Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གཉེན་སྒྲིག་ཐག་གཅོད་བྱེད་སྟངས་ཐད་ཀྱི་བསམ་ཚུལ།

Posted on 2020-10-23 By ཁ་བརྡ 1 Comment on གཉེན་སྒྲིག་ཐག་གཅོད་བྱེད་སྟངས་ཐད་ཀྱི་བསམ་ཚུལ།

གཡག་རྒོད་རྩོམ་སྒྲིག་ཚོགས་ཆུང་གིས་ཕུལ།
 
སྐྱེས་ཕོ་མོ་སུ་ཞིག་ཡིན་ཡང་འཚོ་བ་སྐྱེལ་བའི་བརྒྱུད་རིམ་ཁྲོད་དུ་མི་ཚེའི་དོན་སྙིང་འཚོལ་སྟངས་དང་འབྲེལ་བའི་ཐག་གཅོད་མང་བོ་ཞིག་བྱེད་དགོས་ཡོད་ཅིང་། ཐག་གཅོད་རེ་ལ་སྐྱིད་སྡུག་བཟང་ངན་གྱི་མཇུག་འབྲས་མི་འདྲ་བ་རེ་ཡོད། དེ་ནི་གཙོ་བོ་ཐག་གཅོད་བྱེད་མཁན་གྱི་མི་དེའི་འཚོ་བའི་གནས་སྟངས་དང་རིག་གནས་ཀྱི་རྒྱབ་ལྗོངས། མི་གཞི་ཀུན་སྤྱོད་དང་རིན་ཐང་ལྟ་བ་འཛིན་སྟངས། སེམས་ཁམས་ཀྱི་བདེ་ཐང་ལ་སོགས་པའི་རྒྱུ་རྐྱེན་མང་པོ་ཞིག་དང་འབྲེལ་བ་ཡོད། ཁྱད་པར་དུ་གཉེན་སྒྲིག་གི་གཙོས་བའི་མི་ཚེའི་ཁྲོད་དུ་འཚོ་བ་དང་འབྲེལ་བའི་གནད་དོན་ཐག་གཅོད་བྱེད་པའི་སྐབས་སུ་ཐོག་མར་སེམས་པ་ལྷོད་ལ་གནས་དགོས་པ་དང་། གནས་ལུགས་དང་རྒྱུ་མཚན་གཙོར་འཛིན་གྱིས་ཐག་གཅོད་བྱེད་དགོས། བསམ་བློ་སྔོན་དུ་བཏང་ན་མཁས་པ་ཡིན། འགྱོད་པ་རྗེས་ནས་སྐྱེས་ན་གླེན་པ་ཡིན་ཞེས་པའི་ང་ཚོ་གངས་ཅན་བོད་པའི་ཁ་དཔེ་ལྟར། ང་ཚོ་བོད་པའི་གཞོན་སྐྱེས་ཚོས་མི་ཚེའི་ཁྲོད་ཀྱི་གནད་དོན་གལ་ཆེ་བ་དག་ཐག་གཅོད་བྱེད་པའི་སྐབས་སུ་ཕྱོགས་ཡོངས་ལ་བསམ་བློ་བཏང་སྟེ་ཐག་གཅོད་བྱེད་རྒྱུ་དེ་གལ་ཆེན་པོ་ཡིན་པར་སྙམ། དེ་ན་གཉེན་སྒྲིག་རང་དབང་དང་འབྲེལ་བའི་བསམ་བློ་ཁྱེར་ཕྱོགསདང་ཐག་གཅོད་བྱེད་སྟངས་ཀྱི་སྐོར་ནས་མཐོས་ཐོས་བྱུང་བའི་གནས་ཚུལ་ཁ་ཤས་ཤིག་གླེང་རྒྱུ་ཡིན།

སྤྱིར་བྱིས་སྐྱོང་སློབ་ནི་ཁྱིམ་ཚང་སློབ་གསོའི་ཡན་ལག་ཅིག་ཡིན་ཞིང་། ཁྱིམ་ཚང་སློབ་གསོའི་སྐོར་ལ་དོ་སྣང་མི་སྤྲོད་པར་། བྱིས་སྐྱོང་སློབ་གསོ་གླེང་བ་ནི་རྩ་བ་བོར་ནས་ཡལ་གར་འཇུས་པའི་གནས་སྟངས་ལས་མ་འདས། ཁྱིམ་ཚང་སློབ་གསོ་དང་འབྲེལ་བའི་དགེ་སྐྱོན་གཉིས་ཀྱི་ཕྱོགས་ནས་གླེང་སློང་མང་པོ་བྱེད་དགོས་པ་གལ་ཆེ་བར་སྙམ། ཁྱིམ་ཚང་སློབ་གསོའི་གལ་ཆེའི་རང་བཞིན་སྐོར་ནས་གོ་རྟོགས་ཡག་པོ་ཡོད་པ་ཡིན་ན།ཁྱིམ་ཚང་ནང་དུ་འཆམ་མཐུན་ཡོང་ཐུབ་པ་མ་ཟད། བྱིས་སྐྱོང་གི་བྱ་བར་ལམ་སློང་ཡོང་བའི་ཐད་ནས་ཀྱང་ཕན་ཐོགས་ཆེན་པོ་ཡོད། ཁྱིམ་ཚང་སློབ་གསོ་གླེང་བའི་སྐབས་སུ་ཐོག་མར་གཉེན་སྒྲིག་ཐག་གཅོད་བྱེད་སྟངས་ཀྱི་སྐོར་ནས་གླེང་དགོས་ཤིང་། དེ་ཡང་ཡོངས་ཁྱབ་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་ལུགས་གཞིར་རྩར་བཞག་སྟེ་གླེང་དགོས། ཡོངས་ཁྱབ་འགྲོ་བའི་མིའི་ཐོབ་ཐང་གི་ཁྲིམས་ལུགས་ཀྱི་དོན་ཚན་བཅུ་དྲུག་པའི་ནང་དུ་། ལོ་ཚོད་ལོན་པའི་སྐྱེས་པ་དང་བུད་མེད་སུ་ཞིག་ཡིན་ཀྱང་འགོག་རྐྱེན་གང་ཡང་མེད་པར་གཉེན་སྒྲིག་བྱེད་པ་དང་གཉེན་འཐོར་བྱེད་པའི་ཐོབ་ཐང་འདྲ་མཉམ་དུ་ཡོད་ཅེས་གསུངས་པ་ལྟར། གཉེན་སྒྲིག་གི་བྱ་བ་ཐག་གཅོད་བྱེད་དུས་རང་འཐད་རང་མོས་ཀྱིས་རང་ཉིད་ལ་འདོད་མོས་ཡོད་པའི་མི་དེར་གཉེན་སྒྲིག་བྱེད་པའི་ཐོབ་ཐང་ཡོད་པ་ཤེས་དགོས། གཉེན་སྒྲིག་གི་དོན་ཆེན་དེ་རང་ཉིད་ཀྱིས་ཐག་གཅོད་བྱེད་ཐུབ་པ་ཡིན་ན། གཉེན་བསྒྲིགས་ཏེ་ཁྱིམ་སྐྱོང་གི་བྱ་བཞག་ལ་ཞུགས་པའི་སྐབས་སུ་འགན་ཁུར་སྟངས་ཀྱི་ཐད་ནས་ཁྱད་པར་ཆེན་པོ་ཡོད་པ་དང་། ཁྱིམ་གཞི་བརྟན་པོ་ཆགས་པ་དང་ཁྱིམ་སྐྱོང་གི་བྱ་བར་ཁྱོ་ཤུག་ཐུན་མོང་གིས་མཉམ་སྒྲུབ་བྱེད་ཐུབ་པ་ཡིན། ཁ་ན་ཊའི་རྒྱལ་ཁབ་གྱི་གཉེན་སྒྲིག་ཁྲིམས་ལུགས་དུའང་གཉེན་སྒྲིག་ནི་མི་གཉིས་ཀྱི་རང་འཐད་རང་མོས་ཀྱིས་ཐག་གཅོད་བྱེད་དགོས་པ་ཞིག་ཡིན་པ་ལས། མི་གཞན་སུ་ཞིག་ལའང་བཙན་པོ་དབང་ཡོད་བྱེད་པའི་ཐོབ་ཐང་མེད་པ་དང་། ཁྱད་པར་དུ་སྤུན་སྲིང་བར་ལ་གཉེན་སྒྲིག་བྱེད་པ་དང་།ལོ་བཅུ་དྲུག་ལ་མ་སོན་པའི་བྱིས་པ་དང་ལྷན་དུ་གཉེན་སྒྲིག་བྱེད་མི་ཆོག་པ་སོགས་ཡིན། དེ་ན་ང་ཚོ་བོད་གངས་ཅན་གྱི་ཕ་མ་ཚོས་ཀྱང་རང་གི་བུ་མོའི་མི་ཚེའི་མདུན་ལམ་དང་བདེ་སྐྱིད་ལ་བསམ་བློ་བཏང་སྟེ། ཁོང་ཚོའི་གཉེན་སྒྲིག་གི་ཐོབ་ཐང་དང་རང་དབང་ལ་བརྩི་བཀུར་དང་རྒྱབ་སྐྱོར་བྱེད་དགོས། གལ་སྲིད་དེ་ལས་ལྡོག་སྟེ་རང་གི་བུ་བུ་མོའི་གཉེན་སྒྲིག་གི་ཐོབ་ཐང་དང་རང་དབང་ལ་བརྩི་མེད་རྡོག་རོལ་གྱིས་བཙན་དབང་གིས་འདོད་པ་མེད་པའི་མི་ཞིག་ལ་གཉེན་སྒྲིག་བྱེད་དུ་བཅུག་པ་ཡིན་ན། ཕ་མ་རང་ཉིད་མི་ཚེ་གང་བོར་འགྱོད་གདུང་ཁྲོད་དུ་སྡོད་དགོས་པའི་གནས་ཚུལ་འབྱུང་མི་སྲིད་པ་མིན་པས། གཉེན་སྒྲིག་གི་ཐག་གཅོད་བུ་ཕྲུག་རང་ཉིད་ལ་བྱེད་དུ་འཇུག་དགོས་པ་ཧ་ཅང་གལ་ཆེའོ།།

བློ་ཕ་ལ་འདྲི་བ་དང་གྲོས་མ་ལ་འདེབས་པ་ནི་རང་ཅག་གངས་ཅན་པ་ཚང་གི་ཕ་མེས་ནས་བརྒྱུད་པའི་སྲོལ་བཟང་ཞིག་ཡིན་ཞིང་། སྲོལ་བཟང་རྒྱུན་སྐྱོང་བྱེད་པ་དང་ཕ་མ་གོང་བཀུར་བྱེད་པ་ནི་བུ་ཕྲུག་སྙིང་རུས་དང་སྲི་ཞུ་ཅན་རྣམས་ཀྱི་རང་གཤིས་ཡིན་ཞིང་། ཕ་མ་གཉིས་གཙོས་པའི་སྙིང་ཉེ་བའི་མི་རྣམས་ལ་རང་གི་མི་ཚེའི་དོན་ཆེན་གྱི་སྐོར་ལ་བློ་འདྲི་དང་གྲོས་བསྡུར་བྱས་ན་བཟང་། ཕ་མ་ལ་བློ་འདྲི་གྲོས་བསྡུས་བྱེད་པ་ནི་གངས་ཅན་བོད་པ་ཚང་གི་བཟང་སྤྱོད་ཅིག་དང་སྲོལ་བཟང་ཞིག་ཡིན་པས། དྲིན་ཅན་ཕ་མ་གཉིས་ཐུགས་དགྱེས་པོ་ཡོང་བ་དང་། ཕ་མའི་ཐུགས་དགྱེས་ན་ཕ་མའི་ཚེ་ཐག་རིང་བ་ཡིན། ཡིན་ནའང་། ཕ་མ་དང་གཉེན་ཉེ་ཚོའི་སེམས་ལ་ངེས་དགོས་པ་ནི། བུ་དང་བུ་མོའི་གཉེན་སྒྲིག་གི་ལས་དོན་ཐག་གཅོད་བྱེད་པའི་གོ་རིམ་ཁྲོད་དུ་བློ་འདོན་ལམ་སྟོན་བྱེད་པ་ལས་བུ་ཕྲུག་རང་གི་བསམ་འདུན་ལ་རྒྱབ་འགལ་གྱི་ལམ་སྟོན་ལོག་པ་བྱེད་མི་ཉན་པ་དེ་ཡིན། ཕ་མའི་བསམ་འདུན་དང་རེ་བ་ནི་བུ་བུ་མོ་ཚོས་བདེ་སྐྱིད་ལྡན་པའི་འཚོ་བ་ཞིག་སྐྱེལ་ཐུབ་ན་ཅི་མ་རུང་བསམ་པ་དེ་ཡིན། དེ་ལྟར་ན་ཕ་མས་བློ་བཏོན་ཏེ་བུ་བུ་མོ་ཚོར་ཐག་གཅོད་བྱེད་དུ་འཇུག་དགོས། གལ་སྲིད་ཕ་མས་བུ་བུ་མོ་ཚོའི་བསམ་འདུན་ལ་རྒྱབ་སྐྱོར་མ་བྱས་པ་ཡིན་ན། བུ་བུ་མོ་ཚོས་གཉེན་སྒྲིག་གི་བྱ་བ་ཐག་གཅོད་བྱེད་པའི་གོ་རིམ་ཁྲོད་དུ་ཕ་མས་མཉམ་ཞུགས་བྱེད་རྒྱུ་ཕལ་ཆེར་ཁག་པོ་ཡིན་སྲིད། དེ་ལས་བུ་བུ་མོ་ཚོར་ཡིད་ཆེས་དང་བརྩི་བཀུར་བྱས་ཏེ་ཐག་གཅོད་བྱེད་དུ་བཅུག་ནས་ནུས་ཚོད་ཀྱིས་གཉེན་སྟོན་སོགས་ལ་མཐུན་རྐྱེན་བསྐྲུན་པ་ཡིན་ན། འཇིག་རྟེན་ལྷ་དགའ་དང་ཀླུ་དགའ་ཞེས་པའི་ངང་ཚུལ་ལྟར་བུ་བུ་མོའི་གཉེན་སྒྲིག་བྱ་བའི་མགོ་མཇུག་བར་གསུམ་དུ་མཉམ་ཞུགས་ཐུབ་པ་དང་རྒྱབ་སྐྱོར་བྱེད་ཐུབ་པ་ཡིན། དེ་འདྲ་བའི་བརྩི་བཀུར་དང་ཡིད་ཆེས་ཀྱི་རྨང་གཞི་བྱས་པའི་འབྲེལ་ལམ་གྱི་སྟེང་དུ་བུ་བུ་མོ་ཚོའི་མི་ཚེ་དོན་དང་ལྡན་པ་ཞིག་དང་འཚོ་བ་བདེ་སྐྱིད་དང་ལྡན་པ་ཞིག་སྐྱེལ་ཐུབ་པར་ཕན་གྲོགས་རྒྱ་ཆེན་པོ་ཡོད། བུ་བུ་མོ་ཚོའི་་འཚོ་བའི་ནང་དུ་བདེ་སྐྱིད་ཡོད་ན་ཕ་མའི་བློ་བདེ་ཞིང་ཡིད་ཚིམས། གལ་སྲིད་བུ་ཕྲུག་གི་གཉེན་སྒྲིག་གི་འཚོ་བར་བར་ཆད་བྱུང་སྟེ་ལམ་སློང་མ་བྱུང་བ་ཡིན་ནའང་། རང་ཉིད་ཀྱིས་བུ་ཕྲུག་གི་འདོད་མོས་དང་ཐག་གཅོད་ལ་རྒྱབ་སྐྱོར་བྱས་ཏེ་གང་ཡོང་ཅི་ཡོང་བྱས་ཡོད་བསམ་ན་སེམས་ཁུར་ཆུང་བ་ཡིན། བུ་ཕྲུག་རང་ངོས་ནས་ཀྱང་ཕ་མ་གཉིས་ཀྱིས་གང་ཡོང་ཅི་ཡོང་བྱས་སོང་བསམ་ནས་ལེ་འདེད་དང་ཁག་དཀྲི་བྱེད་ས་མེད་པར། རང་འགན་རང་གིས་ཁུར་བའི་ཕྱོགས་ནས་ཕན་ཐོགས་ཆེན་པོ་ཡོད་པར་སེམས་སོ།།

ཚན་རིག་པ་གྲགས་ཆེན་ཨ་ཡན་སུ་ཐན་མཆོག་གིས། (Albert Einstein) རང་ཉིད་ནི་ཆེས་མགོ་གཡོག་སླ་བའི་མི་དེ་ཡིན་གསུངས་ཡོད་པས། སྐྱེས་ཕོ་མོ་སུ་ཡིན་ན་རང་མགོ་རང་གིས་མི་གཡོག་པ་དེ་རྩ་དོན་ཡིན་པ་དྲན་དགོས་ཤིང་། རང་ཉིད་ཀྱི་འདམ་གའི་ཐོབ་ཐང་ལོངས་སུ་སྤྱོད་ཤེས་པ་ཙམ་གྱིས་མི་འགྲིག་པར། རང་གི་མི་ཚེའི་སྐྱ་ཡ་རུ་འདེམ་གཏན་འཁེལ་བའི་མི་དེ་ལ་རང་ཉིད་ཀྱི་དགེ་སྐྱོན་གཉིས་ཀ་དྲང་མོ་བཤད་དགོས་པ་ཡིན། གལ་སྲིད་དེ་ལས་ལྡོག་སྟེ་མ་ཡིན་ཡིན་མདོག་བྱེད་པ་དང་། མེད་ན་ཡོད་མདོན་སོགས་བསྟན་ཏེ་རང་གི་མ་འོངས་པའི་བཟའ་ཟླ་ལ་མགོ་སྐོར་གཏོང་ཐབས་བྱས་པ་ཡིན་ན། དོན་ངོ་མར་རང་གིས་རང་ལ་མགོ་སྐོར་བཏང་བ་ཡིན། གཉེན་བསྒྲིགས་ཀྱི་འཚོ་བ་ལ་བར་ཆད་བྱུང་སྟེ་མཇུག་འབྲས་ངན་པ་ཡོང་བ་ཡིན་ན། སྡུག་དེ་རང་དང་རང་གི་བུ་ཕྲུག་གིས་ཁུར་དགོས་པ་ཡིན། དེ་ན་དང་པོ་ཉིད་ནས་བསམ་པ་རྣམ་དག་གིས་སྐད་ཆ་རྫུན་མ་མི་བཤད་པ་དང་རྣམ་འགྱུར་བཅོས་མ་མི་སྟོན་པར། རང་ཉིད་མི་ག་འདྲ་ཞིག་ཡིན་པ་ངོ་སྤྲོད་གསལ་བོ་བྱེད་དགོས། རང་གིས་གཉེན་སྒྲིག་སའི་མི་དེར་རང་ཉིད་ཕར་དགའ་བ་གཅིག་པོའི་མི་ཆོག་པར། མི་དེ་རང་ཉིད་ལ་ཚུར་དགའ་མཁན་ཞིག་ཡིན་མིན་ཀྱང་ཤེས་རྟོགས་བྱེད་དགོས། དེ་ཤེས་པའི་བྱེད་ཐབས་ཡག་ཤོས་དེ་ནི་རང་ངོས་ནས་མངོན་ལྐོག་རྒྱབ་མདུན་མེད་པར་ཕྱི་གསལ་ནང་གསལ་དང་དྲང་མོ་དྲང་རྐྱང་བྱས་པ་ཡིན་ན། མི་དེར་རང་ཉིད་ལ་དོན་གྱིས་བརྩེ་བ་ཡོད་མེད་ཤེས་རྟོགས་བྱེད་ཐུབ་པ་ཡིན། གཙོ་ཆེ་ཤོས་དེ་གཉེན་སྒྲིག་ཐག་གཅོད་མ་བྱས་པའི་སྔོན་དུ་ཕན་ཚུན་ལ་རྒྱུས་ལོན་ཟབ་མོ་ཞིག་བྱེད་དགོས་པ་དེ་ཡིན། ཕྱི་རྒྱལ་བ་ཚོར་མཚོན་ན་གཉེན་སྒྲིག་མ་བྱས་སྔོན་དུ་དགའ་རོགས་བསྒྲིགས་ཏེ་ཕན་ཚུན་ལ་བརྟག་པའི་ལུགས་སྲོལ་ཡོད་པ་དང་། ཁོང་ཚོས་དགའ་རོགས་ཀྱི་འཚོ་བ་སྐྱེལ་བཞིན་པའི་སྐབས་སུ་ཕན་ཚུན་གཅིག་གིས་གཅིག་ལ་ང་ཁྱེད་ལ་དགའ་པོ་ཡོད་(I like you) ཅེས་བརྗོད་སྲོལ་ཡོད་པ་ལས། ང་ཁྱེད་ལ་བརྩེ་བ་ཡོད་(I love you) ཟེར་སྲོལ་མེད་པ་རེད། དེ་ལྟར་དུ་ང་ཚོས་ཀྱང་མི་ཚེ་མཉམ་དུ་སྐྱེལ་འདོད་སའི་མི་དེར་རྒྱུས་ལོན་ཡག་པོ་ཞིག་བྱེད་ཐུབ་ན་བཟང་བར་སྙམ། མི་གཉིས་ཀྱི་བར་དུ་བརྩེ་བ་གཙང་མ་ཞིག་ཆགས་པ་ལ་དུས་ཡུན་གང་འཚམ་ཞིག་གི་རིང་ལ་མཉམ་དུ་འགྲོགས་འདྲིས་བྱས་པ་ཡིན་ན་ཕན་ཚུན་གྱི་མི་གཞི་ཀུན་སྤྱོད་དང་། ཤེས་ཡོན་སློབ་གསོ། འཇིག་རྟེན་ལྟ་ཚུལ། ཆོས་ལུགས་དད་མོས། སྤྱི་སེམས་ལྷག་བསམ་ལ་སོགས་པའི་མི་ཚེའི་དོན་སྙིང་ལེན་སྟངས་དང་འབྲེལ་བའི་དགའ་ཕྱོགས་དང་བསམ་ཕྱོགས་གཅིག་མཐུན་ཡིན་མིན་སོགས་རྒྱུས་ལོན་ཡག་པོ་བྱེད་ཐུབ། སྐབས་དེར་གཉེན་སྒྲིག་གི་དོན་ཆེན་གཅོད་ཀྱང་བྱེད་སླ་ཞིང་། ཁྱིམ་གཅིག་ཏུ་འཛོམས་པའི་སྐབས་སུའང་དོགས་པ་རྣམ་དོག་བསྐྱེད་པའི་དཀའ་རྙོག་སོགས་མེད་པར་གཅིག་ཕན་གཅིག་གྲོགས་དང་སྐྱིད་སྡུག་མཉམ་མྱོང་གིས་འཚོ་བ་སྐྱིད་པོ་ཞིག་སྐྱེལ་ཐུབ་པ་དང་།བྱིས་པ་གསོ་སྐྱོང་དང་བྱིས་པར་སློབ་གསོ་སྤྲོད་པའི་གོ་རིམ་ཁྲོད་དུ་ཁྱོ་ཤུག་ཐུན་མོང་གིས་ནུས་པ་མཉམ་དུ་འདོན་ཐུབ་པ་ཡིན་ནོ།།

མཐའ་དོན་ང་ཚོས་མི་ཚེའི་དོན་སྙིང་འཚོལ་སྟངས་དང་འབྲེལ་བའི་ཐག་མང་བོ་ཞིག་བྱེད་དགོས་ཡོད་ཅིང་། ཐག་གཅོད་རེ་ལ་མཇུག་འབྲས་མི་འདྲ་བ་རེ་ཡོད་པ་དེ་ཤེས་རྟོགས་ཡོད་པའི་སྟེང་ནས་ནན་ཏན་གྱི་ཐག་གཅོད་བྱེད་དགོས། གཙོ་བོ་གཉེན་སྒྲིག་གི་བྱ་བ་ཐག་གཅོད་བྱེད་པའི་སྐབས་སུ་ཕྱོགས་ཡོངས་ལ་བསམ་བློ་བཏང་སྟེ་གནས་ལུགས་དང་རྒྱུ་མཚན་གཙོར་བཞག་གིས་བློ་འགྱོད་མེད་པ་ཞིག་བྱེད་དགོས་པ་གལ་ཆེ་ཞིང་། ཕ་མས་ཀྱང་བུ་ཕྲུག་གི་གཉེན་སྒྲིག་རང་དབང་ལ་བརྩི་བཀུར་དང་གཉེན་སྒྲིག་ཐག་གཅོད་ལ་རྒྱབ་སྐྱོར་བྱེད་དགོས། བུ་ཕྲུག་གིས་ཀྱང་རང་གི་མི་ཚེའི་དོན་ཆེན་དེ་ཕ་མ་ལ་བློ་འདྲི་གྲོས་བསྡུར་བྱེད་དགོས་པ་ཡིན། ལྷག་པར་དུ་རང་ཉིད་ཀྱི་གཉེན་བསྒྲིག་ས་དེ་མ་འོངས་པའི་རང་གི་བུ་ཕྲུག་གི་ཕ་འམ་མ་ཡིན་པས། མི་དེར་མགོ་སྐོར་མི་གཏོང་བར་བསམ་པ་རྣམ་དག་དང་དྲང་མོ་དྲང་རྐྱང་བྱེད་དགོས་པ་ཡིན། གཉེན་བསྒྲིགས་པ་ནི་རང་གི་མ་འོངས་པའི་ཁྱིམ་ཚང་དང་བུ་ཕྲུག་གི་ཆེད་དུ་ཡིན་པས། མི་རྒྱུ་དབང་གསུམ་གྱི་གནོན་ཤུགས་འོག་ཏུ་གཉེན་སྒྲིག་ཐག་གཅོད་མི་བྱེད་པར། བརྩེ་བ་དང་དྲང་བདེན། གུས་བརྩི་དང་ཡིད་ཆེས། རང་དབང་དང་འདྲ་མཉམ་ལ་སོགས་པའི་ཡོངས་ཁྱབ་རིན་ཐང་གི་རྩ་འཛིན་སོགས་དང་མི་འགལ་བར་ཐག་གཅོད་བྱེད་དགོས་པར་སེམས་སོ།།

བསམ་ཚུལ།

Post navigation

Previous Post: ཁ་སང་དེ་རིང་།   
Next Post: རྒྱལ་རོང་བུ་མོའི་མཐའ་མཇུག་གི་ཚེ་སྲོག

Comments (1) on “གཉེན་སྒྲིག་ཐག་གཅོད་བྱེད་སྟངས་ཐད་ཀྱི་བསམ་ཚུལ།”

  1. ཀརྡོ་རབ་འབྱམས་པ་ says:
    2020-10-24 at 1:01 pm

    བྱིས་པའི་གཉེན་སྒྲིག་དུས་རབས་རྫོགས། །
    ཕ་མས་གཉེན་སྒྲིག་ཡོད་ཡོད་ཁར། །
    འདོད་མོས་གཉེན་སྒྲིག་ལམ་གསར་བསྟེན། །
    ཕ་མ་ཕོ་མོ་བཞི་མཐུན་ལེགས། །

    གཉེན་སྒྲིག་མ་བྱས་མཐུན་གྲོགས་ཡོད། །
    གཉེན་སྒྲིག་མེད་པར་ཁེར་རྐྱང་གིས། །
    མི་ཚེ་དགའ་བདེར་བསྐྱལ་བ་མང་། །
    སྡོམ་ལྡན་ཁྲིམས་སྲུང་བདེ་བས་ལྷག །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme