Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གསར་འགྱུར་བདེན་རྫུན་སྐོར་གླེང་བ།

Posted on 2020-09-25 By ཁ་བརྡ No Comments on གསར་འགྱུར་བདེན་རྫུན་སྐོར་གླེང་བ།

བཞག་ལྡོམ་ལྗང་ལོ།
 
སྲོལ་རྒྱུན་ལྟར་ན་དམངས་ཚོགས་ཀྱི་གསར་འགྱུར་ཡོང་ཁུངས་ནི་རླུང་འཕྲིན་ཁང་ཚད་ལྡན་དང་། གསར་ཤོག་ཚད་ལྡན། བརྙན་འཕྲིན་གསར་ཁང་ཚད་ལྡན་དག་ཡིན་ཡང། དེ་རིང་བརྡ་འཕྲིན་དུས་རབས་འདི་ལ་གྲངས་ལས་འདས་བའི་གསར་འགྱུར་སྣ་ཚོགས་ཤིག་སྐར་ཆ་རེ་ལ་ཆུ་བོའི་རྦ་རླབས་ཅི་བཞིན་མི་བུ་ཚོའི་མིག་ལམ་ལ་འཕྱོ་བཞིན་ཡོད་ལ། འཕྱོ་བཞིན་པའི་གསར་འགྱུར་དེ་རྣམས་ལས་ཁུངས་ལུང་འཁྱོལ་དཀའ་བའི་གསར་འགྱུར་དང་། ཆེད་དུ་སྤེལ་བའི་གསར་འགྱུར་རྫུན་མ། ད་དུང་བརྙན་འཕྲིན་གསར་ཁང་སོགས་ལས་བསམ་ཚུལ་དཔྱད་བརྗོད་པའི་མིང་ཐོག་ནས་རང་གི་འདོད་པའམ་ལྟ་བ་དང་མི་བཐུན་པའི་གསར་འགྱུར་དངོས་སྦ་གསང་བྱེད་པ་བཅས་ལ་བརྟེན་ནས་གྲངས་ལས་འདས་བའི་མི་དམངས་ཚོའི་མགོ་་བོ་རྨོངས་ཀྱི་ཡོད་ལ། མགོ་རྨོངས་བ་དེ་ལ་བརྟེན་ནས་སྤྱི་ཚོགས་སུ་ཉིན་དང་མཚན་བཅས་སུ་ཆག་སྒོ་སྣ་ཚོགས་སློང་གི་ཡོད། རྒྱུ་མཚན་དེ་དག་ལ་བརྟེན་ནས་མི་བུ་ཚོའི་རང་གི་དགའ་ཕྱོགས་དང་། ལྟ་བ་ལ་མཐུན་མིན་མ་ལྟོས་བར་གསར་འགྱུར་གང་ཞིག་ལ་བལྟས་ཀྱང་། རླུང་འཕྲིན་ཅི་ཞིག་ལ་ཉན་ཀྱང་རིག་པ་རྩལ་དུ་བཏོན་ཏེ། སེམས་ཁམས་མཐོ་རུ་བཏེག་དེ་གསར་འགྱུར་དེ་དག་གི་འབྱུང་རྐྱེན་དངོས་དང་རྒྱབ་ལྗོངས་ཀྱི་ལྟ་བ་དངོས་འཚོལ་དགོས། གལ་སྲིད་དེ་དག་མ་བྱས་པར་རང་གི་དགའ་ཕྱོགས་ཡོད་ཚད་གསར་འགྱུར་ཡང་དག་པ་དང་། མི་དགའ་ས་ཡོད་ཚད་གསར་འགྱུར་རྫུན་མ་རུ་རློམ་ན་རང་ཉིད་རང་གིས་ཕོངས་བ་དང་རང་ཡོད་སའི་སྤྱི་ཚོགས་ལ་རྙོག་དྲ་བསླང་བའི་རྒྱུ་ལས་མེད། དེ་ཕྱིར། འུ་ཚོས་རང་གིས་རིག་རྩལ་ལ་བརྟེན་ནས་དེ་དག་གི་བདེན་རྫུན་གང་ཡིན་ངོ་ཤེས་དགོས་ཤིང། དེ་དག་ལ་དབྱེ་ན་བདེན་པ་གཞིར་བཟུང་བ་དང་། རྫུན་ཁོ་ན་ལ་བརྟེན་པ་དང་། བདེན་རྫུན་མཉམ་བསྲེས་བྱས་བ་བཅས་རིགས་གསུམ་ཡོད་པའི། ངས་གཉིས་པ་དང་གསུམ་པའི་སྐོར་ནས་ཅུང་ཙམ་བཤད།

རྫུན་ཁོ་ན་ལ་བརྟེན་པའི་གསར་འགྱུར།
ལོ་ངོ་བཞི་ཙམ་གྱི་ཡར་སྔོན་ལ་ཨ་རི་ན་ཆབ་སྲིད་པ་ཚོས་ང་བཟང་དང་ཁྱོད་ངན། ང་རྒྱལ་དང་ཁྱེད་ཕམ་བཅས་རང་ལ་སྲིད་འཛིན་དང་དེ་མ་ཡིན་པའི་ཆབ་སྲིད་ཀྱི་རྐུབ་བཀྱག་ཐོབ་ཆེད། རང་གི་ལྟ་བ་དང་ལངས་ཕྱོགས་ས་གནས་འདྲ་མིན་ན་གཡས་བསྒྲགས་དང་གཡོན་བསྒྲགས་བྱས་ཀྱིན་ཡོད་ལ། སྐབས་རེ་ཀུན་སྤྱོད་དང་མི་མཐུན་པའི་ཚིག་ངན་ཀྱང་བཤད་རེ་བྱས་ཀྱི་ཡོད། དེ་ལ་བརྟེན་ནས་ཨ་རི་བ་ཚོའོ་སེམས་ཀྱི་ཚོར་བ་མེ་རི་ཅི་བཞིན་ཤུགས་ཀྱིས་འབར་ཀྱི་ཡོད་པས། སྐབས་འཚོལ་བ་ཚོས་མི་མང་གི་སེམས་ཚོར་དང་བསྟུན་ནས་གསར་འགྱུར་རྫུན་མ་གྲངས་ལས་འདས་བ་སྤེལ་ཀྱི་ཡོད། དེ་དག་ལས་དཔེར་མཚོན་ཡག་ཤོས་ཤིག་བཤད་ན། Pizzagate་ཞེས་བའི་འཆལ་གཏམ་ཞིག་ཆེས་ཐོག་མ་4chan་ཟེེ་བ་དེ་ནས་ Hillary Clinton་དང་གཞན་ཨ་རིའི་མང་གཙོ་ཚོགས་པ་འགས་བྱིས་པའི་ནག་ཚོང་Washington DC ན་ཡོད་པའི་Comet Ping Pong ཟ་ཁང་ནང་དུ་བྱེད་ཀྱི་ཡོད་སྐོར་བསྒྲགས་སོང་ཤིང། རྫུན་གཏམ་དེ་ལ་དགའ་མཁན་ཚོས་སྤྱི་ཚོགས་འབྲེལ་མཐུན་དྲྭ་བ་འདྲ་མིན་ལས་ས་ཡ་མང་པོ་ཡར་བསྐུར་དང་མར་བསྐུར་བྱས་འབྲས་སུ། North Carolina་ནས་ཡིན་པའི་ལོ་ན་༢༨ དང་མིང་ལ་Edgar Maddison Welch,ཟེར་བ་ཞིག་གིས་སེམས་ཀྱི་ཚོར་བ་འགོ་གནན་མ་ཐུབ་པར་ཟ་ཁང་དེར་སོང་ནས་མེ་མདའ་བརྒྱབས་པ་དང་། དེའི་བྱས་འབྲས་སུ་རང་ཉིད་བརྩོན་ཁང་དུ་འགྲོ་དགོས་བྱུང་བ་རེད།

གསར་འགྱུར་བདེན་རྫུན་མཉམ་སྲེས།
སྐབས་རེ་གསར་འགྱུར་ཁང་རེ་འགའ་དང་ཆབ་སྲིད་པ་རེ་འགས་དམིགས་ཡུལ་ངེས་ཅན་ཞིག་བཟུང་ནས་ཆེད་དུ་ཉིན་རེ་གསར་འགྱུར་དང་བསྟུན་ནས་དངོས་ཡོད་མ་ཡིན་པའི་གསར་འགྱུར་རྫུན་མ་བཤད་དེ་མང་ཚོགས་འགོ་འཐོམ་དུ་འཇུག་གི་ཡོད། དཔེར་ན། ད་ལོ་ཨ་རིའི་མངའ་སྡེ་ཡོད་ཚད་ནས་མི་རིགས་དབྱེ་འབྱེད་དང་ཨ་རིའི་བྲན་གཡོག་ལམ་ལུགས་སྐབས་སུ་ཆེས་མཐོའི་བྲན་བདག་སྐུ་འདྲ་གང་མང་ཞིག་གཞུང་གི་ས་ཐོག་ན་ཡོད་པའི། མི་མང་གིས་དེ་དག་ལ་ངོ་རྒོལ་དང་རེ་འགའ་སྟོར་བཅོམ་ཡང་བྱས་བ་བརྟེན། དེ་ལ་མི་འགའ་མཁན་ཚོས་དེ་སྐོར་ནས་གསར་འགྱུར་རྫུན་མའམ་ཕྱེད་རྫུན་མ་སྣ་ཚོགས་ཤིག་སྤྱི་ཚོགས་སུ་སྤེལ་སོང་། དཔེར་ན། ངོ་དེབ་བེད་སྤྱོད་བྱེད་མཁན་བོད་པ་ཞིག་གིས(International Business Times)ཟེར་བའི་གསར་ཁང་གིས་མི་རིགས་ནག་པོ་དང་དེའི་ལས་དབང་ལ་སེམས་ཁུར་ཡོད་མཁན་ཚོས་ཨ་རིའི་ལོ་རྒྱུས་ལྡན་པའི་མང་གཙོའི་མཚོན་དོན་འདྲ་སྐུ་དག་སྟོར་ཡང་Seattle WA ན་ཡོད་པའི་དམར་ཕྱོགས་པ་ལེ་ཉིན་གྱི་Lenin)སྐུ་འདྲ་བདེ་ཐང་ངང་བཞག་འདུག གལ་སྲིད་དེ་ཚོའི་ལག་དུ་དབང་ཆ་ཤོར་ན་ཨ་རི་བ་མང་གཙོ་ལས་སྤྱི་ཚོགས་རིང་ལུགས་དང་དམར་ཕྱོགས་ལམ་ལུགས་སུ་ཁྲིད་ཀྱི་རེད་ཟེར་བའི་གསར་འགྱུར་དེ་བདེན་པར་འདོད་དེ་མི་ནག་ཚོར་བོད་ཡིག་ལམ་ནས་སྐྱོན་བརྗོད་བྱས་སོང་ལ། ཁོའི་ངོ་དེབ་རྗེས་འཇུག་བ་གང་མང་ཞིག་གིས་ཞིབ་དཔྱོད་གང་ཡང་མེད་པར་ཚིག་མཛོད་ནང་གི་ཚིག་ངན་ཡོད་ཚད་བཤད་སོང་། ཞིབ་དུ་མ་དཔྱད་ན་གསར་འགྱུར་དེ་བདེན་པ་ལྟ་བུ་ཡིན། རྒྱུ་མཚན་ནི། ངོ་རྒོལ་བ་ཚོས་སྐུ་འདྲ་སྟོར་ཡང་དམར་ཕྱོགས་པ་ལེ་ཉིན་གྱི་སྐུ་འདྲ་མ་སྟོར་བ་བདེན་པ་ཡིན། འོན་ཀྱང་དེའི་སྐོར་ཞིབ་དཔྱད་བྱས་ན་གསར་འགྱུར་དེ་ནི་དོན་དངོས་དང་ནམ་ཡང་མི་མཐུན། རྒྱུ་མཚན་ནི། ༡༽མི་ནག་པ་དང་ཁོའི་ཚོས་རྒྱབ་སྐྱོར་བ་ཚོས་མི་མང་གིས་འོས་འཕེན་ཞིང་དཔྱ་ཁྲལ་སྤྲད་པའི་གཞུང་ནི། མི་མང་གི་མངོན་འདོད་སྒྲུབ་མཁན་ཡིན་པ་ལས་རིགས་རུས་དབྱེ་འབྱེད་དང་། འདས་ཟིན་པའི་བྲན་བདག་རྣམས་ཀྱི་ལྟ་བའི་ཚབ་མཚོན་མིན་པས་སྐུ་འདྲ་དེ་རྣམས་ལོ་རྒྱུས་ཀྱི་འགྲེམ་སྟོན་ཁང་ཞིག་ལ་བསྐྱལ་དགོས་ཟེར་བ་དེ་ཡིན། ༢༽ ཨ་རི་ན་ཡོད་པའི་ལེ་ཉིན་འདྲ་སྐུ་མི་སྟོར་བའི་སྐོར་ཤེས་དགོས་ན་དེའི་ལོ་རྒྱུས་རགས་ཙམ་ཤེས་དགོས་པའི། དང་བོ་ཨ་རིའི་ས་གནས་ཨེསིཁའ་Issaquah དབྱིན་ཡིག་དགེ་རྒན་Carpenter་ཟེར་བ་ཞིག་གིས Slovakia ནས་སྐུ་འདྲ་དེ་ཉོས་བ་ཡིན་ཞིང་། ཁོས་བསམ་པར་སྐུ་འདྲ་དེ་རང་ཉིད་ཡོད་སའི་གནས་དེ་ནས་(Slovak restaurant) ཟ་ཁང་ཞིག་སྒོ་ཕྱེ་སྟེ་མདུན་དུ་རི་མོའི་སྒྱུ་རྩལ་གྱི་ཚུལ་དུ་འཇོག་འདོད་ཀྱང་། ས་གནས་མང་ཚོགས་ཀྱི་ངོས་ལེན་མ་བྱས་ཤིང་མཐའ་མ་ཁོ་ཤི་འདུག དེ་རིང་འདས་བོ་དེའི་ནང་མིས་ལེ་ཉིན་སྐུ་འདྲ་ཉོ་མཁན་འུ་རོགས་ལྟ་བཞིན་ཡོད་འདུག དེའི་ཕྱིར་ལེ་ཉིན་འདྲ་སྐུ་དེ་ནི་ཁྱིམ་ཚང་སྒེར་བ་ཞིག་ལ་བདག་པ་ལས་མི་མང་དང་གཞུང་གཉིས་ཀྱི་མཚོན་དོན་མ་རེད་ལ། དེ་བས་མི་མང་ངོ་རྒོལ་བའི་དམིགས་ཡུལ་ནི་མི་རིགས་དབྱེ་འབྱེད་དང་བྲད་གཡོག་ལམ་ལུགས་ཡིན་པ་ལས་དམར་ཕྱོགས་པའི་ལྟ་བ་ལ་དགའ་ཞེན་ནམ། ལེ་ཉིན་ལ་གུས་ཞབས་བྱས་བ་མིན་པས་གསར་འགྱུར་དེ་རིགས་ནི་རྫུན་མ་ཡིན་ལ་མི་མང་གིས་ཧ་ཅང་གཟབ་གཟབ་བྱ་དགོས་བའི་རིགས་ཡིན།

མཐའ་མ་འུ་ཚོའི་བཙན་བྱོལ་སྤྱི་ཚོགས་འདི་ཆུང་ཆུང་ཡིན་མིན་ལ་ལྟོས་བར་སྤྱི་ཚོགས་ཤིག་ཡིན་པས། རང་རང་དང་མཚམས་པའི་༢༠༢༡་ལོའི་སྲིད་སྐྱོང་དང་སྤྱི་འཐུས་སྐོར་ལ་ཚ་ཚ་འུར་འུར་གྱིས་སྤྱི་ཚོགས་འབྲེལ་མཐུན་སྣ་ཚོགས་ན། རང་ཉིད་དགའ་སར་བསྟོད་པ་དང་མི་དགའ་སའི་ཉེས་བ་བརྗོད་ཀྱི་ཡོད་པ་བརྟེན། འུ་ཚོའི་གསར་འགོད་པ་ཚོས་འགན་དང་དུ་ལེན་དེ་ཡིད་བརྟན་འཕེར་བ་དང་། ཕྱོགས་ལྷུང་མེད་པ་དང་། གསར་འགྱུར་ཆ་ཚང་བ་ཞིག་མི་མང་གི་མིག་ལམ་དུ་སྟོན་ཅི་ཐུབ་བྱ་དགོས་ལ། ལྷག་པར་གསར་འགོད་པའི་ལས་འགན་ནི་གཞུང་དང་མི་མང་བར་གྱི་དོན་དངོས་བསམ་བློའི་ཟམ་པ་དང་། བདེན་རྫུན་དབྱེ་བ་ཕྱེ་བའི་སྨྱུག་ཐོགས་བ་ཞིག་ཡིན་དགོས་བ་ལས་གཞུང་ཞབས་པ་ཚོའི་སྐད་སྐུར་མར་སྤྱི་ཚོགས་སུ་སྐྱེལ་ནི་མ་ཡིན་ལ། དེ་བས་སྐད་རིགས་གཞན་པའི་གསར་འགྱུར་བོད་དང་འབྲེལ་བ་ཡོད་ཚད་བདེན་པ་ཡིན་དཀའ་བའི། དེའི་སྐོར་རང་ཉིད་ལ་ཚད་ལྡན་ཡིན་པའི་ར་སྤྲོད་ཆ་ཚང་བ་མེད་ན་ཚད་ལྡན་ཡིན་མདོག་གིས་སྤེལ་མ་ཡོང་ན་བཟང་ངོ། །

བསམ་ཚུལ།

Post navigation

Previous Post: ཁུ་བ་ལག་འབྱིན། (ལག་གཡེམ།)
Next Post: བདུད་ཀྱི་ཆོ་འཕྲུལ་འོག་གི་ཚེ་སྲོག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme