
    དགོན་པའི་ནང་དུ་ཆོས་ཀློག་འཚམས་སྡོད་ཕོད། །
    ཆོས་དང་འཇིག་རྟེན་མ་ལུས་འབྱུང་བའི་གནས། །
    ཆོས་སྲིད་ཟུང་འབྲེལ་བྱ་ལ་ཨ་མ་ཧོ། །

    ཤཱཀྱ་ཐུབ་པས་སྐྱེ་འགྲོའི་དོན་དུ་གསུངས། །
    བོད་ཀྱི་བླ་མས་ཚེ་དང་སྒྲུབ་པ་མཉམ། །
    དགེ་བསགས་འོག་ན་སྡིག་གསོག་ཉུང་དུ་ཕྱིན། །
    ཆོས་སྲིད་ཟུང་འབྲེལ་བྱ་ལ་ཨ་མ་ཧོ། །

    སྡིག་པ་རྭ་ཙས་ཆོས་སྲིད་ཟུང་འབྲེལ་ལ། །
    བློ་སྙིང་མ་བདེར་བདེ་ཕྱིར་ངས་འདི་བྱས། །
    ཆོས་སྲིད་ཟུང་འབྲེལ་ད་ནས་མེད་འགྱུར་ན། །
    སྡིག་ར་ཀརྡོ་ང་གཉིས་པོ་བློ་མི་བདེ། །

    ཀརྡོས།

  2. གཞུང་པ་ཚེ་དབང་བསིད་ནམས་ says:
    2020-10-27 at 8:09 am

    ཆོས་སྲིད་བཟུང་དུ་འབྲེལ་བ་མེས་སྤོའི་སྲོལ་།
    སྲོལ་བཟང་བརྒྱུད་ནས་བོད་ཀྱིས་བསྟན་སྲིད་དར་།
    དར་བ་ཡུན་དུ་མ་གནས་བོད་མིའི་ལས་།
    ལས་ངན་བསགས་པའི་འབྲས་བུ་དུས་འདིར་སྨིན་།

  3. འབྲོང་བུ་སོག་ཚ། says:
    2020-10-27 at 6:46 pm

    ཆོས་སྲིད་ཟུང་སྦྲེལ་རུང་ན་བདག་ཅག་གི། སྟོན་པས་འཇིག་རྟེན་སྤངས་པའི་དགོས་དོན་ཅི། གང་གི་རྗེས་འཇུག་རློམས་པའི་སྐྱེ་བོ་ཀུན། ཆོས་སྲིད་ཟུང་སྦྲེལ་མེད་པར་ཤེས་མཛོད་ཅིག།

  4. ཀརྡོ་རབ་འབྱམས་པ་ says:
    2020-10-28 at 1:09 am

    ཆོས་སྲིད་ཟུང་འབྲེལ་བྱ་ལ་ཨ་མ་ཧོ། །
    འདི།
    ཆོས་སྲིད་ཟུང་འབྲེལ་བྱ་ལ་ཨེ་མ་ཧོ། །
    ལ་བཅོས་རོགས།

  5. བདེ་འཇགས་ཕོ་ཉ། says:
    2020-10-28 at 2:06 pm

    གློས་དང་གླེན་པས་ཆོས་སྲིད་བཤད་པ་དང་།།
    རྨོངས་དང་བླུན་པོས་མཁས་གཏམ་བཤད་པ་གཉིས།།
    ས་གཡོགས་གནམ་བསྒྲིབས་བྱས་ནས་འོང་བའི་དུས།།
    མཁས་ཤིང་འཛངས་པའི་མྱི་རྣམས་བློ་མ་བདེ།།

  6. བདེ་འཇགས་ཕོ་ཉ། says:
    2020-10-28 at 2:14 pm

    སྡིག་པ་ར་ཙ་དུག་གི་ལྕགས་སྡེར་ཅན།།
    ལུས་ཀྱི་ཤ་པགས་སྲབ་སར་གཟས་འོང་བར།།
    གངས་ཀྱི་རི་སུལ་གནས་བཅས་བྱིས་པ་འགས།།
    ད་དུང་རུམ་ཁ་ཕྱེ་ལ་བློ་མ་བདེ།།

  7. གཞུང་པ་ཚེ་དབང་བསིད་ནམས་ says:
    2020-10-28 at 8:49 pm

    ཆོས་སྲིད་ཟུང་དུ་འབྲེལ་ནས་བོད་ཀྱིས་ཆོས་སྲིད་བསྐྱངས་།
    ཆོས་སྲིད་ཟུང་དུ་འབྲེལ་ནས་འབངས་ལ་འཚོ་གནས་སྦྱིན་།
    ཆོས་སྲིད་ཟུང་དུ་འབྲེལ་ནས་བོད་ཀྱིས་སྟོབས་ཤུགས་རྒྱས་།
    ཆོས་སྲིད་ཟུང་དུ་འབྲེལ་ནས་བོད་རྒྱལ་འཛམ་གླིང་གྲགས་།

  8. jigwang Abharu says:
    2020-10-28 at 10:23 pm

    སྲིད་ཟུང་འབྲེལ་བློ་ལ་་མ་བདེ་ན་བློ་བདེ་བ་ཞིག་བཟོ་རྒྱུ་ཡོད་ན་ཁྱོད་རང་ནས་བཟོས་དང།
    བལྟ་ཆོག།

  9. ཉི་སྣང་། says:
    2020-10-28 at 11:49 pm

    ཁམས་པའི་ཆོས་རྒྱུད་སྤྱི་འཐུས་རྣམས་ཀྱི་མ་རབས་ཐ་ཤལ་གྱི་བྱེད་བབ་ལ་ལྟོས་ནས་ཆོས་སྲིད་ཟུང་འབྲེལ་ལ་དགག་པ་དང་། ཆོས་ལུགས་ལ་དམའ་འབེབས་གནང་ན་མི་འགྲིག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (70)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme