Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གྲུབ་འབྲས་ཆེན་པོ་ཡིན་ཚུལ་གླེང་དགོས་དོན་གང་ཡིན་ནམ།

Posted on 2020-10-202020-10-20 By བྱ་སྒྲོ་དཀར་པོ་ 1 Comment on གྲུབ་འབྲས་ཆེན་པོ་ཡིན་ཚུལ་གླེང་དགོས་དོན་གང་ཡིན་ནམ།

འཇིགས་མེད་པ་སངས།
 
༄༅། །ཉིན་ཤས་སྔོན་ཨ་རི་གཞུང་གིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་བར་ཧ་ཅང་གྲུབ་འབྲས་ཆེན་པོ་ཡིན་ཚུལ་གླེང་མཁན་མི་ཉུང་བ་ཞིག་འདུག ང་ནི་ཕྲན་བུ་ཐེ་ཚོམས་ནང་ལྷུང་སོང་། ད་ལམ་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་ལ་བརྟེན་ནས་ཉིན་ཤས་གསར་ཤོག་སོགས་སུ་བོད་ཅེས་པའི་མིང་དེ་ཐོན་པ་ལས། དེ་ལས་ལྷག་པའི་གྲུབ་འབྲས་ཤིག་ངས་མཐོང་ཐུབ་མ་སོང་།

ཕྱི་ལོ་ ༡༩༩༧ ནས་བཟུང་སྟེ་ ༢༠༡༧ བར་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྔ་བྱུང་ཡོད། ཚང་མ་མི་ཧ་ཅང་བཟང་ཡང་ཨ་རིའི་གཞུང་གི་སྲིད་བྱུས་ལ་བརྟེན་ནས་རེ་བ་བྱེད་པ་ལྟར་ནུས་པ་ཐོན་པ་བྱུང་མེད། ཨ་རིའི་སྲིད་འཛིན་སྦིལ་ཀི་ལིན་ཊོན་ (Bill Clinton) གྱི་དུས་ཡུན་རིང་བོད་དོན་དམིགས་བསལ་འབྲེལ་མཐུད་པ་གཉིས་པོ་དེ་ Assistant Secretary གནས་རིམ་ལས། དེ་རྗེས་སྲིད་འཛིན་སྦུ་ཤུ་ (George W. Bush) དང་སྲིད་འཛིན་བ་རག་ཨོ་བ་མ་ (Barak Obama) དུས་ཡུན་སྐབས་ཀྱི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་གསུམ་པོ་དེ་ Under Secretary གནས་རིམ་ཡིན་པས་གནས་རིམ་གཅིག་མཐོ་བ་རེད། གནས་རིམ་ལ་བལྟས་ནས་བོད་དོན་ལ་ཇི་ཙམ་གནད་འགག་བརྩི་མིན་ཡང་ཚོད་དཔག་བྱེད་ཐུབ། ད་ལམ་ཉིན་ཤས་སྔོན་སྲིད་འཛིན་ཌོ་ནལ་ཌ་ཀྲ་རམ་ཕ་ (Donald Trump) ནས་སྐུ་ཞབས་རོ་བཊ་ཌེས་ཊོ་རོ་ (Robert Destro) ལ་ Assistant Secretary གནས་རིམ་མ་གཏོགས་ཕུལ་མེད་ཅིང་། དེ་ནི་དྲུང་ཆེའི་གནས་རིམ་མང་པོ་ཡོད་པ་ལས་དམའ་ཤོས་དེ་ཡིན། ཕྱི་ལོ་ ༢༠༡༧ ལོར་སྐུ་ཞབས་ཀྲ་རམ་ཕ་ཨ་རིའི་སྲིད་འཛིན་ལ་འཁོད་པ་ནས་བཟུང་ད་བར་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་རྒྱུའི་དགོངས་བཞེས་གནང་མེད་པ་དེས་ཁོང་གིས་བོད་ཀྱི་གནད་དོན་དེ་ཇི་ཙམ་གལ་ཆུང་བརྩིས་པ་གསལ་སྟོན་བྱས་ཡོད།

དེ་བཞིན་ང་ཚོའི་ངོས་ནས་ཀྱང་འཇོན་རྒྱུ་ཡོད་ན་སྐབས་དེ་དུས་ནས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་བཅུག་རྒྱུའི་ལས་ཀ་དེ་འཇོན་དགོས་ཚོད་རེད། འོན་ཀྱང་ད་བར་གང་ཡང་འཇོན་མེད། ཕྱི་ལོ་ ༢༠༠༢ ལོར་ཨ་རིའི་གྲོས་ཚོགས་ཀྱིས་གཏན་ལ་ཕབ་པའི་བོད་མིའི་སྲིད་བྱུས་ཀྱི་ཁྲིམས་ཡིག་ ༢༠༠༢ (The Tibetan Policy Act of 2002) ཞེས་པའི་ནང་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གིས་མཚོན་གནས་ཚུལ་མང་པོ་གསལ་ཡོད་ཀྱང་ཀྲ་རམ་ཕ་སྲིད་གཞུང་གིས་ལག་བསྟར་བྱས་མེད། ད་ལྟ་གཉིད་སད་པ་ལྟ་བུས་ཁོ་རང་གི་སྲིད་འཛིན་གྱི་དུས་ཡུན་རྫོགས་ཁར་གློ་བུར་དུ་བསྐོ་གཞག་གནང་བ་ནི་ཨ་རིའི་སྲིད་འཛིན་གྱི་འོས་བསྡུ་དང་འབྲེལ་བ་ཆགས་ཤིང་། དེ་ཡང་ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༣ ཉིན་ཨ་རིའི་སྲིད་འཛིན་གྱི་འགྲན་རྩོད་ནང་ཞུགས་པ་སྐུ་ཞབས་ཇོ་ཡེ་བི་དེན་ (Joe Biden) གྱིས་ཁོང་ལ་སྲིད་འཛིན་གྱི་རྒྱལ་ཁ་ཐོབ་ན་༧གོང་ས་མཆོག་མཇལ་འཕྲད་ཞུ་རྒྱུ་དང་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་རྒྱུ་སོགས་གསུངས་པ་དེའི་ཁ་གཏད་དུ་ཡིན་པ་གསལ་པོ་རེད།

དེ་བཞིན་དཔེ་མཚོན་གཞན་འགའ་ཞིག་ཞུ་ན། ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༡༨ ཉིན་རྒྱ་གར་དུ་ཡོད་པའི་ཨ་རིའི་གཞུང་ཚབ་སྐུ་ཞབས་ཀེན་ཇས་ཊར་ (Ken Juster) གྱིས་དིལླཱིར་ཡོད་པའི་སྐུ་ཚབ་དོན་གཅོད་མཇལ་བ་དང་། ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༣༠ ཉིན་འཇི་ནི་ཝར་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨ་རིའི་གཞུང་ཚབ་སྐུ་ཞབས་ཨེན་ཌུ་རུ་བེ་རེམ་སྦག་ (Andrew Bremberg) གིས་འཇི་ནི་ཝའི་སྐུ་ཚབ་དོན་གཅོད་མཇལ་བ་སོགས་བྱུང་ཡོད། དེ་དག་ནི་གཙོ་བོ་རྒྱ་ནག་ལ་བསུན་གཙེར་བཟོ་རྒྱུར་ང་ཚོ་བེད་སྤྱོད་གཏོང་བ་ལས། བོད་དོན་ལ་ཤ་ཚའི་ཐོག་ནས་བྱས་པ་མིན། གང་ལྟར་དམིགས་བསལ་འབྲེལ་མཐུད་པ་བསྐོས་རུང་མ་བསྐོས་རུང་དོན་དངོས་བོད་ཀྱི་ཆབ་སྲིད་ཀྱི་གནད་དོན་ཐོག་མཐོང་རྒྱུ་ཡོད་པའི་གྲུབ་འབྲས་གང་ཡང་བྱུང་མེད།

ད་བར་ཨ་རི་གཞུང་གིས་བོད་དོན་དཀའ་རྙོག་སེལ་ཐབས་ལ་ལྷག་བསམ་རྣམ་དག་གིས་འབད་རྩོལ་གནང་ཡོད་ཅེས་བརྗོད་མི་ཐུབ། རྒྱལ་ཁབ་སོ་སོའི་ཁེ་ཕན་ཞིག་གཞི་རྩར་བཞག་སྟེ་བོད་དོན་གླེང་སློང་གནང་མཁན་རྐྱང་རེད། ང་ཚོས་ཨ་རིའི་གཞུང་ལ་ཇི་ཙམ་ཡིད་ཆེས་ཐུབ་མིན་ནི་འདས་པའི་བྱུང་བ་ཞིག་མདུན་དུ་བཞག་སྟེ་ཞུ་ན། སྐབས་དེར་རྒྱ་ནག་དང་ཨ་རིའི་དབར་ཐད་ཀར་འབྲེལ་ལམ་མེད། བོད་ཀྱི་བསྟན་སྲུང་དང་བླངས་དམག་སྒར་ཡང་བལ་ཡུལ་གློ་ཁུལ་དུ་སྒར་བཏབ་ཅིང་། འཇབ་དམག་ཐོག་ནས་རྒྱ་ནག་གཞུང་དང་དམག་འཐབ་བྱེད་མུས་དང་། དེའི་འགྲོ་གྲོན་ཆ་ཚང་ཨ་རིའི་གཞུང་གིས་གསང་སྟབས་སུ་གཏོང་གི་ཡོད། འོན་ཀྱང་སྐབས་དེར་ཨ་རི་གཞུང་གི་ཁ་ལོ་སྒྱུར་བ་པོ་རྣམས་ཀྱི་བསམ་བློར་རྒྱ་ནག་ལ་ཆབ་སྲིད་གུ་ཡངས་དང་དམར་ཤོག་མེད་པ་བཟོ་རྒྱུའི་ཐབས་ཤེས་དེ་དག་སྒྲུབ་ཐབས་མེད་པ་དང་། ཐབས་ཤེས་གཅིག་པུ་ནི་ཁོང་ཚོའི་དཔལ་འབྱོར་ཡར་རྒྱས་བཏང་སྟེ་རྒྱལ་སྤྱིའི་ནང་འབྲེལ་བ་ཤུགས་ཆེར་འགྲོ་བ་དེའི་དབང་གིས་ཆབ་སྲིད་ལ་འགྱུར་བ་འགྲོ་བ། གང་ལྟར་དཔལ་འབྱོར་གྱི་འབྲེལ་ལམ་བརྒྱུད་ནས་མ་གཏོགས་རྒྱ་ནག་ལ་འགྱུར་བ་གཏོང་མི་ཐུབ་པ་མཐོང་ཞིང་། དེ་ཡང་རྒྱ་ནག་བཞིན་ཁྲོམ་རྭ་ཆེན་པོ་ཞིག་རྒྱལ་ཁབ་གང་དུའང་མེད་ཅིང་། གལ་ཏེ་རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་སོང་ན་ཁོང་ཚོ་ལའང་ཁྲོམ་རྭ་ཆེན་པོ་འཐོབ་རྒྱུ་སོགས་ཀྱི་དམིགས་ཚད་བཟུང་འདུག ཕྱི་ལོ་ ༡༩༧༡ ཟླ་ ༤ པའི་ནང་ཉི་ཧོང་དུ་ཚུགས་པའི་འཛམ་གླིང་པིང་པོང་འགྲན་བསྡུར་ (World Table Tennis Championship, Japan) ནང་ཨ་རི་དང་རྒྱ་ནག་གི་རྩེད་མོ་བ་མཉམ་ཞུགས་ལ་བརྟེན་ནས་མཐར་དེ་ནས་ཨ་རིའི་པིང་པོང་རྩེད་མོ་བ་རྒྱ་ནག་ཏུ་ལྟ་སྐོར་དུ་བསྐྱོད་པ་སོགས་ལས། པིང་པོང་གྱ་གྱུའི་འཐབ་བྱུས་ (Ping Pong Diplomacy) ཞེས་པའི་ཐོག་ནས་ཕྱི་ལོ་ ༡༩༧༡ ཟླ་ ༧ ནང་སྐབས་དེའི་ཨ་རིའི་རྒྱལ་ཡོངས་སྲུང་སྐྱོབ་སློབ་སྟོན་པ་ (National Security Advisor) སྐུ་ཞབས་ཧེན་རི་ཀི་སིན་ཇར་ (Henry Kissinger) གསང་སྟབས་སུ་རྒྱ་ནག་ཏུ་བསྐྱོད་ཐུབ་པ་བྱུང་བ་དང་། དེའི་འབྲས་བུར་ཕྱི་ལོ་ ༡༩༧༢ ཟླ་ ༢ ཚེས་ ༢༡ ཉིན་ཨ་རིའི་སྲིད་འཛིན་རི་ཅར་ཌི་ནིཀ་སན་ (Richard Nixon) རྒྱ་ནག་ཏུ་འབྱོར་ཏེ་གནས་ཚུལ་མང་པོ་ཞིག་འགྱུར་བ་ཕྱིན་པར་བརྟེན། ཕྱི་ལོ་ ༡༩༧༤ ནང་ཉིན་གཅིག་ལ་གློ་དམག་སྒར་གྱི་འགྲོ་གྲོན་ཡོངས་རྫོགས་ཡུར་ཆུ་བཅད་པ་ལྟ་བུས་སྐབས་དེར་གློ་དམག་སྒར་གྱི་དམག་མི་རྣམས་ལ་མཚོན་ཆ་སོགས་ལྟ་ཞོག ཐ་ན་བཟའ་བཏུང་སོགས་ཀྱི་དཀའ་ངལ་ཡང་ཚད་མེད་བྱུང་འདུག དེའི་ཞར་བྱུང་ལྟ་བུར་དམག་སྒར་གྱི་དངོས་ཆས་ལྷག་མ་བགོ་བཤའ་བྱེད་སྟངས་སོགས་ལ་མ་འཆམ་པ་བྱུང་སྟེ་ཕྱོགས་གཉིས་སུ་གྱེས་ཏེ་ད་བར་ང་ཚོའི་སྤྱི་ཚོགས་ནང་རྙོག་ཁྲ་བར་མ་ཆད་པར་ཡོང་བའང་དེ་ལ་ཐུག་ཡོད། གང་ལྟར་ཨ་རིའི་གཞུང་ལ་རྒྱ་ནག་ནས་ཁེ་ཕན་གྱི་གོ་སྐབས་ཤིག་བྱུང་ཚེ་བོད་དོན་ཆབ་སྲིད་ཀྱི་ཡོ་ཆས་ལ་བེད་སྤྱོད་གཏང་རྒྱུ་ཐག་ཆོད་རེད། ཡིན་ནའང་ང་ཚོ་བོད་མི་རྣམས་ནི་ཞལ་ནས་ཨ་རི་ཨ་རི་མ་གཏོགས་མེད་ལ། བཙན་བྱོལ་བོད་གཞུང་གི་མཛད་གཙོ་རྣམས་ཀྱང་ཨ་རི་ལ་ཡིད་དབང་འཕྲོག་པའི་ངང་རེད་འདུག

བསམ་ཚུལ།

Post navigation

Previous Post: གསོ་བ་རིག་པ་ཞེས་པའི་མིང་གི་ཐད་ཀྱི་འབོད་སྐུལ།
Next Post: དུས་ཀྱི་ཆོ་འཕྲུལ།

Comments (1) on “གྲུབ་འབྲས་ཆེན་པོ་ཡིན་ཚུལ་གླེང་དགོས་དོན་གང་ཡིན་ནམ།”

  1. ཚེ་བརྟན་འགྱུར་མེད། says:
    2020-10-24 at 2:36 pm

    འགྲུབ་འབྲས་ཆེན་པོ་ཡིན་དང་ཆུང་ཆུང་ཡིན་མིན་གྱི་ཚིག་ལ་བརྩོད་པ་བྱས་ནས་ཕན་རྒྱུ་དང་གནོད་རྒྱུ་གང་ཡང་མི་མཐོང། སྲིད་སྐྱོང་སྒེར་ལ་མཚོན་ན་འགྲུབ་འབྲས་ཆེ་ཤོས་ནི་སྲིད་སྐྱོང་གི་ཞབས་སྟེགས་ཐོབ་རྒྱུ་དེ་རེད། གནས་དོན་དེའི་ཐད་ཞུས་ན་ཁོ་རང་ལ་ལོ་བཅུ་ཆ་ཚང་ཐོབ་རེད། བོད་སྤྱི་པའི་གནས་དོན་ལ་བསམ་ན་ང་ཚོར་འདོད་པ་མེད་བཞིན་དུ་ཡོད་བཞིན་པའི་བོད་དོན་དམིགས་བསལ་འབྲེལ་མཐུད་པའི་མི་ངོ་དེ་ཊམ་སྲིད་གཞུང་གི་མེད་པར་བཟོས་པ་ཟེར་ནའང་རེད་ལས་སྣེར་མ་བཀོད་པར་ས་སྟོང་དུ་བཞག་པ་ད་ཆ་སླར་མི་ངོ་བཀོད་ཐུབ་པ་དེ་རྒྱལ་ཁའམ་འགྲུབ་འབྲས་ཞིག་རེད་སྙམ། འགྲུབ་འབྲས་ཆེན་པོ་ཡིན་ཚུལ་གྱི་རྒྱུ་མཚན་གཞན་གྱི་བཀོད་ཡོད་མེད་ངས་མ་འཚོར་ཀྱང་ང་རང་བློ་རྒྱ་ཆུང་ཆུང་གི་བསམ་ཞིབ་བྱས་ན་ཊམ་སྲིད་གཞུང་སྐབས་གཞུང་གི་ལས་སྣེ་གལ་ཆེ་མང་པོ་ཞིག་མ་བཀོད་པར་ལུས་པའི་གནད་དོན་ལ་སྐད་རྒྱབ་མཁན་མང་པོ་ཡོད་ཀྱང་བོད་དོན་འབྲེད་མཐུད་པ་དེ་བཀོད་ཐུབ་པ་ལ་བརྟེན་ན་ཆེན་པོར་གླེང་ནའང་མི་ཆོག་པ་གང་ཡོད།

    ང་རང་ཚོ་བོད་མི་འགའ་རེ་ལ་རང་བཙན་ལག་པར་སྤྲོད་དགོས་མཁན་ཞིག་བྱུང་ན་འགྲུབ་འབྲས་ཆེན་པོར་ངོས་འཛིན་ཞུ་ཡང་རྒྱ་མི་སྲིད་གཞུང་གིས་བོད་མི་མིན་པ་ཞིག་གིས་བོད་པའི་ཁ་བཏགས་ཞིག་གྱོན་ནའང་བོད་མིར་འགྲུབ་འབྲས་སུ་ངོས་ཤེས་ཀྱིས་མི་བདེ་པའི་སྐད་ཤོར་གྱི་མིན་འདུག་གམ། འཇིག་རྟེན་ལས་ལ་ལོས་ཡིན་འཇིག་རྟེན་ལས་འདས་པའི་ལས་ལའང་རང་ལ་ཁེ་ཕན་ཞིག་དངོས་སུ་མི་བསམ་ནའང་ཤུགས་ཀྱི་ཡོང་གི་ཡོད་པ་ཤེས་པའི་ཐོག་ནས་གཞན་ཕམ་དུ་བསམ་སྦྱོར་མི་ཞུའམ། ཕམ་ཐོག་བྱེད་མཁན་པ་དགའ་བ་སྒོམ་ལོག་འགྲེལ་མི་ཞུ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (94)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (65)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme