Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཆོ་མི་འདུག་གི་ཆོ་མེད་ལས་ཀ་ཐེར་འདོན།

Posted on 2020-09-28 By ཁ་བརྡ 12 Comments on ཆོ་མི་འདུག་གི་ཆོ་མེད་ལས་ཀ་ཐེར་འདོན།

གངས་སྨྱུག
 
ང་ཚོའི་སྤྱི་ཚོགས་ནང་ལ། འགན་ཁུར་གྱི་ཡོད་པའི་རྣམ་པ་བསྟན་ནས་གོ་སྐབས་ནམ་ཡོད་ལ་དགོས་མེད་རྙོག་དྲ་སློང་མཁན་རིགས་གཅིག་ཡོང་གི་ཡོད། ཁ་ཤས་ཀྱིས་འདི་འདྲ་ནི་སྤྱི་ཚོགས་གང་སར་ཡོང་གི་ཡོད་པ་དང་། རྒྱུན་ལྡན་ཞིག་རེད་ཅེས་བཤད་ནས་དེ་དག་ལ་དུས་བསྟུན་གདོང་ལེན་བྱེད་མི་དགོས་པར་ལྟ་མཁན་ཡོད་ཀྱང་། སྤྱི་ཚོགས་གང་སར་འདིའི་རིགས་ལ་དོགས་ཟོན་དང་གདོང་ལེན་བྱེད་ཀྱིན་ཡོད། དེ་ནི་སྤྱི་ཚོགས་བདེ་འཇགས་ཀྱི་ཆེད་དུའང་རེད།

བཙན་བྱོལ་བོད་མིའི་སྤྱི་ཚོགས་ལ་མཚོན་ན། སྤྱི་ཚོགས་དཀྲུགས་ཐབས་ལ་འབད་པ་བྱེད་མཁན་དེ་འདྲ་མཚམས་མི་ཆད་པར་བྱུང་ཡོད། རྒྱ་གུང་ཁྲན་དང་ལྐོག་འབྲེལ་ཡོད་མཁན་དང་། ཐེ་ཝན་བོད་སོག་ལས་ཁུངས་དང་འབྲེལ་བ་ཡོད་མཁན་ཡིན་ན། ཕལ་ཆེར་སྤྱི་ཚོགས་ནང་ལ་རྙོག་དྲ་སློང་མཁན་འདྲ་བོ་རེད། འདས་པའི་ལོ་རྒྱུས་ཀྱི་ནང་ལ་འདི་འདྲ་ཞིག་གསལ་ཡོད། ཡང་། དགྲ་བོ་རྒྱ་དམར་དང་བོད་སོག་ལས་ཁུངས་ལ་འབྲེལ་བ་མེད་ནའང་བསམ་བློ་གཏོང་སྟངས་ནོར་བ་དང་། ཆབ་སྲིད་པ་ཉི་ཚེ་བ་ཚོའི་གཡོ་བྱུས་དང་བསླུ་བྲིད་ཀྱི་དབང་དུ་ཤོར་ནས་སྤྱི་ཚོགས་ནང་རྙོག་དྲ་བཟོ་བཞིན་པའང་ཡོད། གང་ལྟར། འདི་ཚང་མ། དགོས་མཁོ་མེད་པ་དང་། ཐེར་འདོན་བྱེད་དགོས་པའི་གྲས་ཆགས་ཡོད།

ཧྥ་རན་སི་ལ་གནས་སྡོད་བྱེད་མཁན་བསྟན་འཛིན་ལུང་རྟོགས་སམ་དྲ་མིང་ལ་ཆོ་མི་འདུག་ཟེར་མཁན་དེ་ནི་སྤྱི་ཚོགས་ནང་ལ་རྙོག་དྲ་སློང་མཁན་ཞིག་ཡིན་པའི་དོགས་པ་སྐྱེས་སོང་། གཤམ་ལ་ཁོས་རྙོག་དྲ་བཟོ་གི་ཡོད་པའི་བྱ་སྤྱོད་ཁ་ཤས་ར་སྤྲོད་བྱེད་ཀི་ཡིན། འདི་ཚོ་ནི་དཔེ་མཚོན་ཙམ་ལས་ཁོས་འདི་ལས་བརྒལ་བའི་རྙོག་དྲ་བཟོ་བའི་ལས་ཀ་བྱས་མེད་པ་མིན། ཁོ་རང་ནི་ཕལ་ཆེར་བོད་ཡིག་འབྲི་ཀློག་གཉིས་ཀ་གང་ལ་གང་འཚམ་ཤེས་ཀྱི་ཡོད་བཟོ་འདུག དེ་ནི་ཁོས་སྤྱི་ཚོགས་དཀྲུགས་རྐྱེན་དུ་བེད་སྤྱོད་གཏོང་གི་འདུག

བལ་ཡུལ་དུ་གནད་སྡོད་གཞས་པ་ཀརྨ་ཚེ་དབང་གིས་སྲིད་སྐྱོང་འོས་མི་སྤེན་པ་ཚེ་རིང་ལ་བསྟོད་པའི་གཞས་ཤིག་བཏང་ཡོད་པ་དེ། ཡུ་ཊོབ་མིང་ལ་པོ་ཏཱ་ལ་བྲིས་ཡོད་པ་ཞིག་གིས་ཡུ་ཊོབ་ནང་བཞག་འདུག གཞས་དེ་བསྟན་འཛིན་ལུང་རྟོགས་སམ་ཆོ་མི་འདུག་ཟེར་བ་དེས་ཡུ་ཊོབ་ནས་ངོ་དེབ་ནང་འདྲེན་བཀོད་བྱས་ཡོད། གཞས་དེ་ནི་སྤེན་པ་ཚེ་རིང་ལ་བསྟོད་གཞས་ཤིག་རེད། བསྟོད་གཞས་ཀྱི་མིང་ལ་༼༢༠༢༡་སྲིད་སྐྱོང་༽ ཞེས་བཀོད་འདུག ཡིན་ནའང་། ཆོ་མི་འདུག་ནས་ངོ་དེབ་ནང་འདྲེན་བཀོད་བྱས་པའི་སྐབས་ལ་གཞས་མིང་ལ་འགྱུར་བ་བཏང་སྟེ།་༼ས་སྐྱ་གོང་མ་ལ་བསྟོད་པ་༽ཞེས་བཀོད་ཡོད། དེ་ནི་གཅིག་ནས་ས་སྐྱ་གོང་མ་མཆོག་ལ་ལ་མ་གུས་པའི་རྣམ་པ་དང་། གཉིས་ནས་སྤེན་པ་ཚེ་རིང་གི་ཆེ་མཐོང་ལ་གནོད་རྐྱེན་དུ་འགྲོ་བར་དམིགས་པའི་ལས་ཀ་རེད། དོན་ལ་འདི་ནི་སྤྱི་ཚོགས་ནང་ལ་ཟིང་ཆ་སློང་ཐབས་ཤིག་རེད། འདིའི་ངོས་ནས་བལྟས་ན། བསྟན་འཛིན་ལུང་རྟོགས་སམ་ཆོ་མི་འདུག་ནི་འདི་འདྲའི་རིགས་སྤེལ་ནས་སྤྱི་ཚོགས་ནང་ལ་རྙོག་ཟིང་སློང་བར་འབད་མཁན་ཞིག་ཡིན་པ་གསལ་པོ་རེད།

ད་དུང་ཁ་གསལ་དུ་བཏང་ནས་བཤད་ན། སྤྱི་ཟླ་དགུ་པའི་ཚེས་བཅོ་བརྒྱད་ཉིན་ཁོས་གཞས་དེའི་ཁ་བྱང་ལ་འགྱུར་བ་་དེ་བཏང་ནས་ངོ་དེབ་སྟེང་སྤེལ་ཡོད། དེ་ནི་ས་སྐྱ་གོང་མ་རིན་པོ་ཆེའི་འཁྲུངས་སྐར་ཉིན་མོར་འཁེལ་ཡོད། ཆུ་ཚོད་ཀྱི་ཆ་ནས་བལྟས་ན། ཧྥ་རན་སིའི་ཞོགས་པའི་ཆུ་ཚོད་ལྔ་པ་དང་ཕྱེད་ཀ་ཙམ་ལ་ངོ་དེབ་ཏུ་སྤེལ་བ་ཞིག་རེད། ཐོག་མར་པོ་ཏ་ལ་ཟེར་བ་དེས་གཞས་ཀྱི་ཁ་བྱང་བརྗེས་ཏེ་ཡུ་ཊོབ་ནང་སྤེལ་བའི་བཟོ་ལྟ་ཐོན་པ་བྱས། དེའི་རྗེས་ལ་བསྟན་འཛིན་ལུང་རྟོགས་ནས་གཞས་དེ་ངོ་དེབ་ཏུ་སྤེལ་ནས་དེར་བལྟ་ཉན་བྱེད་མཁན་འདི་འདྲ་བྱུང་འདུག་ཅེས་རིམ་པས་སྤྱི་ཚོགས་ཀྱིས་དོ་སྣང་ཡོང་ཐབས་བྱས་ཡོད། དོ་སྣང་སྤེལ་སྟངས་དང་ཧུར་བརྩོན་བྱེད་སྟངས་འདི་ལ་བལྟས་ན། ཡུ་ཊོབ་ནང་སྤེལ་མཁན་པོ་ཏ་ལ་དང་ངོ་དེབ་ཏུ་སྤེལ་མཁན་བསྟན་འཛིན་ལུང་རྟོགས་སམ་ཆོ་མི་འདུག་གཉིས་ནི་མི་གཅིག་གི་ཆོ་འཕྲུལ་ལོགས་ཀ་གཉིས་ཡིན་པའི་དོགས་གཞི་ཆེ་རུ་འགྲོ་བ་ཞིག་རེད།

གནས་ཚུལ་འདི་འདྲ་ཆགས་པར་བརྟེན། གཞས་པ་ཀརྨ་ཚེ་དབང་གིས་ཡུ་ཊོབ་ལ་འབྲེལ་བ་བྱས་ནས། ཁོ་རང་གི་གཞས་དེ་གཞན་གྱིས་རྐུན་མ་བརྒྱབ་པ་དང་། གཞས་མིང་བརྗེས་ཤིང་བེད་སྤྱོད་ལོག་པ་གཏོང་གི་ཡོད་པའི་སྐོར་བཤད་ནས། ཡུ་ཊོབ་ནས་འགོག་ཏུ་བཅུག་འདུག ཡུ་ཊོབ་ནས་འགོག་བཅུག་མཁན་ནི་གཞས་པ་ཀརྨ་ཚེ་དབང་རེད་འདུག

གཞས་དེ་ཡུ་ཊོབ་དྲ་ལམ་དུ་ཐོག་མར་ག་དུས་སྤེལ་འདུག་གམ་ཟེར་ན། སྤྱི་ཟླ་དགུ་པའི་ཚེས་བཅོ་ལྔ་ལ་སྤེལ་འདུག སྤེལ་མཁན་ནི་གཞས་པ་ཀརྨ་ཚེ་དབང་ཁོ་རང་རེད། ཁོང་གིས་ཡུ་ཊོབ་ནང་ལ་སྤེལ་འདུག

གང་ལྟར་དྲ་ལམ་ནས་གང་བྱུང་མང་བྱུང་གིས་རྐུ་མ་བརྐུ་བ་དང་གཞས་ཀྱི་ཁ་བྱང་ལ་བཟོ་བཅོས་བརྒྱབ་ནས་བེད་སྤྱོད་ལོག་པར་བཏང་བ་ནི་བྱ་སྤྱོད་ཡག་པོ་ཞིག་མ་རེད་ལབ་ནས་སྐྱོན་བརྗོད་རིམ་པ་བྱུང་སྟབས། བསྟན་འཛིན་ལུང་རྟོགས་ཀྱིས། ཡུ་ཊོབ་ནས་བཀག་འདུག ད་ནི་ཁོ་རང་གིས་ཀྱང་སྤེལ་མཚམས་འཇོག་གི་ཡིན་མདོག་མདོག་བཤད་ཡོད། དོན་ལ་སྤྱི་ཚོགས་ནང་ལ་ཟིང་ཆ་སློང་ཐབས་ལས་ཕན་སེམས་མིན་པ་ནི་མཐོང་སླ།

ཡང་ང་ཚོའི་སྤྱི་ཚོགས་ཀྱི་ངོས་འཛིན་ལ། དོལ་རྒྱལ་བསྟེན་ནས་རྒྱ་གུང་ཁྲལ་ལ་ལག་འབྲེལ་དང་། དངུལ་དངོས་ཁོ་ན་ལ་བསམ་ནས་ཐེ་ཝན་བོད་སོག་ལས་ཁུངས་ལ་ལག་འབྲེལ་བྱེད་མཁན་གླེང་སྐབས། དེ་ནི་ཆོལ་ཁ་བྱེ་བྲག་པ་ཞིག་གི་མི་ཁོ་ན་ཡིན་པ་དང་འདྲ་ཞིག་བཤད་མཁན་ཡོད་ནའང་། དེ་ནི་ཆོལ་ཁ་བྱེ་བྲག་པ་གཅིག་ཁོ་ན་མིན། དབུས་གཙང་བ་དང་། མདོ་ཁམས་པ། ཨ་མདོ་བ་ཚང་མའི་ནང་ཡོང་གི་ཡོད་པ་རེད། དཔེར་ན། བསྟན་འཛིན་ལུང་རྟོགས་སམ་ཆོ་མི་འདུག་ནི་དབུས་གཙང་བ་ཡིན་པ་ལྟ་བུ་རེད། ཨ་མདོའི་ནང་ལའང་ཀླུ་མཁར་བྱམས་ལྟ་བུ་༸གོང་ས་མཆོག་ལ་མཚན་སྨད་ཞུ་མཁན་དེ་འདྲ་ཡོད་པ་རེད། དེ་དག་ལ་ད་དུང་རྒྱུག་ཁྱི་དེ་འདྲ་ཡང་ཡོད་པ་རེད།

བསྟན་འཛིན་ལུང་རྟོགས་ཟེར་བ་འདིས། ད་དུང་ཉེ་ཆར་ཟིང་ཆ་སློང་ཐབས་གཞན་ཡང་བྱས་ཡོད། ཨ་རིའི་ནེའུ་ཡོག་གི་བོད་རིགས་ཉེན་རྟོག་པ་ཞིག་གིས་རྒྱ་ནག་གི་སོ་མྱུལ་བའི་ལས་ཀ་བྱས་པ་ལ་བརྟེན་ནས་ཨ་རི་གཞུང་གིས་འཛིན་བཟུང་བྱས་ཡོད། དེ་དང་དེའི་སྐོར་གྱི་གནས་སྟངས་གསལ་བའི་ཡིག་ཆ་ཤོག་ངོས་ཉི་ཤུ་རྩ་གྲངས་ཅན་ཞིག་ཡོངས་བསྒྲགས་གནང་ཡོད། ཡིག་ཆ་དེའི་ནང་། འོས་འདེམས་ཀྱི་སྐོར་ཞིག་གླེང་ཡོད། བསྟན་འཛིན་ལུང་རྟོགས་ཀྱིས་དེ་ལོག་འགྲེལ་བྱས་ནས་སྤེན་པ་ཚེ་རིང་ནག་པོ་བཟོ་ཐབས་བྱས་ཡོད།

ཡིག་ཆ་དེའི་ནང་འོས་བསྡུའི་སྐོར་གསལ་བ་དེའི་དོན་དག་དངོས་ནི། ༼༡༩ སྤྱི་ལོ་2019ཟླ་2ཚེས་13ཡས་མས་ཤིག་ལ་ངག་དབང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལས་བྱེད་པ་གཉིས་པ་ཟེར་བ་ཞིག་ལ་ཐུག་འཕྲད་བྱས་པ་དང་ཁོ་ལ་“འགོ་གཙོ་”ཞེས་འཚམས་འདྲི་བྱས། བོད་རིགས་ཨ་མེ་རི་ཁའི་མི་སེར་ཡིན་ལབ་མཁན་ངག་དབང་གིས་སྐབས་སྔོན་མའི་འོས་བསྡུའི་སྐབས་དབང་ཆ་ཐོབ་ཐབས་བྱས་ལ། ངག་དབང་གིས་“དྲིལ་བསྒྲགས་ལས་འགུལ་ལ་རྒྱལ་ཁ་མ་ཐོབ་ཀྱང་། མི་འདི་གས་མངོན་གསལ་དོད་པོས་མ་འོངས་པར་བསྐྱར་དུ་དབང་ཆ་རྩོད་ལེན་བྱ་རྒྱུའི་འཆར་གཞི་བསྒྲིགས་ཡོད་”ཅེས་བརྗོད་ཡོད། ངག་དབང་གིས་“ངའི་བསམ་པར་མི་འདི་ལ། མི་འདི་ལ་ཆབ་སྲིད་ཀྱི་མདུན་ལམ་ཡག་པོ་ཞིག་ཡོད་པར་སྙམ་”ཞེས་གོ་བརྡ་སྤྲད་པ་དང་། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལས་བྱེད་པ་གཉིས་པ་ལ་ཁོའི་ལས་ཀའི་བརྒྱུད་རིམ་དང་ནང་མི་བཅས་སྒེར་གྱི་ལོ་རྒྱུས་ཞིབ་ཕྲ་མཁོ་སྤྲོད་བྱས། ངག་དབང་གིས་ད་དུང་“བྱས་ཙང་མི་འདི་འོས་འདེམས་བྱ་ཐུབ་ཚེ། ཁོ་དང་ཁྱོད་ཀྱིས་རྒྱ་ནག་ལ་ཡུལ་སྐོར་འགྲུལ་བསྐྱོད་ཅིག་གོ་སྒྲིག་བྱེད་ཐུབ་ལ། ངའི་བསམ་པར་གསར་འགྱུར་འདིས་ཤུགས་རྐྱེན་ཧ་ཅང་ཡག་པོ་ཞིག་སྤྲོད་ཐུབ་སྙམ་”ཞེས་ཀྱང་བརྡ་སྤྲད་ཡོད། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལས་བྱེད་པ་གཉིས་པས་“རེད། རེད། རེད། གོ་སྐབས་ཤར་ཚེ་ལྟ་ཆོག་”ཅེས་མོས་མཐུན་བྱས། ངག་དབང་གིས་དེ་སྔའི་སྲིད་དོན་འོས་མིས་དམིགས་འབེན་གྱི་གསང་གནས་ཡག་པོ་བསྔོགས་འདོན་བྱ་ཐུབ་པ་མ་ཟད། ཁོས་རྒྱ་ནག་གི་སྐོར་ལ་བཤད་པ་དག་ཀྱང་དེ་ཙམ་ཐལ་དྲགས་མེད་པས། ངའི་བསམ་པར་ཁོ་ནི་མཉམ་འབྲེལ་གྱི་དོན་སྙིང་ཡོད་པ་ཞིག་དང་། ཁོ་ནི་རྗེས་ཕྱོགས་འབྲེལ་ལམ་ཡོངས་རྫོགས་གཅོད་མཁན་གྱི་རིགས་ཀྱང་མིན་པར་སྙམ་ཞེས་འགྲེལ་བཤད་ལྷུག་པོ་བྱས་པར། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལས་བྱེད་པ་གཉིས་པས་ངག་དབང་ལ་དང་ཐོག་དེ་ང་ལ་གཏང་ཤོག་དང་། ངས་བརྟག་དཔྱད་བྱ། ངས་བོད་མི་གཞན་པས་ཁོ་ངོ་ཤེས་མིན་ལ་ལྟ་ཞེས་ལམ་སྟོན་བྱས།༽ ཞེས་པ་འདི་རེད།

འདིའི་ནང་གསལ་བའི་འོས་མི་དེ་ཅི་ཞིག་གི་འོས་མི་ཡིན་པ་གསལ་མེད། ཁ་གསལ་པོ་བྱས་ཡོད་པ་ནི། འོས་མི་དེ་ཨ་རིའི་མི་སེར་ཡིན་སྐོར་བཀོད་ཡོད། འདིའི་ངོས་ནས་བལྟས་ན། འོས་བསྡུ་དེ་གང་གི་འོས་བསྡུ་ཡིན་པ་དང་། སྐབས་སྔ་མ་དང་རྗེས་མ་ཟེར་བ་གང་ལ་གོ་དགོས་པ་སོགས་ཨ་རིའི་ནེའུ་ཡོག་ལས་ཐག་རིང་ཞིག་ལ་འགྲོ་ས་མེད། དེ་ནི་བཀླགས་པ་ཙམ་གྱིས་གསལ་པོ་ཆགས་འགྲོ་བ་ཞིག་རེད།

ཡིན་ནའང་། བསྟན་འཛིན་ལུང་རྟོགས་ཟེར་བ་འདིས་སྤྱི་ཚོགས་ནང་འཁྲུག་ཆ་ཐེབས་ཐབས་དང་། མགོ་རྙོག་བཟོ་ཐབས། ཟིང་ཆ་སློང་ཐབས། མགོ་སྐོར་གཏོང་ཐབས་བྱེད་དོན་ནི། མཐའ་གཅིག་ཏུ་སྤེན་པ་ཚེ་རིང་གི་ཆེ་མཐོང་ལ་གནོད་པ་བཟོ་བ་དང་། འོས་ཤོག་མི་ཐོབ་པའི་ཐབས་ཤེས་བྱེད་བཞིན་པ་དེ་རེད། འདི་ནི་དཔེ་མཚོན་ཞིག་རེད། སྲིད་སྐྱོང་འོས་མི་གཞན་དང་གཞན་ལའང་ཁོས་དམའ་འབེབས་ཀྱི་ཐབས་ཤེས་བྱེད་ཀྱི་འདུག དེ་ནི་ཁོས་བཙུགས་པའི་དྲ་ཐོག་གི་ཚོགས་པ་༼སྲིད་སྤྱི ༢༠༢༡༽ ཟེར་བའི་ནང་གི་ཁོའི་འཁྲབ་སྟོན་གྱིས་གསལ་བཤད་བྱས་ཡོད།

ཁོའི་བྱ་སྤྱོད་དང་བསམ་བློ། དམིགས་ཡུལ་བཅས་ཁོས་སྤེལ་བའི་ཡི་གེ་པར་བཏབས་ནས་རྩོམ་ཡིག་གི་མཉམ་དུ་བཀོད་ཡོད་པ་ནས་གསལ་པོ་ཆགས་ཡོད་པ་འདི་ལས་ལྷག་ཐེར་འདོན་དགོས་པ་མི་འདུག མ་གཞི་སོ་སོས་སྲིད་སྤྱི་གཉིས་ཀྱི་འོས་ཤོག་དེ་སུ་ལ་འཕེན་མཁན་ཡིན་ན་དེ་ནི་སོ་སོའི་འདོད་པ་རེད། ཡིན་ནའང་། སོ་སོས་དམིགས་ཡུལ་དུ་བཟུང་བའི་འོས་མི་དེ་ཁོ་ན་རྒྱལ་ཐབས་སུ་མང་ཚོགས་ལ་མགོ་སྐོར་གཏོང་བ་དང་། བསླུ་ཐབས་བྱེད་པ། གོ་བ་ལོག་སྒྲུབ་བྱེད་པ། མི་བདེན་རྫུན་སྒྲིག་བྱེད་པ་འདི་རིགས་མ་གནང་ན་ཡག་པོ་འདུག ད་དུང་རིམ་པས་ཁོས་སྤེལ་བའི་གནས་ཚུལ་གཞན་མང་པོ་ཡང་ཐེར་འདོན་བྱེད་ཀྱི་ཡིན། ང་ཚོས་འདི་ཚོའི་གྲས་ཐེར་འདོན་བྱས་ཏེ། སྤྱི་ཚོགས་དཀྲུག་མཁན་ཚོར་གདོང་ལེན་བྱེད་དགོས་ཀྱི་འདུག

བསམ་ཚུལ།

Post navigation

Previous Post: དབུས་འོས་བསྡུ་ལས་ཁང་ནས་བཙན་བྱོལ་བོད་མིའི་འོས་བསྡུའི་ལས་རིམ་དང་འབྲེལ་བའི་གསར་འགོད་གསལ་བསྒྲགས་སྤེལ་བ།
Next Post: འདི་བཀའ་དྲིན་རྗེས་དྲན་རེད་དམ་དྲིན་ལན་ལོག་འཇལ་རེད།

Comments (12) on “ཆོ་མི་འདུག་གི་ཆོ་མེད་ལས་ཀ་ཐེར་འདོན།”

  1. དཔོན་ཕྲུག། says:
    2020-09-28 at 5:19 pm

    བསྟན་འཛིན་ལུང་རྟོགས་འམ་ཆོ་མི་འདུག་ཡང་ན་བོད་པ་ཕྱེད་ཁ། མི་འདི་བོད་རིགས་གཙང་མ་མ་ཡིན་པ་དང་ཁོ་རང་ཉིད་ལ་དགའ་རྟགས་གཏོང་མཁན་དང་ཁེ་བཟང་ཏོག་ཙམ་རག་ན་བོད་པའི་སྤྱི་ཚོགས་ཁྲག་བཞིན་དཀྲུག་དགོས་བྱུང་ན་ཡང་ཐེ་མི་ཚོམ་མཁན་ཞིག་རེད་ཟེར་བཞིན་འདུག།
    ད་དུང་སྲིད་སྤྱི་༢༠༢༡ ཟེར་བའི་ཚོགས་པ་ཞིག་བཙུག་ནས་དེའི་ནང་དུ་དོལ་རྒྱལ་རྟེན་མཁན་དང་༧གོང་ས་མཆོག་ལ་ཟུར་ཟ་དང་ཕྲག་དོག་བྱེད་མཁན་ལ་སོགས་པ་མི་སུམ་སྟོང་བརྒྱད་བརྒྱ་ལྷག་བསྡུས་ནས་ཉིན་ལྟར་ཆོལ་ཁའི་བར་ལ་དབྱེ་འབྱེད་དང་ཆོས་ལུག་གི་བར་ལ་འཐེན་ཁྱེར་མདོར་ན་ནང་འཁྲུག་གི་རྒྱུན་མི་ཆད་པར་དཀྲུག་བཞིན་ཡོད་སྐད་འདུག།

  2. ཉི་མ་རང་གྲོལ། says:
    2020-09-29 at 1:20 am

    ཆོ་མི་འདུག་ཟེར་བའི་གྲ་ལོག་འདིས་ ༢༠༡༦ ནས་བཟུང་བོད་པའི་སྤྱི་ཚོགས་དཀྲུགས་བསྡད་སོང་། མི་འདི་ལ་ཚང་མས་དོགས་ཟོན་གནང་གལ་ཆེ།

  3. རུས་རྐང་། says:
    2020-09-29 at 1:50 am

    མི་འདི་གངོས་གནས་སྤྱི་ཚོགས་དཀྲུགས་མཁན་ཞིག་རེད་འདུག

  4. གངས་བུ། says:
    2020-09-29 at 2:58 am

    ཀླད་མེད་བསྟན་འཛིན་ལུང་ལྟོགས་སམ་དྲ་མིང་ཆོད་མི་འདུག་ཟེར་མཁན་འདི་རྫོང་དཀར་ཆོས་སྡེའི་གྲྭ་ལོག་དང་དེ་སྔོན་ཧྥ་རེན་སི་ན་བསྡད་ཡོད་པ་ཞིག་རེད་འདུག གོ་ཐོས་སུ་ཁོ་ད་ལྟ་ཁེ་ན་ཌར་མག་པ་སོང་ཡོད་ཚོད་འདུག ཁོས་ག་དུས་ཡིན་ན་དྲ་ཐོག་ནས་བོད་པའི་སྤྱི་ཚོགས་དཀྲུག་ཀྱིན་འདུག མི་འདིའི་རྒྱབ་ལྗོངས་ག་རེ་ཡིན་མིན་བོད་མི་ཚང་མའི་རྩད་གཅོད་བྱེད་ཐུབ་ན་བཟང་།

  5. ལྷག་པ། says:
    2020-09-29 at 7:10 am

    ཐེར་འདོན་གནང་བ་ཐུགས་རྗེ་ཆེ། ང་ཡང་མི་ཆོ་མི་འདུག་ཅེས་པའི་མི་ངན་འདིའི་རྒྱབ་ལྗོངས་རྩད་གཅོད་པའི་སྐབས་ཡིན།

  6. ནོར་བུ་ says:
    2020-09-29 at 1:48 pm

    ཆོད་མི་འདུག་ཟེར་བ་འདིས་ང་ཚོ་དཀྲུག་གིན་འདུག གསང་མྱུལ་བ་ཡིན་ན་འདི་ལས་ལྷག་ཞིག་བྱ་རྒྱུ་མེད། ཚང་མའི་དོག་ཟོན་མཛོད།

  7. ཨ་ཕོ་ཧོར། says:
    2020-09-29 at 9:47 pm

    ཆོ་མི་འདུག་ཟེར་འདི་སྔོན་མ་ཞིག་ལ་དོལ་ཕྲུག་ང་བླ་མ་ཟེར་ཞིག་ཡོད་དེ་དང་གནས་སྟངས་འདྲ་བོ་རེད། ཁོའི་ཕ་ཕྱོགས་ཀྱི་ཁྲག་རྒྱུན་ནེ་པ་ལི་ཡི་ཀོ་ལི་ཞིག་རེད། ཁོའི་ཨ་མ་ཨ་རིའི
    རླུང་འཕྲིན་ཁང་གི་ལས་བྱེད་ནོར་བུ་བསམ་འཕེལ་ཟེར་བ་དེའི་སྲིང་མོ་རེད།

  8. གཙན་ནག་པ། says:
    2020-09-30 at 12:12 am

    ཆོ་མིན་འདུག་གིས་ཆོ་མེད་ལས་ཀ་བྱེད།།
    ཆོ་མེད་ཞིག་གིས་ཆོ་མེད་རྒྱབ་ལྗོངས་སྔོགས།།
    ཆོ་མེད་ལས་ལ་མགོ་བོ་མ་འཁོར་བར།
    ཆོ་ཡོད་བོད་ཀྱི་རྩ་དོན་སྒྲུབ་ལ་རེམས།

  9. ཚེ་རིང་རྡོ་རྗེ། says:
    2020-09-30 at 1:33 pm

    ཆོ་མི་འདུག་ཟེར་བ་འདི་ལ་ང་ཧ་ཅང་གསལ་ཆ་ཡོད། ཉིན་ཤས་རྗེས་མི་ངན་འདིའི་ངན་འཚང་དང་སྐྱུག་བྲོ་བའི་བྱ་སྤྱོད་དག་དམར་རྗེན་དུ་ཕུད་ངེས་ཡིན། མི་འདི་ལ་དངུལ་སྤྲད་ན་གང་ཡིན་ཡང་བྱེད་མཁན་ཞིག་ཡིན། ཁོས་གཞན་ལ་དངུལ་འབུམ་མང་པོ་གཡར་ནས་སྤུན་མཆེད་དག་ཕྱི་རྒྱལ་ལ་བཏངས་རྐྱེན་ཀྱིས་ཁོ་བུ་ལོན་ལ་ནང་དུ་ལྷུང་ཡོད་པས་འདྲ་མི་འདྲ་བཅོ་བརྒྱད་བཤད་ནས་དངུལ་འཚོལ་བཞིན་ཡོད། མི་འདི་བོད་མི་རིགས་ལ་ཤ་ཞེན་ཏིག་འབྲུ་ཙམ་མེད། ཐ་ན་མི་འདི་ལ་རང་དབང་ལག་དེབ་ཡང་ཡོད་བ་མ་རེད།

  10. པ་སངས་ཚེ་རིང་། says:
    2020-09-30 at 5:03 pm

    ཆོ་མི་འདུག་གི་སྐོར་ལ་ཚང་མས་ཐུགས་སྣང་ཡག་པོ་གནང་རོགས།

  11. གསེར་ཞུན། says:
    2020-10-01 at 6:19 am

    ཆོ་མི་འདུག་ཟེར་བའི་མི་འདི། ཕ་རན་སི་གསང་བའི་ལས་ཁུངས་ལ་རྩིས་སྤྲོད་དགོས་པ་རེད། དེ་ཕ་རན་སིར་ཡོད་མཁན་བོད་རིགས་ཚོས་འགན་ཁྱེར་དགོས་པ་རེད།

  12. པ་སངས་ཚེ་རིང་། says:
    2020-10-01 at 4:55 pm

    ཆོ་མི་འདུག་ཟེར་པ་ཁོའི་མིང་ལ་བསྟན་འཛིན་ལུང་རྟོགས་ཟེར། སྡོད་གནས་ཧྥ་རན་སི། དེ་སྔོན་རྒྱ་གར་ལྷོ་ཕྱོགས་རྫོང་དཀར་ཆོས་སྡེ་དགོན་པར་འཛུལ་ཞུགས་བྱས་མྱོང་འདུག སྐབས་དེར་བཤད་སྲོལ་ལ། ཁོ་བ་་དོལ་རྒྱལ་དང་འབྲེལ་བ་ཡོད་པའི་ཉེར་ལེན་ལ་བརྟེན་ནས་དགོན་པར་འདུག་མ་ཐུབ་པའི་གནས་ཚུལ་གྱི་གླེང་ཕྱོགས་ཤིག་ཀྱང་འདུག ཕྱིས་སུ་ཧྥ་རན་སི་ལ་ཡོང་ནས་སྐྱབས་བཅོལ་ཞུས་འདུག མིག་སྔར་ང་ཚོས་ཤེས་རྟོགས་ལ་ད་བར་དུ་ཁོས་བོད་དོན་ཁ་ལ་ཁྱེར་ནས་ཆོལ་གསུམ་སྤྱི་ཚོགས་ནང་དཀྲུགས་ཤིང་རྒྱབ་དང་རྒྱག་བཞིན་པ་རེད། ཁོས་ཅི་ཙམ་བཤད་ཀྱང་དོན་དངོས་སུ་རང་ངོས་ནས་དཔྱ་ཁྲལ་ལག་དེབ་ལྗང་ཁུའི་ནང་ཁྲལ་མཇལ་བ་ཡང་མཐོང་རྒྱུ་མེད། བོད་པ་ཚང་མས་གཟབ་གཟབ་གནང་རོགས། གང་ན་མི་མཐུན་པའི་ཕྱོགས་ཕྲན་བུ་ཞིག་ཡོད་ན་དེའི་བར་དུ་མཛུལ་ནས་དཀྲུག་ཤིང་བསླང་པ་ཉུང་ཉུང་མིན། དཔེ་མཚོན་ནི། ཉེ་བའི་ཆར། བློ་སངས་དང་སྤེན་ཚེ་གཉིས་ཀྱི་གནད་དོན་སྐབས་ཕྱོགས་གཅིག་ལ་རྒྱབ་བསྐྱོར་ཡོད་འདོག་གིས་ཕྱོགས་གཞན་པ་དེ་ནག་པོ་བཟོ་གང་ཐུབ་ཀྱིས་བོད་མི་ནང་ཁུལ་ལ་འཆམ་མཐུན་མི་ཡོང་ཐབས་ལ་འབད་པ་བྱེད་བཞིན་པར་བལྟས་ན། འདིའི་རྒྱབ་ལྗོངས་ན་རྒྱ་ནག་གི་ཤོག་ལོ་དམར་པོས་ཆོ་ལོ་སྤྲད་བཞིན་པར་དོགས་གཞི་ཧ་ཅང་ཆེ། གནས་ཚུལ་རེ་ཟུང་གི་ཐོག་ཧྥ་རན་སིར་གནས་སྡོད་ཚོས་གཞུང་གི་བདེ་སྲུང་ཉེན་རྟོགས་ལས་ཁུངས་ལ་ཞུ་སྙན་ཕུལ་ནས་ཐོན་ཁུངས་ལ་ཞིབ་འཇུག་བྱེད་དགོས་པའི་དུས་ལ་བསླེབས་འདུག
    ཡང་གཅིག་བཤད་ན། བོང་རིགས་སྤུན་ཟླ་ཚོས་འདིའི་རིགས་ལ་ངེས་པར་དུ་ཐུགས་གཟབ་གནང་དགོས། ང་ཚོས་ཅི་ཙམ་བཤད་ཀྱང་བཙན་བྱོལ་བའི་ནང་ཁུལ་དང་། ལྷག་པར་དུ་བོད་མིའི་སྒྲིག་འཛུག་ལ་ཤ་ཚ་དང་ལར་ཞེན་ཡོད་པ་བརྒྱ་ཆ་དགུ་བཅུ་གོ་དགུ་རེད། འོན་ཀྱང་ནང་ཁུལ་ལ་འགད་རྫས་འཇོག་མཁན་རིགས་ཡོང་དུས་ཨ་མ་དང་འདྲེ་མོ་ནོར་མི་ཉན། བོད་རྒྱལ་ལོ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (70)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme