Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཆོས་ལུགས་ཀྱི་མཚམས་ལས་འདས་པའི་འཇིག་རྟེན་སྤྱི་སྨན་གྱི་བཟང་སྤྱོད་བཀླགས་པའི་བརྗེད་བྱང་། 8

Posted on 2020-10-12 By ཁ་བརྡ No Comments on ཆོས་ལུགས་ཀྱི་མཚམས་ལས་འདས་པའི་འཇིག་རྟེན་སྤྱི་སྨན་གྱི་བཟང་སྤྱོད་བཀླགས་པའི་བརྗེད་བྱང་། 8

བློ་བཟང་རིན་ཆེན།
 
སྔོན་གླེང་།

ང་ནི་གྲོགས་པོ་ནང་ཁུལ་ལ་རྩོད་པ་རྒྱག་རྒྱུར་ཧ་ཅང་དགའ། བརྗོད་བྱ་བྱེ་བྲག་པ་ཞིག་གི་ཐོག་ལ་རྩོད་པ་བྱེད་སྐབས། མཚམས་རེར་རང་གི་ཞེ་ཕུག་གི་འདོད་པ་མིན་ཡང་། དགག་ཕྱོགས་ནས་བསམ་ཚུལ་བརྗོད་དེ་རྩོད་པ་ལྷུར་ལེན་བྱས་མྱོང་། བསམ་ཚུལ་བརྗེ་རེས་སམ་རྩོད་པ་རྩོད་ལན་གྱི་སྐབས་སུ་གྲོགས་པོ་ཕན་ཚུན་ཁོང་ཁྲོ་ལངས་ཏེ་ཉིན་ཤས་ལ་ཁ་གཏམ་ཆད་པའི་གཏམ་རྒྱུད་མང་པོ་བྱུང་མྱོང་། ཁ་གཏམ་ཆད་པའི་སྐབས་སུ་མི་སྐྱིད་པ་རེ་ཡོད་ཀྱང་སྔོན་ཆད་ཀྱི་བྱུང་བར་ཕྱི་མིག་རེ་བལྟས་ཚེ་དགོད་སྤྲོ་བ་ཞིག་རེད།

དོ་ནུབ་ཡང་རྟེན་འབྲེལ་ཀྱི་རྟགས་ཀྱིས་མྱུ་གུ་བདེན་མེད་དུ་སྒྲུབ་པའི་ཕྱི་རྒོལ་ཡང་དག་གིས་རྟེན་འབྲེལ་ལ་བདེན་མེད་ཀྱིས་ཁྱབ་པ་རྟོགས་མིན་ཐོག་ནས་རྩོད་པ་བྱས་ཏེ་གྲོགས་པོ་ཞིག་རླུང་ལངས་པར་བྱས། གྲོགས་པོ་ཁོང་གིས་ཟེར་རྒྱུར། སྐབས་ཀྱི་ཕྱི་རྒོལ་ཡང་དག་གིས་རྟེན་འབྲེལ་ལ་བདེན་མེད་ཀྱིས་ཁྱབ་པ་མ་རྟོགས་པ་པཎ་ཆེན་བསོད་ནམས་གྲགས་པའི་མཐའ་དཔྱོད་དུ་ལུང་ཁ་གསལ་ཡོད་རེད་ཟེར། དེ་ནས་ངས་”མཐའ་དཔྱོད་ནི་འདི་ལ་འདུག ཁྱེད་ཀྱང་འདི་ན་འདུག ལུང་དེ་སྟོན་དང “ཟེར་བཞིན་ངས་མཐའ་དཔྱོད་ཨུ་ཚུགས་ཀྱིས་ཁོ་ལ་སྤྲད་པ་ཡིན། ངས་རྩོད་པ་ཧུར་ལེན་པའི་རྣམ་འགྱུར་གྱིས་ཁོ་རང་རླུང་ལངས་བཅུག་སོང་། དེ་ནས་ང་ཚོའི་རྩོད་པ་རིམ་གྱི་ཤུགས་ཆུང་དུ་སོང་སྟེ་མཐར་རང་རང་སོའི་སོའི་ཤག་ལ་ལོགས་དགོས་བྱུང་། དེ་ནས་ངས་ག་ལེར་<<ཆོས་ལུགས་ཀྱི་མཚམས་ལས་འདས་པའི་འཇིག་རྟེན་སྤྱི་སྨན་གྱི་བཟང་སྤྱོད་>>ཀྱི་ མིའི་རང་བཞིན་ལ་བཟང་སྤྱོད་ཀྱི་རྩ་བ་འཛུགས་པ་ཞེས་པའི་ཚན་པ་འདི་བཀླགས་ཏེ་གཤམ་ལ་བརྗེད་ཐོ་ཞིག་འབྲི་འདོད་བྱུང་།

མིའི་རང་བཞིན་ལ་བཟང་སྤྱོད་ཀྱི་རྩ་བ་འཛུགས་པ།

གོ་ལ་ཧྲིལ་པོ་འདིའི་སྟེང་གི་རིག་གཞུང་དང་ལྟ་གྲུབ། སྒེར་གྱི་བསམ་ཚུལ་བཅས་ཐམས་ཅད་ཀྱི་ཁྲོད་དུ། འགྲོ་བ་མིའི་རང་བཞིན་གྱི་གལ་ཆེའི་དམིགས་ཡུལ་ཐད་ཐུན་མོང་གི་བསམ་ཚུལ་གཅིག་མཐུན་ཞིག་མེད་ཅིང་། བསྡུ་ན་ཕྱོགས་གསུམ་དུ་བསྡུ་ཆོག་སྟེ་མི་འགའ་ཤས་ཀྱིས་འགྲོ་བ་མིའི་གཞི་རྩའི་རང་བཞིན་ནི་དྲག་རྩུབ་དང་བཙན་ཤེད། རང་རྒྱལ་གཞན་ཕམ་འདོད་མཁན་ཞིག་ཡིན་པར་ལྟ་ཞིང་ཡིད་ཆེས་བྱས་ཡོད། ཕྱོགས་གཅིག་གིས་འགྲོ་བ་མིའི་གཞི་རྩའི་རང་བཞིན་ནི་བྱམས་བརྩེའི་བདག་ཉིད་དང་ཡ་རབས་སྤྱོད་བཟང་ཞིག་ཏུ་ལྟ་ཞིང་ཡིད་ཆེས་བྱས་ཡོད། མང་པོ་ཞིག་གིས་ལྟ་ཚུལ་དེ་གཉིས་ཀྱི་དབུས་ལ་གནས་ཏེ་འགྲོ་བ་མིའི་ཁྱད་ཆོས་དང་མངོན་འདོད་ཚང་མར་རིམ་པ་འདྲ་མིན་ཐོག་ནས་འགྲིག་མཐུན་བྱེད་ཀྱི་ཡོད་པ་དེའོ།།

ལྟ་ཚུལ་དེ་དག་ལས་གང་ཞིག་ཡང་དག་པ་ཡིན་མིན་ལ་ངེས་ཤེས་མ་རྙེད་ཀྱང་། འགྲོ་མིའི་གཞི་རྩའི་རང་བཞིན་བྱམས་བརྩེ་དང་ཡ་རབས་སྤྱོད་བཟང་ཡིན་པའི་ཕྱོགས་ལ་དགའ་ཞིང་གུས། དེ་ནི་རྒྱུ་མཚན་གང་ཡང་མེད་པར་ལྐུག་པའི་ཨུ་ཚུགས་ལྟ་བུ་མ་ཡིན་པར། འགྲོ་བ་མིའི་གཞི་རྩའི་རང་བཞིན་བྱམས་བརྩེ་ལྡན་པ་ཞིག་ཡིན་པའི་སྐོར་ལ་མཚན་སྙན་ཆེ་བའི་ཚན་རིག་པ་མང་པོས་འགྲེལ་བཤད་གནང་ཡོད་པ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་གསུང་ལས་ཡང་ཡང་གོ་མྱོང་། མ་ཟད་ལོ་ངོ་ཉིས་སྟོང་ལྔ་བརྒྱ་ལྷག་གི་ཡར་སྔོན་དུ་བྱོན་པའི་སྟོན་པ་ཤཱཀྱ་ཐུབ་པ་དང་ཁོང་གི་རྗེས་འཇུག་རྣམས་ཀྱིས་ནན་ཏན་དུ་གདམས་པ་དེར་རྒྱུ་མཚན་མེད་པ་ག་ལ་སྲིད། ད་དུང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཤར་ནུབ་ཀྱི་མི་རིགས་ཐམས་ཅད་ལ། འགྲོ་བ་མིའི་གཞི་རྩའི་རང་བཞི་བྱམས་བརྩེ་ལྡན་པ་ཞིག་ཡིན་པའི་འགྲེལ་བཤད་ནན་ཏན་དུ་གནང་བཞིན་པ་དེ་ནི་རྒྱུ་མཚན་མེད་པ་ཞིག་ག་ལ་ཡིན།

2020/9/14 བློ་བཟང་རིན་ཆེན་གྱིས་བྲིས།

སྣ་ཚོགས།

Post navigation

Previous Post: སངས་རྒྱས་མཆོད་པ།
Next Post: ཧ་ཤང་དང་འབྲེལ་བའི་དྲིས་ལན་ཁ་ཐུག་མ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (70)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme