Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དམག་དོན་མི་ཤེས་བའི་དམག་སྤྱི་ཆེན་མོ།

Posted on 2020-09-17 By ཁ་བརྡ 1 Comment on དམག་དོན་མི་ཤེས་བའི་དམག་སྤྱི་ཆེན་མོ།

བཞག་ལྡོམ་ལྗང་ལོ།
 
འཇིག་རྟེན་འདིའི་སྟེང་དུ་འགྲོ་བ་མི་ཆགས་ཚུལ་ལ་མི་རིགས་སོ་སོས་བཤད་ཚུལ་རེ་ཡོད་པ་དང་། བཤད་ཚུལ་དེའང་མི་རིགས་རང་གི་ཕ་མེས་ཡང་མེས་ཚོས་རང་ཉིད་གནས་སའི་འཇིག་རྟེན་ངོས་འཛིན་ཚུལ་ལམ་འཁོར་ཡུག་ལ་འཁྲེང་སེམས་དང་། འཁོར་ཡུག་དེ་ལ་བརྟེན་ནས་འཚོ་བ་སྐྱེལ་ཚུལ་རྣམས་ངག་སྒྲུང་གི་ལམ་ནས་ཁོ་ཚོའི་བུ་རབས་ཚ་རྒྱུད་དག་ལ་བཤད་ཀྱི་ཡོད་པ་རེད། ངག་སྒྲུང་དེ་དག་ནི་ཚན་རིག་དང་མཐུན་མིན་ལ་མ་ལྟོས་བར་ས་གནས་དེའི་ཆེས་ཐོག་མའི་རིག་གནས་ཀྱི་འགོ་ཁུངས་ཡིན་པ་ནི་སྨྲ་མ་དགོས་བ་ཞིག་སྟེ། རིམ་བཞིན་མིའི་རྣམ་དཔྱོད་ཡར་རྒྱས་འགྲོ་བ་ལ་བརྟེན་ནས་རིག་གནས་དེ་ཡང་ཡར་རྒྱས་སུ་ཕྱིན་ཏེ་འགྲོ་བ་མི་རང་གི་ཕྱིའི་དངོས་པོ་དཔལ་ཡོན་དང་། ནང་སེམས་ལ་བདེ་བ་ཕུན་སུམ་ཚོགས་པ་སྤྲོད་ཀྱི་ཡོད་པ་རེད།

དེའི་ཕྱིར། མི་རིགས་སོ་སོས་རང་གི་ཕ་གཞིས་དེ་དང་། རིག་གནས་སམ་རིག་གཞུང་དེ་དང་། ད་དུང་རང་ཉིད་བཅས་སྲུང་སྐྱོབས་ཆེད་དུ་རྒྱལ་བོའི་ལམ་ལུགས་ནས་དེང་གི་བརྡ་འཕྲིན་དུས་རབས་རྒྱལ་ཁབ་ཀྱི་བར་དུ་དམག་མི་གསོ་སྐྱོང་བྱེད་ཅིང། དམག་མི་ཚོ་ལ་ཆེད་དུ་གཡུལ་འགྱེད་སྦྱོང་བརྡར་སྤྲོད་ཀྱི་ཡོད་ལ། གཡུལ་འཁྲུག་སྐབས་སུ་དམག་མི་སྙིང་སྟོབས་ཅན་ཚོ་ལ་དཔའ་རྟགས་དང་། གཡུལ་ས་ནས་ཤི་ཟིན་པའི་དམག་མི་ཚོ་ལ་ལོ་ལྟར་གུས་ཞབས་བྱེད་ཀྱི་ཡོད་པ་རེད། དེར་རྟེན་རྒྱལ་ཁབ་སོ་སོས་རང་གི་དམག་མི་ཚོ་ལ་དཔའ་བོ་ཞེས་བསྔགས་བརྗོད་དང་། ལྷག་པར་དུ་དམག་དཔོན་དང་དམག་མིའི་བར་ལ་འགྱུར་བ་མེད་པའི་ཡིད་ཆས་བརྟན་པོ་ཡོད་པས། གལ་སྲིད་གཡུལ་ས་ནས་རང་གི་དམག་ཕམ་པའི་དབང་དུ་བཏང་ཡང། དམག་དཔོན་ཀྱིས་ནམ་ཡང་ཞབས་འདྲེན་དང་སྙིང་མེད་པ་བཅས་འབོད་པའི་གོམས་གཤིས་ཡོད་པ་མ་རེད། དཔེར་ན། ཨ་རི་ལ་མཚོན་ན་སྲིད་འཛིན་ནི་དམག་མི་ཡོངས་ཀྱི་གནས་ཁྲིད་མཁན་ཡིན་པས་ལོ་ལྟར་ཤི་ཟིན་པའི་དམག་མིའི་དུར་ས་སོང་ནས་མྱ་ངན་དང་གུས་འདུད། ད་དུང་ཤི་ཟིན་པའི་དམག་མི་ཚོའི་སྙིང་སྟོབས་ལ་བསྟོད་བསྔགས་དང་། དམག་མི་ཡོན་ཏན་བརྗོད་ཀྱི་ཡོད་པ་ནི་གོམས་གཤིས་ཤིག་ཏུ་གྱུར་ཡོད། གོམས་ཤེས་དེ་རྒྱུད་ནས་ཨ་རིའི་སྲིད་འཛིན་དང་བོ་ནས་Trump བར་དུ་སྲིད་འཛིན་༤༥སོང་པ་རེད།

ཡིན་ཡང། སྲིད་འཛིན་Trump་གྱི་སྐབས་འདི་ལ་དམག་དང་སྲིད་འཛིན་བར་གྱི་འབྲེལ་བའི་སྐོར་ལ་དེ་རིང་གི་(COVID-19)ནད་ཡམས་བཞིན་བཤད་ཚུལ་སྣ་ཚོགས་ཤིག་སྤྱི་ཚོགས་དང་། བསམ་ཚུལ་སྣ་ཚོགས་ཤིག་གང་སར་ཁྱབ་འགོ་ཚུགས་སོང་། དཔེར་ན། སྤྱི་ལོ་༢༠༡༥ ལོར་ཨ་རིའི་སྲིད་འཛིན་འགྲན་རྩོད་སྐབས། ཋམ་གྱིས་ཨ་རིའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་གོང་མའི་Senator John McCain ལ་དཔའ་བོ་”He’s not a war hero,” མིན་རབས་སོགས་སྐྱོན་བརྗོད་བྱས་མ་ཟད། ༢༠༡༨ ལོ་ Senater McCain འདས་རྗེས་མུ་ཐུད་སྐྱོན་བརྗོད་བྱས་སོང་། ཡང་ལོ་དེའི་ནང་(སྤྱི་ལོ་༢༠༡༨ ) ཁོ་France་ལ་འགྲོ་སྐབས་གྲོང་ཁྱེར་Paris་དང་ཧ་ཅང་ཐག་ཉེ་བའི་དམག་ཆེན་དང་པོའི་སྐབས་ཨ་རིའི་དམག་མི་གྲོངས་བའི་དུར་ས་Aisne-Marne American Cemetery་ལ་ཁོས་གཡོ་སྒྱུ་འདྲ་མིན་བྱས་ནས་གུས་ཞབས་བྱེད་དུ་མ་སོང་བ་བརྟེན། ཆབ་སྲིད་པ་དང་། ཚོང་བ། ད་དུང་མི་མང་གྲངས་ལས་འདས་བ་ཞིག་གིས་ཁོ་ལ་རྒྱལ་ཞེན་ཡོད་མེད་སོགས་དྲི་བ་འདྲ་མིན་དང་། དེའི་སྐོར་ནས་ཁོ་ལ་སྐྱོན་བརྗོད་སྣ་ཚོགས་བྱས་སོང་། སྟབས་ལེགས་པ་ཞིག་ལ་དེ་རིང་དེའི་སྐོར་གྱི་དོན་དངོས་FoxNews་གསར་འགྱིར་ཁང་ན་ཤིན་ཏུ་ནས་ཁ་གསལ་ནང་གི་དོན་གསལ་ཞིག་བཤད་ཀྱི་འདུག གསར་འགོད་པས་ཁུངས་ལྡན་གནས་ཚུལ་བཤད་དོན་ལྟར་ན་ཋམ་གྱིས་དམག་མི་འདས་བོ་ཚོར་སྙིང་མེད་པ་ “suckers” དང་། དམག་མི་དགྲ་ལག་དུ་ཤོར་བ་རྣམས་ལ་ཞབས་འདྲེན་ “fucking loser,” བཅས་བརྗོད་ནས་ང་དེ་དག་གི་དུར་སར་འགྲོ་དགོས་བའི་རྒྱུ་མཚན་གང་ཡང་མེད་ལབ་ཀྱི་འདུག་ཟེར། ངས་གཟུར་གནས་སྤྱོད་ལྡན་པ་ཚོའི་མི་ལམ་ལ་YouTube་དྲ་ཚིགས་རྒྱུད་དེ་གསར་འགྱུར་དེ་འདིར་བསྐོད་ཡོད། https://youtu.be/Dh5tArUZ6Jw
རེད་དེ། དྲ་གྲོགས་ཚོ། རྒྱུ་མཚན་གང་ལ་བརྟེན་ནས་Trump དམག་ལ་མི་དགའ་བ་དང་དམག་གི་ཡོན་ཏན་མ་ཤེས་ཡིན་ནམ་ཅེས་དྲི་བ་ཞིག་བྱེད་པའི་དབང་དུ་བཏང་ན། དེའི་ལན་ནི་ལས་སླ་བོ་ཞིག་རེད། དང་པོ། ཁོ་ཆུང་དུས་རང་གི་ན་མཉམ་རྣམས་དམག་ནང་དུ་ཞུགས་ནས་གཡུལ་ཏུ་(The Korean War) འགྲོ་སྐབས། ཁོས་རྐང་ཚིག་(Bone spurs)ལ་སྐྱོན་མེད་ཀྱང་ཡོད་ཁུལ་ཀྱིས་གཡོ་སྒྱུ་འཁྲབས་ཏེ་དམག་ནང་དུ་འཛུལ་མི་འདུག གཉིས་པ། ཁོ་ལ་ཉིན་དང་མཚན་གང་ཡིན་ཡང་སྒོར་མོ་མ་གཏོགས་སེམས་ནང་ན་མེད་པ་ཡིན་པའི། ཁོས་དམག་ནང་དུ་སོང་ན་རང་ལ་ཁས་ཕན་གང་ཡང་མེད་པ་འདོད་དེ་དམག་ནང་ལ་སུ་ཞུགས་ན་དེ་ནི་བླུན་པོ་རུ་འདོད་ཀྱི་འདུག རྒྱུ་མཚན་དེ་དག་དང་བདེན་པ་དེ་དག་ལ་བརྟེན་ནས་ཁོ་ནི་རྒྱལ་ཞེན་དང་དམག་དོན་མི་ཤེས་མཁན་ཀྱི་དམག་སྤྱི་ཞིག་ཏུ་ཆགས་འདུག

བསམ་ཚུལ།

Post navigation

Previous Post: ང་ཚོའི་དམངས་གཙོའི་ལམ་ལུགས་དེ་གང་འདྲ་རེད།
Next Post: འབྲོང་ཆུང་ཡིན།

Comment (1) on “དམག་དོན་མི་ཤེས་བའི་དམག་སྤྱི་ཆེན་མོ།”

  1. བཞག་ལྡོམ་ལྗང་ལོ་། says:
    2020-09-18 at 6:01 pm

    གནམ་ལ་སྐད་བསྐུར་ཞིག་། མ་གཞི་ཁྱོད་རང་བདེན་པ་ལ་ཧ་ཅང་ཐག་རིང་བ་ཡིན་པས་ངས་ཁྱེད་ལ་དྲིས་བའི་ལན་དེ་སྔོན་ཁྱེད་ཀྱིས་རང་གིས་རང་ལ་སྙིང་ཁ་འཕར་བྱེད་ལྟ་བུ་YouTube་བརྙན་ཞིག་དྲ་སྟེང་དུ་བསྐོད་པ་ལས་ཁྱེད་ཀྱི་སྐྱབས་གནས་ཀྱི་གསུང་རབ་སྐོར་ནས་ལན་གང་ཡང་མ་ཡོང་ཐལ་། བརྙན་དེ་ཡང་བཟོ་མཁན་སུ་ཡིན་དང་དེའི་དམིགས་ཡུལ་དག་དག་གང་ཡིན་ཡང་གསལ་བོ་མི་འདུག་། གང་ལྟར་། ཁྱེད་རང་གནས་ལུགས་གཙོ་བ་ལས་ཁོང་ཁྲོ་གཙོ་བ་ཡིན་པས་གཅིག་བྱས་ན་སྙིང་ནད་འཕར་ནས་སྨན་ཁང་ལ་བུད་སོང་བ་ཡིན་ན་ཐང་། ཡང་གཅིག་བྱས་ན་ཁྱེད་ཀྱིས་་རྐུབ་ཀྱི་སྐྱག་པ་རིན་པོ་ཆེ་རེད་ཟེར་གྱི་ཡོད་ཐལ་མོད་། ཁྱོད་སྐྱག་པ་ཉར་དུ་སོང་ནས་མ་ཁོམ་ནི་ཡིན་ཀྱི་རེད་། རེད་དེ་། ཁྱེད་ཀྱི་སྐྱབས་གནས་Sarah Sanders་གྱི་གསུང་རབ་དང་མོས་དད་མོས་བྱེད་ཡུལ་ཁྱེད་མ་གཏོགས་ངའི་མི་ཚེ་དང་འབྲེལ་བ་གང་ཡང་མི་འདུག་། གཞན་མོ་ཋམ་གྱི་དྲུང་ཡིག་སྐབས་བཤད་ཟིན་པ་རྣམས་སྐྱར་བཤད་དང་ཡང་བཤད་། Trump དང་མོ་མི་དགའ་སར་སྐྱོན་བརྗོད་བྱས་བ་དག་དག་་། ད་དུང་མོས་འཇོན་སྐད་སྐྱང་སྐྱང་ལྟ་བུ་ལས་ཤེས་དགོས་བའི་ཡོན་ཏན་གང་ཡང་མི་འདུག
    ཁྱོད་སྐྱབས་གནས་Sanders་དང་Mary Trump གཉིས་ཀྱི་ཡོན་ཏན་བསྡུར་ན་Sander ས་ཡིན་ན་Mary གནམ་ལྟ་བུ་རེད་། ཡང་Mary ཡི་དེབ་གསེར་ཡིན་ཀྱི་ན་Sanders གྱི་དེབ་གཙང་ཤོག་ལྟ་བུ་རེད་། རྒྱུ་མཚན་ནི་Mary ཡི་གཞི་བདེན་པ་དང་ཉམས་མྱོང་། དངོས་ཡོད་གནས་ཚུལ་ལ་བཅོལ་ཡོད་པ་དང་Sanders གྱི་གཞི་རྫུན་དང་རྨོངས་དད་། ཕྲག་དོག་། ཁོང་ཁྲོ་། མགོ་སྐོར་བཅས་སུ་བཅོལ་ཡོད་པས་རེད་། ད་དུང་མོས་མོ་ཡོད་སའི་མངའ་སྡེ་དཔོན་པོའི་གོ་ས་(governor in Arkansas )འུ་ཐོབ་བཅས་རྨི་ལམ་ཡང་གཏོང་གི་ཡོད་ས་རེད་། ཧ་ཧ་ངོ་མ་དགོད་ཤོར་བྱེད་རང་རེ

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme