Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

འབྲོང་ཆུང་ཡིན།

Posted on 2020-09-17 By ཁ་བརྡ 4 Comments on འབྲོང་ཆུང་ཡིན།

ཨཱཙཱརྱ་ཨག་ལོ།

རང་གི་རིགས་ལ་ཞེན་པ་དཀར་བ་འབྲོང་ཆུང་ཡིན། །
ལྷག་བསམ་གཙང་མའི་རི་རབ་རྩེག་མཁན་འབྲོང་ཆུང་ཡིན། །
གཞན་ཕན་ཁུར་གྱི་དཀའ་སྡུག་ཐེག་མཁན་འབྲོང་ཆུང་ཡིན། །
ཉེར་གཅིག་སྲིད་སྐྱོང་འོས་མི་འཚམ་ཤོས་འབྲོང་ཆུང་ཡིན། །

ཞི་དུལ་ག་ཤལ་རྒྱན་དུ་སྤྲས་པ་འབྲོང་ཆུང་ཡིན། །
བབ་ལྷིང་བརྟན་གསུམ་གཙུག་ཏུ་བཀུར་མཁན་འབྲོང་ཆུང་ཡིན། །
འཇམ་རྩུབ་མདའ་མོའི་སྟངས་འཛིན་ཤེས་མཁན་འབྲོང་ཆུང་ཡིན། །
ཉེར་གཅིག་སྲིད་སྐྱོང་འོས་མི་རན་ཤོས་འབྲོང་ཆུང་ཡིན། །

ཕོད་པ་གསུམ་ལྡན་གཤིས་སུ་འཇགས་པ་འབྲོང་ཆུང་ཡིན། །
རྣམ་དཔྱོད་སྤུ་གྲི་རྣོ་དབལ་ལངས་པ་འབྲོང་ཆུང་ཡིན། །
ཞུམ་མེད་སྙིང་སྟོབས་ཀ་བར་སྒྲེང་པ་འབྲོང་ཆུང་ཡིན། །
ཉེར་གཅིག་སྲིད་སྐྱོང་འོས་མི་འོས་ཤོས་འབྲོང་ཆུང་ཡིན། །

སྲོལ་རྒྱུན་རིག་པའི་དྲི་བཟང་འཐུལ་ས་འབྲོང་ཆུང་ཡིན། །
དེང་རབས་ཤེས་བྱའི་གོ་ལག་རྒྱས་པ་འབྲོང་ཆུང་ཡིན། །
གནའ་དེང་རིག་པའི་ཉི་ཟླ་འཆར་བ་འབྲོང་ཆུང་ཡིན། །
ཉེར་གཅིག་སྲིད་སྐྱོང་འོས་མིར་བཏུབ་པ་འབྲོང་ཆུང་ཡིན། །

ཡ་རབས་སྲོལ་བཟང་ཆས་སུ་བཀླུབས་པ་འབྲོང་ཆུང་ཡིན། །
དུས་རབས་ཤིག་གི་རྗེས་སྙེག་ཐུབ་མཁན་འབྲོང་ཆུང་ཡིན། །
མཛའ་མཐུན་གསང་ཐག་འཐེན་ལ་མཁས་པ་འབྲོང་ཆུང་ཡིན། །
ཉེར་གཅིག་སྲིད་སྐྱོང་འོས་མིར་ནུས་པ་འབྲོང་ཆུང་ཡིན། །

གོང་མར་བཀུར་སྟིའི་མཆོད་པ་འབུལ་མཁན་འབྲོང་ཆུང་ཡིན། །
མཉམ་ལ་མཛའ་མཐུན་ལག་རྡང་སྦྲེལ་མཁན་འབྲོང་ཆུང་ཡིན། །
དམན་ལ་བྱམས་པའི་གཟིགས་པ་ཡངས་པ་འབྲོང་ཆུང་ཡིན། །
ཉེར་གཅིག་སྲིད་སྐྱོང་འོས་མིར་ལྕོགས་པ་འབྲོང་ཆུང་ཡིན། །

ཡིད་བཞིན་ནོར་བུའི་སྲུང་མི་ཐུ་བོ་འབྲོང་ཆུང་ཡིན། །
གཞིས་བྱེས་གཉིས་ཀྱི་འབྲེལ་བའི་གསེར་ཟམ་འབྲོང་ཆུང་ཡིན། །
དམར་པོ་གུང་ཁྲན་བླ་སྲོག་འདར་ས་འབྲོང་ཆུང་ཡིན། །
ཉེར་གཅིག་སྲིད་སྐྱོང་འོས་མི་ཐུབ་པ་འབྲོང་ཆུང་ཡིན། །

མི་ལོ་བཞི་བཅུའི་མྱོང་བའི་རྒད་པོ་འབྲོང་ཆུང་ཡིན། །
བྱས་པ་ཅན་གྱི་དཔག་བསམ་ལྗོན་པ་འབྲོང་ཆུང་ཡིན། །
བླ་མའི་སྤྱན་དུ་གཟིགས་པ་བདེ་ཤོས་འབྲོང་ཆུང་ཡིན། །
ཉེར་གཅིག་སྲིད་སྐྱོང་འོས་མི་ལེགས་ཤོས་འབྲོང་ཆུང་ཡིན། །

གཞིས་བྱེས་རེ་བའི་ས་བོན་འཛུགས་ས་འབྲོང་ཆུང་ཡིན། །
གཞུང་ཞབས་རྣམས་ཀྱི་ཡིད་ཆེས་རྩ་བ་འབྲོང་ཆུང་ཡིན། །
ཆོལ་གསུམ་སྤུན་ཟླའི་མཐེ་བོང་སྒྲེང་ས་འབྲོང་ཆུང་ཡིན། །
ཉེར་གཅིག་སྲིད་སྐྱོང་འོས་མི་བཟང་ཤོས་འབྲོང་ཆུང་ཡིན། །

རྒྱ་བོད་གནས་ཚུལ་གཏིང་མཐའ་དཔོག་མཁན་འབྲོང་ཆུང་ཡིན། །
དཔོན་གྱི་ཁྲི་རུ་དམ་ཚིག་གཙང་ཤོས་འབྲོང་ཆུང་ཡིན། །
དམ་ཆོས་གཙང་མར་རྗེས་འཛིན་བྱེད་མཁན་འབྲོང་ཆུང་ཡིན། །
ཉེར་གཅིག་སྲིད་སྐྱོང་འོས་མི་ཡག་ཤོས་འབྲོང་ཆུང་ཡིན། །

རང་དོན་རི་བོ་རྒྱབ་ཏུ་སྐྱུར་མཁན་འབྲོང་ཆུང་ཡིན། །
གཞན་དོན་ཕྲ་མོ་པང་དུ་ལེན་མཁན་འབྲོང་ཆུང་ཡིན། །
མཛད་པ་ཀུན་ལ་བསྔགས་པ་ཐོབ་མཁན་འབྲོང་ཆུང་ཡིན། །
ཐེག་པ་རིམ་གྱིས་ཁྲི་ལ་འཛེགས་མཁན་འབྲོང་ཆུང་ཡིན། །
ཉེར་གཅིག་སྲིད་སྐྱོང་འོས་མི་ཡང་དག་འབྲོང་ཆུང་ཡིན། །

དྲང་བདེན་རྒྱ་མའི་ཚངས་ཐིག་ལང་མཁན་འབྲོང་ཆུང་ཡིན། །
རྫུན་ཟོག་དྲི་མ་དྲུངས་ནས་སྤོང་མཁན་འབྲོང་ཆུང་ཡིན། །
གཞུང་ཞབས་གཞོན་པའི་ལམ་སྟོན་དམིགས་བུ་འབྲོང་ཆུང་ཡིན། །
མདའ་ཤོང་མདུང་ཤོང་ཕོ་རབ་དཀྱེལ་ཡངས་འབྲོང་ཆུང་ཡིན། །
ཉེར་གཅིག་སྲིད་སྐྱོང་འོས་མི་ལེན་ཤོས་འབྲོང་ཆུང་ཡིན།། །།

2020/9/15ཉིན་ཨཱཙཱརྱ་ཨག་ལོ་ཡིས།
མངྒལཾ། །

སྙན་ངག

Post navigation

Previous Post: དམག་དོན་མི་ཤེས་བའི་དམག་སྤྱི་ཆེན་མོ།
Next Post: ༼བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལགས་མ་འོངས་པའི་སྲིད་སྐྱོང་དུ་འོས་སམ།༽ ཞེས་པའི་རྩོམ་ཡིག་བཀླགས་བྱང་།

Comments (4) on “འབྲོང་ཆུང་ཡིན།”

  1. གཞུང་པ་ཚེ་དབང་བསིད་ནམས་ says:
    2020-09-17 at 8:43 pm

    བསྟོད་རྒྱུ་སྔ་མི་ཉན་ལ་སྨད་རྒྱུ་ཕྱི་མི་ཉན།
    བསྟོད་སྨད་གཉིས་ཀྱི་ས་མཚམས་ན།
    འགྱུར་ལྡོག་མང་པོ་མཐོང་ཡོང་ངོ།
    བབས་ལྷིངས་བརྟན་གསུམ་གལ་ཆེར་མངོན།

  2. ཀརྡོ་རབ་འབྱམས་པ་ says:
    2020-09-18 at 12:03 am

    འབྲོང་ཆུང་མཆོག་ནི།
    འགན་འཁུར་མ་ཐེག་བྲོས་མཁན་འབྲོང་ཆུང་རེད། །
    བཀའ་ཤག་རྒྱབ་གཏད་དགོངས་ཞུ་འབྲོང་ཆུང་རེད། །
    གཞིས་བྱེས་གཉིས་ཀྱི་སྐུ་སྲུང་འབྲོང་ཆུང་རེད། །
    ཉེར་གཅིག་སྲིད་སྐྱོང་འོས་མིན་ངས་མི་ཤེས། །

  3. ཀརྡོ་རབ་འབྱམས་པ་ says:
    2020-09-18 at 12:07 am

    སྤེན་ཚེ་ལགས་ནི།
    ་
    ལས་བྱེད་རིམ་འཛེགས་རྒན་གྲས་སྤེན་ཚེ་རེད། །
    སྐྱེས་ཕོ་མདའ་གྲི་མདུང་གསུམ་ཤོང་མཁན་རེད། །
    ཁྲིམས་རྩོད་རྒྱལ་རྔ་གསར་པ་རྡུང་མཁན་རེད། །
    ཉེར་གཅིག་སྲིད་སྐྱོང་ཁོང་ལྷག་འོས་མཁན་སུ། །
    ་
    ཀརྡོས།

  4. བོད་ཡིག་སྐྱབས། says:
    2020-09-19 at 6:01 am

    སྙན་ངག་པའི་བསྟོད་བསྔགས་ལ་ས་མཚམས་མེད་ན་ཡང་ས་བོན་ཞིག་ཅིས་ཀྱང་ཡོད་ངེས། སྙན་ངག་འདིར་ས་བོན་འཛོམས་པོ་ཞིག་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme